༄༅།། བརྡ་སྤྲོད་པ་ཆེན་མོ་སུམ་ཅུ་པ་ལས་རྣམ་དབྱེའི་གོ་དོན་སོགས་ལ་དཔྱད་པ།
སྤེལ་དུས།  2017-08-22  རྡེབ་ཚད།   ཡོང་ཁུངས། ཐུ་བྷོད།   རྩོམ་པ་པོ། འདན་མའི་གཞོན་རབས་པ་ཕུན་ཚོགས་བཀྲ་ཤིས་ཀྱིས་དཔྱད་རྩོམ་ཉུང་བསྡུས།   རྩོམ་སྒྲིག་པ། lobsang

ཡུལ་གངས་ཅན་པའི་བརྡ་ཡང་དག་པར་སྦྱོར་བའི་བསྟན་བཅོས་ཀྱི་བྱེ་བྲག་སུམ་ཅུ་པ་ལས་རྣམ་དབྱེའི་གོ་དོན་དང་གྲངས་ངེས་ལ་དཔྱད་པ། །                Bjy

 མཆོད་པར་བརྗོད་པ། Bjy

མཚན་དཔེའི་དཔལ་གྱི་དཀྱིལ་འཁོར་རབ་ཕྱུག་ཅིང་། །Bjy

རྣམ་དཔྱོད་རིག་པའི་ནོར་ལ་དབང་འབྱོར་བའི། །Bjy

ཁ་བ་རི་བའི་ལོ་ཙཱ་ཨ་ནུའི་བུ། །Bjy

སློབ་དཔོན་སམ་བྷོ་ཊ་ལ་གུས་ཕྱག་བགྱི། །Bjy

  བརྩམ་པ་དམ་བཅའ་བ།  Bjy

དབྱངས་གསལ་སོ་བཞིའི་ངག་འགྱུར་སྙན་མོའི་དཔལ། །Bjy

སྡེབ་སྦྱོར་ལེགས་ཚོགས་ཕྲེང་བའི་རྒྱུན་ཐག་ལས། །Bjy

ཕྲད་དང་རྣམ་དབྱེའི་ལུགས་འདི་ཕྱུང་བ་ལྟར། །Bjy

འདིར་ཡང་དེ་ཡི་ཆ་ཙམ་གླེང་བར་བྱ། །Bjy

 Bjy

 Bjy

དེ་ཡང་ཐུ་མི་སམ་བྷོ་ཊའི་ཞལ་སྔ་ནས་མཛད་པའི་བརྡ་སྤྲོད་ཀྱི་བསྟན་བཅོས་སུམ་ཅུ་པ་དང་།   རྟགས་ཀྱི་འཇུག་པ།  ཡི་གེའི་རྣམ་འགྱུར་གྱི་བཟོ་བརྩམས།    ཀ་མེད་སུམ་ཅུར་བསྒྱུར་བ།  སྡེབ་སྦྱོར་སྒྲིག་པའི་གཞི་མ།ཐུ་མིའི་མདོ་རྫིའི་སྒྲ་མདོ། སྔགས་ཀླག་ཐབས་མུན་པའི་སྒྲོན་མེ། Bjy

ཀླུ་དབང་མགུལ་རྒྱན་ཞེས་བརྒྱད་དུ་གྲགས་པ་ལས་ད་ལྟའི་དུས་འདིར་དངོས་སུ་མཇལ་དུ་ཡོད་པར་སུམ་རྟགས་ཀྱི་གཞུང་གཉིས་སུ་ཟད་དོ། །Bjy

དེ་ལས་སུམ་ཅུ་པའི་བརྗོད་བྱའི་གནད་དོན་ཕྲད་དང་རྣམ་དབྱེའི་སྦྱོར་བ་ཡིན་པས་མཚམས་འདིར་རྣམ་དབྱེའི་གོ་དོན་དང་དེའི་གྲངས་ངེས་ལ་ཅུང་ཙམ་དཔྱད་པར་བྱ་སྟེ། Bjy

དང་པོ་རྣམ་དབྱེའི་གོ་དོན་ལ་དཔྱད་པ།   Bjy

ཚེ་ཏན་ཞབས་དྲུང་གིས་བརྩམས་པའི་ཐོན་མིའི་ཞལ་ལུང་ལས། Bjy

རྣམ་དབྱེའི་གོ་དོན་ནི།   ཆོས་གང་ཡང་རུང་བ་ཞིག་གི་མིང་ཚིག་དེ་གཞན་དང་མ་འདྲེས་པར་རྣམ་པར་ཏེ་སོ་སོར་དབྱེ་ཞིང་འབྱེད་ནུས་པའི་སྒྲའི་ཆ་ཤས་སུ་གྱུར་བའི་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱ་སྟེ་ཞེས་གསུངས་པ་དང་། Bjy

དབྱངས་ཅན་དགའ་བའི་བློ་གྲོས་ཀྱིས། Bjy

ཆོས་གཉིས་མ་འདྲེས་པར་སོ་སོར་འབྱེད་པ་བྱེད་པའི་སྒྲའི་ཆ་ཤས་སམ་ཚིག་ཕྲད་ཅིག་ལ་རྣམ་དབྱེ་ཞེས་བྱའོ་གསུངས་སོ། །Bjy

དེ་ཡང་མཚན་ཉིད་འདི་གཉིས་ནི་ཚིག་གིས་བརྗོད་བྱེད་ཀྱི་ཆ་ནས་མི་འདྲ་བ་ཙམ་མ་གཏོགས་དོན་ལ་གཅིག་ལས་མ་འདས་སོ། །Bjy

རྣམ་དབྱེ་ཞེས་པ་ནི་བརྗོད་བྱ་དང་བརྗོད་བྱེད་ཀྱི་ཆ་ནས་བཞག་དགོས་པ་སེམས་ལ།  དཔེར་ན་བརྗོད་བྱེད་རྣམ་དབྱེའི་རྐྱེན་དག་གིས་བརྗོད་བྱ་རྣམ་དབྱེའི་ངོ་བོ་ཞིག་སྟོན་པ་ལྟ་བུ།     Bjy

 Bjy

དོར་ཞི་གདོང་དྲུག་སྙེམས་བློས།   Bjy

རྣམ་དབྱེ་ཞེས་པ་ནི་མིང་ནས་ཚིག་ཏུ་བསྒྲུབ་པའི་ཚེ་ཚིག་གི་ཆ་ཤས་སུ་གྱུར་པའི་མིང་སོ་སོའི་བྱེད་ལས་ཀྱི་ངོ་བོ་གཞན་དང་མ་འདྲེས་པར་གསལ་བ་ཕྱེད་ཅིང་།    ཚིག་གི་བསྟན་དོན་ངེས་པར་བྱེད་པའི་ནུས་པ་དང་ལྡན་པའི་རྐྱེན་ཁྱད་པར་ཅན་ཞིག་སྦྱོར་ཚུལ་གྱི་རྣམ་བཞག་ཅིག་རེད་ཅེས་གསུངས་པ་ནི་དོན་ལ་གནས་པའོ། །Bjy

སོ་སོར་བཤད་ན།    ཡུལ་དང་བྱ་བ།    བྱེད་པ་པོ་དང་བྱ་བ།    བྱ་བ་དང་དགོས་པ། འབྱུང་ཁུངས་དང་བྱུང་བ།   འབྲེལ་ཡུལ་དང་འབྲེལ་ཆོས།   གནས་དང་གནས་པ་པོ་སོགས་སོ་སོའི་རྣམ་པ་མ་འདྲེས་པ་ཕྱེ་ཞིང་རང་གི་ངོ་བོ་གསལ་བ་མཚོན་ནུས་པ་ཞིག་ལ་གོ་དགོས་ཏེ།   གནས་བརྒྱད་རྩ་བ་ལས།   བིབྷཀྟི་ཞེས་བྱ་བ་རྣམ་པར་འབྱེད་པའི་དོན་ཡིན་ཞེས་པ་ལྟར་ལེགས་སྦྱར་གྱི་སྐད་ལ་རྣམ་དབྱེ་ཞེས་པ་ནི་བིབྷཀྟི་ཞེས་བྱ་ལ།     Bjy

བོད་ལའང་དེ་དང་འདྲ་བ་ཞིག་ཡོད་པ་ནི་ཀུན་གྱིས་དགོངས་གསལ་ལྟར་རོ།།Bjy

དེས་ན་རྣམ་དབྱེ་ཞེས་པའི་རྣམ་སྒྲ་དེ་ནི་གང་ལ་གོ་དགོས་ཞེས་བརྗོད་ན།      ལས་ཀྱི་རྣམ་པ།    བྱེད་པའམ་བྱེད་པོའི་རྣམ་པ།   དགོས་པའི་རྣམ་པ། འབྱུང་སའམ་འབྱུང་གཞིའི་རྣམ་པ།    འབྲེལ་བའམ་འབྲེལ་ཆོས་ཀྱི་རྣམ་པ། Bjy

གནས་དང་གནས་རྒྱུའི་རྣམ་པ་སྟེ་བཅས་སོ། །    Bjy

རྣམ་པ་དབྱེ་སྟངས་ནི།  རྣམ་དབྱེ་བདུན་པོའི་རང་རང་གི་བྱེད་ལས་ཚང་བའི་སྒོ་ནས་ཕན་ཚུན་མ་འདྲེས་པ་གསལ་བ་མཚོན་ནུས་ཚུལ་གྱིས་དབྱེ་འོ། །Bjy

སོ་སོའི་བྱེད་ལས་ནི་གང་ཡིན་ཞེ་ན།  བྱ་ཡུལ་གཙོ་བོར་གསལ་བའི་རྐྱེན་དང་།  དགོས་པ་གསལ་བར་བྱེད་པའི་རྐྱེན།  བྱེད་པ་གསལ་བའི་རྐྱེན། Bjy

འབྱུང་གཞི་གསལ་བའི་རྐྱེན།   འབྲེལ་བ་གསལ་བའི་རྐྱེན།   གནས་གཞི་གསལ་བའི་རྐྱེན་རྣམས་སོ། །Bjy

 Bjy

ཐོན་མིའི་ཞལ་ལུང་ལས་རྣམ་དབྱེ་ཞེས་པ་དེ་ལྟར་འབྱུང་བ་ནི་རྣམ་དབྱེའི་ངེས་ཚིག་གི་ཚུལ་དུའམ་ངོ་བོ་ངོས་འཛིན་བྱེད་ཙམ་ལ་དགོངས་ནས་གསུངས་བ་ཡིན་གྱི། Bjy

གོ་དོན་ལ་བསམ་ནས་བཞག་པ་ཡིན་ན་ཁྱབ་ཆེ་བའི་སྐྱོན་འབྱུང་སྟེ། Bjy

དཔེར་ན་ཁྱེད་ཀྱིས་གནམ་གྲུ་ཞེས་རྗོད་པའི་སྒྲ་དེ་ལ་ས་ཐོག་གི་རི་ར་བ་ཁང་ཁྱིམ་ལྗོན་ཤིང་སོགས་དང་།   བར་སྣང་གི་ཉི་ཟླ་སྐར་གསུམ་འཇའ་སྤྲིན་སོགས་ཀྱི་མིང་དང་མ་འདྲེས་པར་འབྱེད་པའི་སྒྲའི་ཆ་ཤས་ནུས་པ་ཅན་ཞིག་ཡོད་པ་དེ་ལ་རྣམ་དབྱེ་དང་པོ་ཟེར་ཞེས་རིམ་པར་ལྟར་གཉིས་པ་དང་བཞི་བ་སོགས་ཀྱང་དེ་དང་རྣམ་པར་དབྱེ་སྟངས་ནི་འདྲ་བས་དེ་ལྟར་ན་ཚེ་སྐབས་དང་དེ་ཉིད་དག་ཀྱང་རྣམ་དབྱེ་སོ་སོ་བ་ཞིག་ཡིན་པ་འདོད་དགོས་ཏེ་ཚེས་གསུམ་ལ་ཉི་མ་འཛིན་ཞེས་བརྗོད་པའི་ངག་ལ་ཚེས་གསུམ་མམ་ཚེས་པ་གསུམ་གྱི་ཉིན་ལ་ཉི་མ་ཧྲིལ་བོའམ་ཆ་ཚང་བ་ཞིག་འཛིན་པའི་ཚེ་དེ་སྟོན་པ་ལ།    ལ་དོན་གྱི་སྒྲ་སྦྱར་བས་ནི་གཞན་དང་མ་འདྲེས་པའི་སྒྲའི་ནུས་པ་ཞིག་གསལ་བར་ཐོན་པ་ལྟ་བུ་ཡིན་པས་སོ། །Bjy

ཁྱེད་ཀྱི་དགོངས་པ་ལ་མ་གཞི་ནས་ཚེ་སྐབས་དང་དེ་ཉིད་དེ་དག་གང་གི་ཁོངས་སུ་བསྡུ་བ་ཡིན་པ་མི་འཐད་མོད།  Bjy

ལྷག་པར་དེ་ལ་རྣམ་དབྱེའི་གོ་དོན་ཞིག་ལྡན་པ་ཡིན་ན་ཁྱེད་ཀྱི་ལུགས་ལ་ནམ་ཡང་རྣམ་དབྱེ་བརྒྱད་པོ་གྲངས་ངེས་མཛད་པའི་སྐབས་ཤིག་མཆིས་པ་མི་སྲིད་དོ། །Bjy

 Bjy

འདིར་རྣམ་དབྱེའི་གྲངས་ངེས་ཀྱི་ཐད་ལ་ཅུང་ཙམ་གླེང་བ་སྟེ། Bjy

ཡང་འདིར་ཞབས་དྲུང་གིས།    རྣམ་དབྱེའི་གྲངས་ངེས་ཀྱི་སྐོར་ལ་དེས་ན་ཐོན་མིས་རྣམ་དབྱེ་བརྒྱད་དུ་ཕྱེ་བའི་བརྟེན་ཁུངས་དེ་གང་ཡིན་ཞེ་ན།   གཙོ་བོ་བོད་བྱིངས་ཀྱི་ཁ་སྐད་ལ་བརྟེན་ནས་བཟོས་པ་ནི་གོང་དུ་བཤད་པ་འདིས་གྲུབ་ལ། Bjy

གཞུང་བསྟན་བཅོས་ཀྱི་དབང་དུ་བྱས་ན།  སྔར་བཤད་པ་ལྟར་སུམ་རྟགས་ཀྱི་བརྟེན་ཁུངས་ནི་ལེགས་སྦྱར་གྱི་བརྡ་སྤྲོད་པའི་གཞུང་ཡིན་པས་ན། Bjy

དེར་མིང་ཙམ་བརྗོད་པ་སོགས་རྩ་བའི་རྣམ་དབྱེ་བརྒྱད་དང་། Bjy

དེ་རེ་རེ་ལ་གཅིག་ཚིག་གཉིས་ཚིག་མང་ཚིག་གིས་དབྱེ་བས་ཉི་ཤུ་རྩ་གཅིག་ཏུ་ཡོད་ན་ཡང་།     བོད་ལ་རྩ་བའི་དབྱེ་བ་བརྒྱད་ཀྱིས་ཆོག་པར་དགོངས་ནས་རྣམ་དབྱེ་བརྒྱད་དུ་གཏན་ལ་ཕབ་པ་ཡིན་ནོ། །   ཞེས་གསུངས་སོ། །Bjy

གནའ་དེང་གི་སུམ་འགྲེལ་མཁན་པོ་ཚོའི་ནང་ནས་བོད་ལ་རྣམ་དབྱེ་བརྒྱད་དང་།      བདུན།   དྲུག་བཅས་ལུགས་མི་འདྲ་བ་གསུམ་དུ་འདོད་མཁན་བྱུང་ཡོད་པའི་ནང་ནས།     དྲུག་ཏུ་འདོད་པ་འདི་གཞུང་ལུགས་དང་མཐུན་པ་སྙམ་སྟེ།    རྣམ་དབྱེ་བདུན་དུ་ངོས་བཟུང་ཚེ་འབོད་པ་རྣམ་དབྱེ་དང་པོ་ལས་ངོ་བོ་ལོགས་སུ་མིན་པར་ཞིག་ཡིན་དགོས་ལ། Bjy

མ་ཟད་རྣམ་དབྱེ་དང་པོ་རྣམ་དབྱེ་མཚན་ཉིད་པ་ཞིག་ཡིན་པ་འདོད་ན་མི་འཐད་པའི་གནས་འདི་ཡོད་དེ།  Bjy

རྟགས་འཇུག་ཏུ།  དེ་དག་ནང་གསེས་གང་འཇུག་པ། ། མཐར་སྦྱར་འོག་མའི་མིང་དོན་ལས། །   ཞེས་པའི་སྐབས་ཀྱི་བསྟན་དོན་ལྟར་ན།   རྣམ་དབྱེ་དང་ཚིག་ཕྲད་དེ་དག་གིས་ནང་གསེས་ཀྱི་དོན་གང་ཞིག་སྟོན་པ་ལ་མཐའ་རུ་སྦྱར་བའི་འོག་མའམ་མིང་དོན་ཕྱི་མ་ལ་བལྟ་དགོས་པས།   དཔེར་ན་ཡུལ་ལྗོངས་ཞེས་པའི་མིང་གང་ཞིག་གི་མཐའ་ལ་ལ་དོན་ཞིག་སྦྱར་བ་ན་ཡུལ་ལྗོངས་ལ་ཞེས་གྲུབ་ཚེ་དེ་ཙམ་གྱིས་ལ་དོན་དེ་རྣམ་དབྱེ་གང་ཡིན་མི་ངེས་པས་དེའི་མཐར་མེ་ཏོག་བཀྲ་ཞེས་པའི་ལས་ཀྱི་དོན་ཡོད་ན་གཉིས་པ་དང་སྲུང་སྐྱོབ་བྱེད་ཅེས་པའི་དགོས་པའི་དོན་ཡོད་ན་བཞི་བར་འགྱུར་བ་ནི་ལ་དོན་གྱི་ཕྲད་རང་ངོས་ཙམ་ནས་བྱས་པ་མ་ཡིན་པ་མིང་དོན་ཕྱི་མ་ལས་ཤེས་པ་བཞིན་རྣམ་དབྱེ་གཞན་རྣམས་ཀྱང་དེ་དང་མཚུངས་སོ། །Bjy

དེ་ཕྱིར་རྣམ་དབྱེ་དང་པོ་རྣམ་དབྱེ་ཡིན་པའི་དབང་དུ་གཏོང་ན་ཡུལ་ལྗོངས་ཞེས་པའི་མཐར་རྩྭ་ཐང་ལྟ་བུ་ཡོད་ཚེ་ཕྱི་མའི་མིང་དོན་རྩྭ་ཐང་དེ་ལས་རྣམ་དབྱེ་གང་ཞིག་ཡིན་པ་ཤེས་དགོས་མོད་དེ་ཤེས་ཟེར་ན་མིང་དོན་སྔ་མ་དེ་ལས་ཀྱང་གོ་ནུས་པས་དེ་ལྟར་ན་"མཐར་སྦྱར་འོག་མའི་མིང་དོན་ལས་"ཞེས་པའི་བསྟན་དོན་དང་འགལ་བ་ཁོ་ན་སོང་བའོ། །Bjy

དེ་ཙམ་མ་ཟད་རྣམ་དབྱེ་དང་པོ་ནི་མིང་དོན་ཉིད་ཡིན་པས་མཐའ་རུ་སྦྱར་རྒྱུ་རང་ལས་གཞན་ཅི་ཡང་མེད་ལ།    Bjy

དེའི་ཕྱིར་རྣམ་དབྱེ་དང་པོ་ནི་རྣམ་དབྱེ་མ་ཡིན་པར་དེའི་སྐབས་ཀྱིས་ཀྱང་གྲུབ་བོ། །Bjy

ཡང་རྣམ་དབྱེ་བརྒྱད་དུ་བགྲང་མཁན་དག་ལ་སྐྱོན་འདི་འབྱུང་སྟེ། Bjy

ཐུ་མིའི་སུམ་ཅུ་པའི་གཞུང་གི་བརྗོད་བྱ་གཙོ་བོ་ནི་ཕྲད་དང་རྣམ་དབྱེ་རྣམ་བཞག་བསྟན་པ་ཞིག་ཡིན་མོད།  Bjy

དེ་ཡིན་ན་ཕྲད་ཀྱི་སྦྱོར་བ་དང་རྣམ་དབྱེའི་སྦྱོར་བ་ཆ་ཚང་དེ་ནས་བསྟན་དགོས་པར་ངེས་ལ། Bjy

དེ་འདོད་ན་རྣམ་དབྱེ་དང་པོ་བསྟན་པའི་གཞུང་རྩ་བ་ངོས་འཛིན་ཡོད་དགོས་ལ་དེ་མེད་པས་སུམ་ཅུ་པའི་སྐབས་ལ་རྣམ་དབྱེ་བརྒྱད་བགྲང་བ་ཙམ་ཡིན། Bjy

དེ་ལྟར་མ་ངེས་ཚེ་ཐུ་མིའི་སུམ་ཅུ་པའི་གཞུང་འདི་མི་ཞིག་ལ་མཚོན་ན་མགོ་བོ་མེད་པ་ལྟ་བུ་ཡིན་ཏེ་གཞུང་འདིའི་བརྗོད་བྱ་གཙོ་བོ་ཆ་ཚང་ཞིག་མ་བསྟན་པ་ཡིན་ན་དཔེ་དེ་ལས་མ་འདས་སོ། Bjy

ཡང་ཁ་ཅིག་གིས་གཞུང་རྩ་བ་སུམ་ཅུ་པའི་སྐབས་སུ་རྣམ་དབྱེ་དང་པོ་བསྟན་པའི་རྩ་ཚིག་"རྗེས་འཇུག་ཡི་གེ་བཅུ་བོ་ནི། ། Bjy

མིང་གང་གི་ནི་མཐར་སྦྱར་བ། །Bjy

དེ་ལ་ཨཱ་ལི་བཞི་བ་སྦྱར། །Bjy

སླར་བསྡུ་བ་ནི་ཤེས་པར་བྱ། །  ཞེས་པ་དེ་ལས་རྣམ་དབྱེ་དང་པོ་དང་སླར་བསྡུ་གཉིས་ཀ་བསྟན་ཞེས་གསུངས་པ་ནི་མ་ངེས་ཏེ། Bjy

དེ་ལྟར་ན་ལ་དོན་དང་བདག་སྒྲ་དགག་སྒྲ་ལ་སོགས་པ་བསྟན་པའི་རྩ་ཚིག་དག་ལས་ཀྱང་རྣམ་དབྱེ་དང་པོ་བསྟན་པ་འདོད་དགོས་པས་དེ་འདོད་ན་ཐུ་མིས་རྣམ་དབྱེ་དང་པོ་སྟོན་བྱེད་ཀྱི་རྩ་ཚིག་བཀོད་པ་མང་དྲགས་པ་མ་ཡིན་ནམ། Bjy

ཡང་གཞུང་རྩ་བ་སུམ་ཅུ་པའི་སྐབས་སུ་རྣམ་དབྱེ་བརྒྱད་པོ་རེ་རེ་ནས་སྟོན་པའི་རྩ་ཚིག་མེད་ཀྱང་རྟགས་ཀྱི་འཇུག་པའི་སྐབས་ལ་Bjy

"ཆོས་དངོས་ལས་དང་བྱེད་པ་དང་། །  Bjy

སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །Bjy

གནས་དང་འབོད་པའི་སྒྲ་ཡང་དྲངས། །"   ཞེས་པ་དེ་རྣམ་དབྱེ་དག་ངོས་འཛིན་བྱེད་ཀྱི་རྩ་ཚིག་ཏུ་བཟུང་མོད།  Bjy

ཡང་ཁ་ཅིག་གིས་གཞུང་རྩ་སུམ་ཅུ་པའི་སྐབས་སུ་རྣམ་དབྱེ་བརྒྱད་པོ་རེ་རེ་ནས་སྟོན་པའི་རྩ་ཚིག་མེད་ཀྱང་ལུང་སྟོན་པ་རྟགས་ཀྱི་འཇུག་པའི་སྐབས་ལ་"ཆོས་དངོས་ལས་དང་བྱེད་པ་དང་། །Bjy

སྦྱིན་དང་འབྱུང་ཁུངས་འབྲེལ་བ་དང་། །Bjy

གནས་དང་འབོད་པའི་སྒྲ་ཡང་དྲངས། །"Bjy

ལ་སོགས་པ་བཀོད་ཡོད་མོད། Bjy

སྤྱིར་ན་དེ་ལས་རྣམ་དབྱེ་བརྒྱད་བཤད་པ་ཡིན་ནའང་། Bjy

དེ་ནི་སྤོབ་དཔོན་ཐུ་མིས་སྒྲའི་བརྗོད་རིགས་ཀྱི་སྒོ་ནས་གསུངས་བ་ཡིན་གྱི་ངོ་བོའི་སྒོ་ནས་གསུངས་བ་ནི་མ་ཡིན་ནོ། །Bjy

 སླར་སྨྲས་པ། Bjy

རྣམ་དཔྱོད་དཔལ་གྱིས་ཕྱུག་པའི་མཁས་གྲུབ་ཀྱིས། །Bjy

དཔྱད་པའི་གཞུང་ལུགས་ཀུན་ལ་འགྲན་མིན་ཀྱང་། །Bjy

རང་བློས་བརྩམས་པའི་དཔྱད་བརྗོད་ཉུང་བསྡུས་འདིས། །Bjy

དགེ་བའི་འབྲས་བཟང་མྱུར་དུ་སྨིན་གྱུར་ཅིག །Bjy

དགེའོ། །  དགེའོ། ། དགེའོ། །Bjy

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།