༄༅།། བོད་ཡིག་འབྲི་སྲོལ་དར་ཚུལ་རགས་རིམ།
སྤེལ་དུས།  2018-01-05  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་ཡིག་གཟུགས་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

བོད་ཡིག་གཟབ་ཆེན་གཟབ་ཆུང་འབྲུ་ཆེ་ཆུང་། །གཤར་མ་དཀྱུས་ཡིག་དྲུག་ལ་ཐམས་ཅད་འདུས། །སྔ་དར་གཟབ་བྲིས་རིམ་པ་དགུ་ཙམ་བརྒྱུད། ། ཕྱི་དར་ཐིག་བཏབ་སྦལ་ལུགས་མང་ཙམ་བྱུང་། །ཞེས་བོད་ཡིག་འབྲི་སྲོལ་སྤྱིར་གཟབ་གཤར་ལུགས་གཉིས་ཏེ། བཟབས་ནས་བྲིས་པ་ལ་གཟབ་མ་ཟེར། དེ་ལ་མགོ་འཐེན་ནས་ཡོད་པས་དབུ་ཅན་ཟེར་ལ། གསར་བུ་བ་རྣམས་ཀྱས་ངོས་ཟིན་སླ་བས་ཡིག་དཀར་ཡང་ཟེར། མགྱོགས་པར་བཤར་ནས་བྲིས་པ་ལ་གཤར་མ་ཟེར། དེ་ལ་མགོ་འཐེན་ནས་མེད་པས་དབུ་མེད་ཟེར་ལ། གསར་བུ་བ་རྣམས་ཀྱིས་ངོས་ཟིན་དཀའ་བས་ཡིག་ནག་ཀྱང་ཟེར་རོ། །གཟབ་གཤརའབྲི་ཚུལ་མང་སྟེ། འཇམ་དབྱངས་མཁྱེན་བརྩེས། སྒོ་མང་སྒྲིག་འདྲས་སྒོ་སྒྲིག་ཅེས་བྱའམ། །ཚག་རྣམས་སྒྲིག་འདྲས་ཚག་སྒྲིག་ཅེས་སུ་གྲགས། །ནང་དཀར་སྒོ་ང་ལྟ་བུ་ཡོད་པ་དང་། །མགོ་གཤམ་ཟླུམ་པོར་ཡོད་པས་ཟླུམ་རིས་ཞེས། །ནང་དཀར་གྲུ་བཞི་དཀར་ནག་སྙོམས་པ་དང་། །བསྟན་བཅོས་བུསྟ་ཀར་འབེབས་དཔེ་རིས་བརྗོད། །འཕྲིན་དང་ལན་གཉིས་བསྐྱེལ་བའི་འཕྲིན་ཡིག་གམ། །དལ་མེད་མྱུར་དུ་འབྲི་བས་རྒྱུགས་ཡིག་གོ །ཞེས་གསུངས་པ་ལྟམ་མི་འདྲ་བ་མང་ཡོང་། མདོར་བསྡུས་ན་གཟབ་ཆེན་དང་གཟབ་ཆུང་། འབྲུ་ཆེན་དང་འབྲུ་ཆུང་། བར་བྲིས་དང་རྒྱུགས་བྲིས་རྣམ་པ་དྲུག་ཡོད་དེ། ཡིག་གཟུགས་ཀྱི་རེའུ་མིག་ལ་ལྟོས་དང་གསལ། ། ཡིག་གཟུགས་ནང་གསེས་ཀྱི་དབྱེ་བ་དང་བསྡུ་བའི་རེའུ་མིག4U2

ཆོས་ཀྱི་རྣམ་གྲངས་སྒོ་ཁྱིམ་དང་། མིང་གི་རྣམ་གྲངས་ཐིག་གིས་མཚོན། ། བོད་ཡིག་མཆོག་གཟབ་མའམ་དབུ་ཅན་ལ། ཐོག་མར་ཐོན་མི་སམ་བྷོ་ཊ་ཉིད་ཀྱི་ཕྱག་བྲིས་སྦལ་ནག་ན་ལ་བརྒྱངས་པ་འདྲ་བ་རྒྱལ་པོ་སྲོང་བཙན་སྒམ་4U2

པོར་ཕུལ་བའི་ཡིག་ཕུད་ལྷ་སའི་ཤར་རྒྱུད་ཛེན་ཁོག་སྣ་རྡོའི་ལྷ་ཁང་(དེང་མལ་གྲོ་གུང་དཀར་རྫོང་གི་བཙུན་མོ་ཚལ་དགོན་པ)གི་བྲག་སྡེབས་སུ་བརྐོས་ཡོད་པ་དེ་ཐོན་མི་ཉིད་ཀྱིས་ཕྱག་བྲིས་གནང་པར་གྲགས། དེ་རྗེས་མང་སྲོང་མང་བཙན་གྱི་སྐུ་རིང་ལ། ཡིག་མཁན་ཆ་ངར་རིན་ཆེན་འབར་གྱིས་བྲིས་པ་སོ་ཕག་གཤིབས་པ་ལྟ་བུ། འདུས་སྲོང་མང་བོ་རྗེའི་དུས་སུ་ཡིག་མཁན་ཆབ་དཀར་བེའུ་ཚེས་བྲིས་པ་བྱ་ཕོ་འཇོལ་བ་ལྟ་བུ། ཁྲི་ལྡེ་གཙུག་བརྟན་(མེས་ཨག་ཚོམ)གྱི་རིང་ལ་ཡིག་མཁན་དགེ་བསྙེན་དཀོན་ཅོག་ངག་དབང་གིས་བྲིས་པ་ནས་སྔོན་ཕྱིང་དཀར་སྟེང་དུ་བཀྲམ་པ་ལྟ་བུ། ཁྲི་སྲོང་སྡེ་བཙན་གྱི་དུས་སུ་ཡིག་མཁན་འབྲེའོ་ཁྲོམགྱིས་བྲིས་པ་མུ་ཏིག་དར་ལ་བརྒྱུས་པ་ལྟ་བུ། མུ་ནེ་བཙན་པོའི་སྐབས་ཀྱི་ཡིག་མཁན་ཚེ་སྤང་བྱང་ཆུབ་ཀྱིས་བྲིས་པ་སྦུར་ནག་བགྲད་པ་ལྟ་བུ།མུ་ཏིག་བཙན་པོའི་རིང་ལ་ཡིག་མཁན་ཐེ་ཡོན་ཏན་གྱིས་བྲིས་པ་ཉ་མོ་ཆུ་ནང་ཕྱུང་བ་ལྟ་བུ། ཁྲི་གཙུག་ལྡེ་བཙན(ཁྲི་རལ་བ་ཅན)གྱི་དུས་སུ་ཡིག་མཁན་ཏྲ་ཤོད་འབུམ་མེཞེས་པས་བྲིས་པ་སེང་གེ་གནམ་དུ་མཆོང་བ་ལྟ་བུ། དེ་རྣམས་ལ་སྣ་མ་ཞེས་བྱ་བ་དང་། བསྟན་པ་ཕྱི་དར་གྱི་ཐོག་མར་སྒྲོ་ཉ་ཤ་རི་དང་།མཐོང་བ་རྡོ་རྗེ་དཔོན་སློབ་ཀྱི་ཕྱག་བྲིས་ལ་གསང་ལེབ་གྲུ་བཞི་སྟེ་རིམ་པ་དགུ་བྱུང་སྐད། དེའི་རྗེས་སུ་ཁྱུང་བོ་གཡུ་ཁྲི་འབར་བྱ་བས་དཀྱིལ་འཁོར་གྱི་ཐིག་ལ་དཔེ་བླངས་ནས། ཆ་ཆེན་ཆ་ཆུང་དུ་བགོས་པ་སོགས་ཐིག་ཚད་དང་། སྨྱུ་གུ་དང་། ཡི་གེ་བཅས་ཀྱི་བསྟན་བཅོས་དག་བརྩམས་ཏེ། སློབ་མ་ཤིན་ཏུ་མང་བོ་བསྐྱངས། དེ་ལ་སྦལ་ལུགས་དང་མང་ལུགས་གཉིས་སུ་གྱེས་པ་ནི་ཉེ་རབས་སུ་འཕན་ཡུལ་དང་ངོར་ཡོད་པ་རྣམས་ཡིན་པར་གྲགས། །4U2

འབྲུ་མ་རྣམས་ཀྱི་མཆོག་ཏུ་གྱུར་པ་འབྲུ་ཆེན་ལ་ལི་ལུགས་ཀྱི་རྒྱུན་ཆད། ལྡན་ལུགས་ཞེས་པ་ཐིག་ཁོངས་སུ་དྲངས་པ་ལས། ཐིག་ཚད་ཆེ་བོ་ལ་འབྲུ་ཆེན་དང་། ཐིག་ཚད་ཆུང་བོ་ལ་འབྲུ་ཆུང་ཟེར། དེ་ལས་མཆེད་པ་ཚེག་ལྟར་གྲུ་བཞིར་བསྒྲིགས་པ་ཚེག་བྲིས། དེ་ལས་འཇམ་པར་ཟླུམ་བྲིས། དེའི་ཡན་ལག་རིང་དུ་བཏང་བ་ལ་སུག་རིང་དང་འབའ་ཧོ་ཡང་ཟེར། ཐུང་དུ་བཏང་བ་ལ་སུག་ཐུང་། དེ་ལས་མཉེན་པ་ལ་གྲ་རིས། སུག་པ་ནང་འཐེན་རྣམས་བཀུག་པ་སུམ་ཆ་ཆགས། དེ་ལས་མཉེན་པ་སུག་སྐོར། དེ་ལས་བདེ་བ་འཕྲིན་ཡིག་དཀྱུས་མ། དེ་རྣམས་ལའང་ཡུལ་སོ་སོའི་ལག་རྒྱུན་མི་འདྲ་བ་ནི་ལྷག་པར་མང་ངོ་། །4U2

ཡི་གེ་འབྲི་སྲོལ་དར་བ་དུས་རབས་ཀྱི་མཐུན་རྐྱེན་ལ་རག་ལས་ཏེ།4U2

གཅིག་ཏུ། བོད་ཀྱི་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་དར་ཞིང་རྒྱས་ནས་ལོ་རྒྱུས་ཀྱི་གནས་སྐབས་ངེས་ཅན་ཞིག་ལ་སླེབས་དུས། དེ་དག་གང་ལེགས་སུ་སྤེལ་བར་ཡི་གེའི་ཉེར་མཁོ་བྱུང་བས། ཡི་གེའི་སྲོལ་བཏོད་ཅིང་ལག་ལེན་དུ་འཇུག་པ་ཁྱབ་པར་གྱུར་ཏོ། །4U2

གཉིས་སུ། ཡི་གེ་བཀོལ་བ་ཡུལ་གྲུ་དང་གནས་སྐབས་ཙམ་ཞིག་ལ་ཕན་པར་མ་ཟད། ཡུལ་དང་དུས་ཀྱི་བསྐལ་པ་སེལ་བ་དང་། རིག་གནས་རྒྱ་ཆེར་སྤེལ་བའི་དགོས་པར་བརྟེན། ཐོན་སྐྱེད་ཀྱི་མཐུ་སྟོབས་དང་ཚན་རིག་གི་ལག་རྩལ་སྨིན་པའི་དུས་ལ་བབས་པ་ན། ཡི་གེ་ལུགས་སུ་བླུག་པ་དང་། པར་དུ་རྐོ་བའི་སྲོལ་བྱུང་ངོ་།4U2

གསུམ་དུ། རིག་གནས་དར་བའི་ཞོར་ལ། མཛེས་ཉོས་རིག་པ་ཡང་དར་བཞིན་ཡོད་ལ། སྒྱུ་རྩལ་གྱི་མཛེས་ཉམས་དཔྱད་པ་དང་རོ་མྱངས་པའི་སྒོ་ནས་ཡི་གེའི་གཟུགས་ཉམས་ཀྱང་མཛེས་པར་བྱས་ནས། བསྟན་པ་སྔ་དར་གྱི་རིང་ལ་གཟབ་མའི་འབྲི་སྲོལ་རིམ་པ་དགུ་བྱུང་བ་དང་། ཕྱི་དར་ནས་བཟུང་ཡིག་གཟུགས་ཆེ་ཆུང་སྙོམ་པ་དང་མཛེས་ཉམས་འདོན་པ་ལ་ཐིག་ཁོང་དུ་དྲངས་ནས་བྲིས་པའི་ཐབས་བྱུང་བ་དང་། བྲི་གཞི་གང་ལ་གང་འཕྲོད་དང་མཛེས་ཆོས་ཀྱི་ཆ་ནས་ཆར་ཤུལ་སྤང་ལ་ཤ་མོ་བརྡོལ་བ་བཞིན་ཡིག་གཟུགས་སྣ་ཚོགས་འབྲི་བའི་དཔེ་བྱུང་ངོ་། དེང་གི་ཞན་པར་གྱི་ཡིག་གཟུགས་ཕལ་ཆེར་སློབ་དཔོན་ཆེན་མོ་ཚེ་ཏན་ཞབས་དྲུང་ཚང་གི་ཕྱག་བྲིས་གཞིར་བཞག་པ་ཡང་དེ་ལུགས་སྨྱུག་ཁ་བསྐོར་བདེ་བ་དང་། རྩལ་ཐོན་པ་དང་། མཛེས་ཉམས་ཆེ་བ་དང་བཅས་པས་ཐུན་མོང་བའི་སྣང་ངོར་དགའ་བ་སྟེར་བ་ན་མ་བགྲོས་རང་མཐུན་དུ་དེ་ལྟར་གྲུབ་བོ། །བོད་ཡིག་འབྲི་ལུགས་མང་བ་དང་། མཛེས་ཉམས་སྣ་ཚོགས་དང་ལྡན་པའི་སྒོ་ནས། རྒྱ་ཡིག་དང་བསྡུར་ན། སྐེད་མེད་མ་ཡིས་མཆོར་སྒེག་བརྩད། །རྣམ་གནོན་ཅན་གྱིས་དཔའ་རྩལ་བསྒྲུན། །བྱ་རྒྱལ་ཁྱུང་གིས་འཕུར་རྩལ་བཤིབས། །གྱི་ལང་རྟ་ཡིས་བང་ཁ་བགོས། །དེའི་ཕྱིར་དུ། ཅང་ཤེས་བཞོན་པའི་མིག་སྟོང་གིས། །ཕྱོགས་བཅུ་བསྐལ་པར་བཙལ་ནས་ཀྱང་། །ཡིག་རིགས་གཉིས་ཀྱི་མཛེས་ཉམས་ལ། །མཆོག་དམན་དབྱེ་བ་མི་རྙེད་དོ། །4U2

བཞི་རུ། ཡི་གེའི་མཛེས་ཉམས་ལེགས་པར་ཐོན་པ་དང་སྦྲགས། ས་བཟང་མ་ཏི་པཎ་ཆེན་གྱིས། ལེགས་པ་བས་ཀྱང་མགྱོགས་པ་གཙོ། །མགྱོགས་པ་བས་ཀྱང་སྙོམས་པ་གཙོ། །སྙོམས་པ་བས་ཀྱང་དག་པ་གཙོ། །དེས་ན་དག་པ་གཙོ་བོ་ཡིན། །ཞེས་གསུངས་པ་བཞིན། བྲི་ལ་མགྱོགས་པའི་དགོས་དབང་གིས། རྒྱུགས་བྲིས་དང་འཁྱུགས་བྲིས་དར་བར་གྱུར། རིག་པ་ཀློང་དུ་རྡོལ་བ་དང་། མཛེས་རྩལ་སྒོ་ཀུན་ནས་དར་བའི་དེང་གི་ཆར་བྲི་ལ་མགྱོགས་པ་དང་མཛེས་པ་གཉིས་ཀའི་ཆ་ལྡན་ཕྱིར། དྲུང་ཡིག་ཆེན་མོ་སྨོན་ལམ་རྒྱ་མཚོའི་འཁྱུགས་བྲིས་ཀྱི་རྗེས་འཇུག་པ་གང་མང་བྱུང་དང་འབྱུང་གིན་ཡོད། འབྱུང་འགྱུར་དུ་འཁྱུགས་བྲིས་དང་བསྐུངས་བྲིས་ཟུང་དུ་འབྲེལ་བའི་རྩ་རླུང་འཕྲུལ་འཁོར་སྦྱངས་པའི་གྲུབ་རྟགས་འཐོན་ངེས་པར་སྙམ་དུ་སེམས་སོ། །4U2

འབྲི་མཁན་རྣམས་ཀྱི་སོར་མོའི་སྒྱུ་རྩལ་ལས། །4U2

ཡིག་གཟུགས་སྣ་ཚོགས་ཡིད་དགའི་མཛེས་ཉམས་ཤར། །4U2

འདྲེན་བྱེད་བུང་བ་དགའ་ཚལ་དེར་ཤོར་ནས། །4U2

གཞུང་བརྒྱའི་བདུད་རྩི་བླངས་ནས་རིག་པ་སྤེལ། །4U2

བརྟག་པ་དང་སྦྱང་བ།4U2

དང་པོ། གཟབ་གཤར་འབྲི་ཚུལ་མང་ཡང་རྣམ་པ་དུ་ལ་བསྡུ་རུང་།4U2

གཉིས་པ། བསྟན་པ་སྔ་དར་གྱི་རིང་ལ་དབུ་ཅན་འབྲི་སྲོལ་དར་བའི་རིམ་པ་གང་དག་བྱུང་།4U2

གསམ་པ། བསྟན་པ་ཕྱི་དར་གྱི་རིང་ལ་འབྲི་སྲོལ་གང་དག་བྱུང་།4U2

བཞི་བ། བོད་ཡིག་གི་ཆ་ཚད་ཐིག་ཁོངས་སུ་དྲངས་པའི་འབྲི་སྲོལ་བཏོད་མཁན་སུ་ཡིན།4U2

 4U2

མཆན། འབྲེའོ་ཁྲོམ་དང་པོ་ཤོ་ཁྲམ་ཞེས་བྲིས་པ་གཉིས་སྣང་གང་འགྲིག་དཔྱད།4U2

ཡི་གེའི་ལོ་རྒྱུས་གསུངས་པའི་གཞུང་གཞན་དག་ལས་པྲ་ཤོད་རྣམ་གཉིས་ཞེས་འཁོད་ཀྱང་། དགེ་པའི་བཤེས་གཉེན་ཁྱུང་བོ་གཡུ་ཁྲི་འབར་གྱིས་བརྩམས་པའི་ཡི་གེ་བརྒྱུད་པའི་ལོ་རྒྱུས་ལས་ཏྲ་ཤོད་འབུམ་མེ་ཞེས་གསུངས་སྣང་།4U2

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།