བོད་ཀྱི་རྩོམ་རིག་གི་དབྱེ་ཚུལ་ལ་རགས་ཙམ་དཔྱད་པ།
སྤེལ་དུས།  2012-09-27  རྡེབ་ཚད།   ཡོང་ཁུངས། ངེད་དྲ་ཚིགས།  རྩོམ་པ་པོ། གཉན་བུ།   རྩོམ་སྒྲིག་པ། བཀྲ་ཤིས།

        ནང་དོན་གནད་བསྡུས།xXq
        བོད་ཀྱི་རྩོམ་རིག་གི་དབྱེ་ཚུལ་མི་འདྲ་བའི་རྒྱུ་རྐྱེན་བཙལ་ནས་རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གི་དབྱེ་ཚུལ་འགའ་བོད་ཀྱི་རྩོམ་རིག་གི་དབྱེ་ཚུལ་དུ་མི་འཕྲོད་པ་དང༌། གང་བོད་ཀྱི་རྩོམ་རིག་གི་དབྱེ་ཚུལ་དུ་འོས་པར་རང་གི་རེ་བ་བཏོགན་ཡོད།xXq
བརྡ་ཆད་གཙོ་བོ།      རྩོམ་རིག   དབྱེ་བ།  རྣམ་པ།xXq

      གླེང་གཞིxXq

     ང་ཚོ་སྙུག་ཐོག་པའི་དཔུང་ཁག་ཏུ་འཛུལ་ནས་བལྟས་ན། དུས་རབས་ཉེར་གཅིག་པ་ནི་ཁ་བདག་མེད་ དང་ཚིག་ཚོད་མེད་ཀྱི་དུས་རབས་ཤིག་ཡིན་པ་མཐོང་ཐུབ་བལ། དེ་ཡང་ཚད་གཞི་ལོངས་མི་ལོངས་གཉིས་ཀས་ གྲུ་ཚུགས་ས་་འབའ་ཞིག་གི་ཕྱིར་དུ་ཧོལ་རྒྱུག་བྱས་དྲགས་པས་རེད་འདོད།   ངས་འདིར་གླེང་བཞིན་པའི་ བོད་ཀྱི་རྩོམ་རིག་གི་དབྱེ་ཚུལ་འདི་ཡང༌། སྤྱིར་ན་སྙན་ངག་མེ་ལོང་དུ་བཅད་ལྷུག་སྤེལ་གསུམ་དུ་གཏན་འབེབས་ བྱས་ཡོད་མོད། འོན་ཀྱང་མིའི་ཤེས་ཡོན་གྱི་འཕེལ་འགྱུར་དང་བསམ་བློའི་འགྱུར་ལྡོག་ཁྲོད་ནས། ཀུན་སློང་ གཙང་མིན་དང༌། གནས་ལུགས་ཡོད་མེད་གཉིས་ཀས་ཁ་རྡུང་བཏང་བས། ད་ལྟ་བསམ་ན་དེ་ཡང་སྙུགས་ཐོགས་ པའི་མདུང་ཁ་ན་ཁ་ཐོར་ཡ་བྲལ་དུ་གྱུར་འདུག་པ་གསལ་བོ་རེད། ཞིབ་འདང་རེ་རྒྱབ་ན་འདི་ཡང་སྲོལ་རྒྱུན་ དང་དེང་རབས་བར་གྱི་འགལ་འདུ་ལས་བྱུང་བའི་འབྲས་རྟགས་ཤིག་མིན་ནམ་སྙམ་འོངས། གང་ལྟར་ངས་ འདིར་གསར་རྙིང་གི་ངོ་ལྤགས་ཡོངས་སུ་བཤུས་ནས། རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་དབྱེ་ཚུལ་མི་འདྲ་བ་དེ་ དག་ལ་དབྱེ་ཞིབ་བྱས་ནས་རང་གི་རེ་འདོན་པ་ལ་ས་བཅད་བཞིའི་སྒོ་ནས་གླེང་རྒྱུ་ཡིན། xXq
 xXq
༡ བོད་ཀྱི་རྩོམ་རིག་ལ་དབྱེ་ཚུལ་མི་འདྲ་བ་འབྱུང་བའི་རྒྱུ་རྐྱེན།xXq
༢ རྩོམ་རིག་གི་དབྱེ་ཚུལ་མི་འདྲ་བ་འགའ་ངོ་སྤྲད་པ།xXq
༣ དབྱེ་ཚུལ་དེ་དག་བོད་ཀྱི་རྩོམ་རིག་གི་དབྱེ་ཚུལ་དུ་འོས་མིན་དཔྱད་པ།xXq
༤ བོད་ཀྱི་རྩོམ་རིག་གི་དབྱེ་ཚུལ་དངོས་བཤད་པ་བཅས་བཞི་བོ་འདི་ལས་མཇུག་བསྡུ་འདོད་ཡིན།xXq
      དང་པོ།   བོད་ཀྱི་རྩོམ་རིག་ལ་དབྱེ་ཚུལ་མི་འདྲ་བ་འབྱུང་བའི་རྒྱུ་རྐྱེན།xXq
     (1)ཆོས་གང་དང་གང་ཞག་ཡིན་ཡང་རྙོག་འཛིང་ཅན་དུ་འགྱུར་སྐབས། དེའི་རང་བཞིན་དཔྱིས་ཕྱིན་པ་ཞིག་ཤེས་འདོད་ན།ཆེས་ཐོག་མའི་འབྱུང་ཁུངས་ལ་དཔྱད་པ་ཤིན་ཏུ་གལ། རྒྱ་ནག་ལ་མཚོན་ན་ཐོག་མའི་ཡི་གེའིདབྱིབས་ཀྱི་སྒོ་ནས་ཞིབ་འཇུག་བྱེདསྲོལ་ཡོད་ལ།ཕྱི་གླིང་བར་མཚོན་ན་ཡང(词源)ཀྱི་སྒོ་ནས་ཞིབ་འཇུག་བྱེད་སྲོལ་ཡོད་པར་གསུང་འདུག་པ་ལྟ་བུ་རེད།   དེས་ན་བོད་ཀྱི་རྩིམ་རིག་ལ་དབྱེ་ཚུལ་མི་འདྲ་བའི་སྒོ་མོ་ཕྱེ་ཡོད་པ་འདི་ཡང༌། ང་ཚོས་ཙོམ་རིག་གི་འབྱུང་ཁུངས་ལས་བརྩམས་ཏེ་བལྟས་ན་ཧ་ཅང་ལས་སླ་བར་འགྱུར་སྙམ།xXq
     དེ་ཡང་རྩོམ་རིག་གི་འབྱུང་ཁུངས་ལ་རྟ་མོག་མོག་གི་སྤུ་ལྟར་མཁས་པ་མང་བོའི་བཞེད་ཚུལ་དུ་མ་ཡོད་དེ།    འདིར་ཁྱབ་རྒྱ་ཆེ་བའི་བཤད་ཚུལ་མི་འདྲ་རེ་གཉིས་ཀློག་པ་པོའི་དཔྱད་ཡུལ་དུ་དྲངས་ན།   ༡ རྩོམ་རིག་ནི་ལད་མོ་བྱེད་པ་ལས་བྱུང་བར་འདོད་པ་དང༌། ༢ རྩོམ་རིག་ནི་རོལ་རྩེད་ཙམ་ཡིན་པར་པར་འདོད་པ།  ༣ རྩོམ་རིག་ནི་གནའ་བོའི་ལྷ་འབེབས་སོགས་ཀྱི་ལག་ལེན་ལས་བྱུང་བར་འདོད་པ། ༤ རྩོམ་རིག་ནི་བསམ་པའི་ཚོར་འདུ་མཚོན་ཕྱིར་དུ་བྱུང་བར་འདོད་པ་བཅས་བཤད་ཚུལ་མི་འདྲ་བ་བཞི་ཙམ་ཡོད།     འདིར་ཡག་ཚོགས་ལ་འཇིགས་པས་དྲངས་འདྲེན་ཙམ་ལས་ར་རེ་བཞིན་རྒྱས་བཤད་བྱ་རྒྱ་མིན། དེས་ན་མཁས་པ་མང་པོའི་བཞད་ཚུལ་གཅིག་གྱུར་དུ་ཡོད་པའི་རྩོམ་རིག་གི་འབྱུང་ཁུངས་དངོས་དེ་གང་རེད་ཅེ་ན།  (2)ཆེས་ཐོག་མའི་གདོད་མའི་དུས་སུ་མི་རྣམས་ནི་ཚོ་བ་ཚོ་བ་བྱས་ཏེ་ཟས་མཉམ་བཟའ། ལས་མཉམ་ལས་བྱེད་པ་ན། སྐབས་དེར་དེང་སྐབས་ལྟ་བུའི་གོ་འདོམས་པ་ཟུར་བ་ཞིག་མེད་པས། མཉམ་ལས་བྱེད་པ་ལ་ཉོག་འཁྲུགས་མང་བོ་འབྱུང་བར་སྲིད། གལ་ཏེ་སྐབས་དེར་སྐྱེས་བུ་ཞིག་གི་ངག་ནས་ཀུན་གྱི་བྱ་བ་གཅིག་གྱུར་དུ་དགྱེད་ཐུབ་པའི་སྒྲ་སྐད་ཅིག་བྱུང་ན། དེ་ནི་ཆེས་ཐོག་མའི་རྩོམ་རིག་གི་རྣམ་པ་ཡིན་པར་འདོད་ཅེས་བཤད་པ་དང༌། (3)ཡང་གདོད་མའི་གླུ་བྱུང་བ་དེ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་རྩོམ་རིག་གི་རྣམ་པར་གྲུབ་ཅེས་བཤད་པ་སོགས་ནི་རྩོམ་རིག་ལ་ཞིབ་ཏུ་འཇུག་པའི་མཁས་པ་ཀུན་གྱི་བཞེད་ཚུལ་གཅིག་མཐུན་རེད། དེས་ན་ང་ཚོས་གོང་གི་བཞེད་ཚུལ་དེ་གཉིས་ལས་བལྟས་ན། རྩོམ་རིག་ནི་གདོད་མའི་མི་རྣམས་ཀྱི་ངལ་རྩོལ་གྱི་ཁྲོད་ནས་རིམ་གྱིས་གདོད་མའི་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང༌། མི་རྣམས་ཀྱི་བསམ་བློའི་འདུ་ཤེས། ཐོན་བསྐྱེད་བྱེད་སྟངས་སོགས་ཀྱི་གོ་རིམ་ཁྲོད་ནས་འཕེལ་རྒྱས་སུ་སོང་བ་ཤེས་སླ་ལ། དེ་ལས་ཀྱང་གདོད་མའི་མི་རྣམས་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་དཔེ་མཚོན་དུ་བགྲང་ཆོག་པའི་སྲིད་པ་ཆགས་གླུ་དང༌། སྲིད་པའི་བ་ཆུང་གཤའ་གླུ་གཉིས་ཀྱིས་མཚོན་པའི་སྐབས་དེའི་ངག་ཐོག་རྩོམ་རིག་གི་སྒྱུ་རྩལ་དང༌།   ནང་དོན༌། རྣམ་པ། གདོད་མའི་མི་རྣམས་ཀྱི་སྲོག་ཆགས་དང་རང་བྱུང་ཁམས་ལ་རྟོག་ཞིབ་དང་ཚོད་དཔག་བགྱིས་པའི་བསམ་གཞིག་གི་ཆུ་ཚད་སོགས་ནི་རྩོམ་རིག་ལ་ཞིབ་འཇུག་བྱེད་པའི་རྗེས་རབས་པ་དག་གི་དཔྱད་གཞི་འགང་ཆེན་དུ་གྱུར་ཡོད།   xXq
      དེ་ལས་རིམ་གྱིས་བལྟས་ན་བོད་ཀྱི་ཐོན་མི་སམ་བྷོ་ཊས་བོད་ཀྱི་ཡི་གེ་འབྲི་སྲོལ་འདི་གསར་བཏོགད་བྱས་པ་ནས་ངག་ཐོག་རྩོམ་རིག་འདི་ཡང་སྙུག་ཐོག་པའི་སྡེ་ལ་དབང་བ་རེད། འོན་ཀྱང༌། ང་ཚོས་ཤེས་གསལ་ལྟར་སྐབས་དེ་དག་ཏུ་ཡང་ང་ཚོའི་རྩོམ་རིག་ལ་གཏན་ཁེལ་རང་བཞིན་ཅན་གྱི་རྩོམ་རིག་གི་དབྱེ་བ་ཕྱེས་མེད་ནའང༌། ཐོན་མིའི་བློ་རིག་ལས་འཁྲུངས་པའི་ཚིགས་བཅད་ཀྱི་རྣམ་པ་ཐོན་མིའི་ཡིག་ཕུད་དང་ཐོན་མིའི་ང་རྒྱལ་གྱི་གླུ་སོགས་ནི་བོད་ཀྱི་ཡིག་ཐོག་སྙན་ངག་གི་ཐོག་མ་ཡིན། དེའི་སྔོན་དུ་ཆབ་སྲིད་དང༌། དཔལ་འབྱོར། རྒྱལ་ཕྲན་གྱི་འཕེལ་འགྱུར་ཁྲོད་ནས་བྱུང་བའི་སྤུ་དེ་གོང་རྒྱལ་གྱིས་བླངས་པའི་མགུར་དང༌། མྱང་ཙང་སྐུའི་བླངས་པའི་མགུར། སྟག་རི་གཉན་གཟིགས་ཀྱི་འབངས་ཀྱིས་བླངས་པའི་མགུར་སོགས་སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་དངོས་མཚོན་པའི་ཆབ་སྲིད་དང༌། རྒྱལ་ཕྲན་བར་འཐབ་རྩོད་སོགས་ཀྱི་ནང་དོན་ཕན་ཚུན་འབྲེལ་ཆགས་པའི་མགུར་གླུ་མང་བོ་བྱུང་ཡོད་ལ། གཞན་རྩོམ་ལུས་མི་འདྲ་བ་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང༌།མ་སངས་ཀྱི་སྒྲུང༌། མཆིལ་བའི་སྒྲུང༌།(བརྩམས་སྒྲུང་ཞེས་པའི་མིང་གི་ཐ་སྙད་འདི་བྱུང་ནས་དུས་ཡུན་རིང་བོ་ཞིག་འགོར་མེད་མོད འོན་ཀྱང་དོན་དངོས་ཐོག་བོད་ལ་གནའ་སྔ་མོ་ནས་རྩོམ་ལུས་དེ་བྱུང་འདུག)སོགས་བྱུང་བ་དང༌། དེ་ལས་ཀྱང་དུས་རབས་བཅོ་བརྒྱད་པའི་ནང་དུ་ཐེངས་དང་པོར་བོད་ལ་བྱུང་བའི་བརྩམས་སྒྲུང་རིང་མོ་སྟེ་མདོ་མཁར་ཚེ་རིང་དབང་རྒྱལ་གྱིས་གཞོན་ནུ་ཟླ་མེད་ཀྱི་གཏམ་རྒྱུད་བརྩམས་པ་དེས་བོད་ཀྱི་རྩོམ་རིག་ཁྲོད་དུ་བརྩམས་སྒྲུང་ཞེས་པའི་རྩོམ་ལུས་ཀྱི་རྣམ་པ་ཞིག་གི་གོ་ས་ཕྱེས་བ་དང༌། ཉེ་རབས་རྩོམ་པ་པོ་གྲགས་ཅན་སྐུ་ཞབས་དོན་འགྲུབ་རྒྱལ་གྱིས་བརྩམས་པའི་སྤྲུལ་སྐུ་གཙོ་བྱས་པའི་བརྩམས་སྒྲུང་གི་རྩོམ་ལུས་འདིས་བོད་ཀྱི་རྩོམ་རིག་ཁྲོད་གོ་ས་ངེས་ཅན་ཞིག་ཟིན་ཡོད།   གཞན་ཡང་བོད་ཀྱི་རྩོམ་རིག་ཁྲོད་དུ་ཆེས་སྔ་ཤེས་སུ་གཏོགས་པའི་ཟློས་གར་རས་ཆུང་དབུས་ཕེབས་དང༌། ཡང་ན་གཟིགས་ཀྱི་ཉི་མ། རྒྱ་བཟའ་གོང་ཇོ། པདྨ་འོད་འབར། དོན་ཡོད་དོན་འགྲུབ། འགྲོ་བ་བཟང་མོ་སོགས་ལའང་ང་ཚོས་རྩོམ་ལུས་གཞན་ཞིག་གི་གོ་ས་སྟེར་དགོས་སམ་སྙམ་པའི་བསམ་གཞིག་གི་གཞུ་མོ་ནང་དུ་དགུག་དགོས་བྱུང་ཡོད། འོན་ཏེ་སྤྱི་ལོ་༡༢༧༧ལོར་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་ཆ་ཚང་བོད་སྐད་དུ་བསྒྱུར་བ་ནས་བཟུང༌། བོད་ཀྱི་རྩོམ་རིག་ལ་ལུས་ཀྱི་སྒོ་ནས་དབྱེ་བ་གཏན་ཁེལ་བྱས་པས་སེམས་ཁུར་བྱེད་དོན་གང་ཡང་མེད་སྙམ་ན་དེ་ཡང་མ་ཡིན་ཏེ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ཚོགས་རྗེས། བོད་ཀྱི་ཆབ་སྲིད་དང༌། དཔལ་འབྱོར།   རིག་གནས་སོགས་ལའང་འགྱུར་ལྡོག་མི་ཉུང་བ་བྱུང་བས། བོད་ཀྱི་རྩོམ་པ་པོ་དག་གིས་ཕྱི་ཕྱོགས་ལ་འབྲེལ་འདྲིས་ཀྱི་ཟམ་པ་བཙུགས་ཤིང༌།   རྒྱལ་ཁབ་ཕྱི་ནང་གི་རྩོམ་རིག་གི་དབྱེ་ཚུལ་མི་འདྲ་བ་དུ་མ་བོད་ཀྱི་རྩོམ་རིག་སྤྱིའི་དབྱེ་ཚུལ་དུ་འོས་མིན་གྱི་དྲི་རྟགས་མང་པོ་གཅིག་རྗེས་གཉིས་མཐུད་དུ་བཀོད་འདུག་པ་དང༌། ད་དུང་སྙན་ངག་མེ་ལོང་མ་རུ་བཅད་ལྷུག་སྤེལ་གསུམ་དུ་བསྟན་པ་ལས་གཞན་ད་ལྟ་བྱུང་དང་འབྱུང་བཞིན་པའི་སྒྲུང་རྩོམ་དང༌།    རང་མོས་སྙན་ངག   གློག་བརྙན་འཁྲབ་གཞུང་སོགས་ཡན་གར་དུ་གནས་པའི་རྩོམ་ལུས་འདི་དག་ནི་ངས་འདིར་གླེང་བཞིན་པའི་བོད་ཀྱི་རྩོམ་རིག་གི་དབྱེ་ཚུལ་མི་འདྲ་བའི་རྒྱུ་རྐྱེན་དག་རེད། xXq
        གཉིས་པ།    རྩོམ་རིག་གི་དབྱེ་ཚུལ་མི་འདྲ་བ་འགའ་ངོ་སྤྲད་པ།xXq

       དེ་ཡང་ཨ་མེ་རུ་ཀའི་སྒྱུ་རྩལ་རྟོག་ཞིབ་ཕྱོགས་ཀྱི་མཁས་པ་ཆེན་པོ་བེར་ལག་དང༌། བོ་རེན་གཉིས་ཀྱིས་བརྩམས་པའི་དེང་དུས་ཀྱི་སྒྱུ་རྩལ་རྩོམ་རིགས་གཞུང་《བསྡུས་མིང་སེར་པོའི་རྩོམ་རིག་》ཏུ    (4)གལ་ཏེ་སྐད་ཡིག་རིགས་གཅིག་གི་སྟེང་ནས་སྒྱུ་རྩལ་རྩོམ་རིགས་ཀྱི་གནད་དོན་རྟོག་ཞིབ་བྱེད་པའམ། དཔྱད་གཞི་སྐད་ཡིག་རིགས་གཅིག་པོ་དེ་ལས་བརྩམས་པའི་གཞུང་རྐྱང་བ་ལ་བྱས་ན་ནོར་འཁྲུལ་འབྱུང་ངེས་ཞེས་གསུངས་པས།   ང་ཚོས་ཀྱང་མཐོང་རྒྱ་ཡངས་པར་ཕྱེ་ནས་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རྩོམ་རིག་གི་དབྱེ་ཚུལ་མི་འདྲ་བ་དག་ལས།   བོད་ཀྱི་རྩོམ་རིག་སྤྱིའི་དབྱེ་བ་རུ་བཀོལ་ཆོག་པའི་ལེགས་ཆ་ཚུར་ལེན་བྱེད་རྒྱུ་ཡོད་མེད་ལ་བལྟས་ན།   རྩོམ་རིག་ལ་ཞིབ་ཏུ་འཇུག་པའི་མཁས་པ་རྣམས་ཀྱིས། རྩོམ་རིག་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་རང་རང་ས་ནས་རྩོམ་རིག་ལ་ཚད་གཞི་མི་འདྲ་བའི་དབྱེ་བ་མང་དུ་ཕྱེ་འདུག་ལ།     དེ་ཡང་འདིར་རང་གི་མཐོང་ཐོས་སུ་གྱུར་བའི་རྩོམ་རག་དབྱེ་ཚུལ་མི་འདྲ་བ་འགའ་ངོ་སྤྲད་ན།    ༡ གླིང་བར་མཚོན་ན། གནའ་བོའི་ཕྱི་ལ་རྒྱལ་ཁབ་ཀྱི་མེ་རྫས་སྡུག་རིག་པི་མཁས་པ་ཆེན་པོ་ཡ་ལི་ཧྲི་ཏོ་ཏིས་མཛད་པའི་《སྙན་ངག་རིག་པ》ཞེས་པའི་ནང་དུ་རྩོམ་རིག་ལ་ངོ་བོའི་སྒོ་ནས་རིགས་གསུམ་དུ་དབྱེ་ཕྱེ་འདུག་ལ། ཡིད་ཀྱི་འགྱུར་བ་མཚོན་པའི་རིགས་དང༌། དོན་གྱི་བྱུང་བ་བརྗོད་པའི་རིགས། ཟླ་གར་གྱི་་རིགས་བཅས་གསུམ་པོ་དེ་རེད། དབྱེ་ཚུལ་འདི་ཕྱི་གླིང་བར་མཚོན་ན་ཧ་ཅང་དར་ཆེ་བར་མངོན།    ༢ རྒྱ་ནག་གིས་རྩོམ་རིག་ལ་ལུས་ཀྱི་སྒོ་ནས་རིགས་བཞི་རུ་དབྱེ་བ་ཕྱེ་འདུག་ལ།      དབྱེ་ཚུལ་འདི་ནི་རྩོམ་རིག་གི་བསྟན་བཅོས་ལ་ལུས་ཀྱི་དབྱེ་བ་འབྱེད་སྟངས་ཤིག་ཡིན་པར་བཤད།   དེ་ཡང་སྙན་ངག་དང༌། བརྩམས་སྒྲུང༌།ལྷུག་རྩོམ།ཟླ་གར་བཅས་རྩོམ་ལུས་ཀྱི་སྒོ་ནས་རིགས་བཞི་རུ་དབྱེ་ཚུལ་འདི་གཅིག་གྱུར་རང་བཞིན་དུ་བཀོལ་སྤྱོད་བྱེད་བཞིན་ཡོད།   ༣ བོད་ལ་མཚོན་ན་སྤྱི་ལོ་༡༩༧༧ལོ་ཤོང་ལོ་རྡོ་རྗེ་རྒྱལ་མཚན་གྱིས་སྙན་ངག་མེ་ལོང་བོད་སྐད་དུ་བསྒྱུར་བ་ནས་རྩོམ་ལུས་སམ་སྙན་ངག་ལ་ལུས་ཀྱི་དབྱེ་ཚུལ་(འདི་ལ་བཤད་ཚུལ་མང་ཡང་གཤམ་དུ་རེ་རེ་བཞིན་འཆད)་སྙན་ངག་མེ་ལོང་མའི་ལེའུ་དང་པོར་སྙན་ངག་ གི་ལུས་ཀྱི་མཚན་སྙན་བསྟན་པའི་སྐབས་སུ།   ལུས་ནི་རེ་ཞིག་འདོད་པ་ཡི།། དོན་གྱི་རྣམ་པ་ཚིག་གི་ཕྲེང༌།། ཞེས་མཚན་སྙན་བསྟན་ཅིང༌། རང་གིས་གང་བརྗོད་བྱར་འདོད་པ་ཡི་དོན་གྱི་རྣམ་པར་བཅད་པ་འམ་ཁྱད་པར་དུ་ཕྱེས་པའི་ཚིག་གི་ཕྲེང་བའམ་ངག་གི་རྒྱུན་དེ་ཉིད་ལ་འདོད་ཅེས་པ་དང༌། དེ་ཡང་ཚིགས་བཅད་ལྷུག་པ་དང༌།། སྤེལ་མ་རྣམ་གསུམ་ཉིད་དུ་གནས།། ཞེས་གོང་དུ་བཤད་མ་ཐག་པའི་སྙན་ངག་གི་ལུས་དེ་ཡང་རྣམ་པའི་སྒོ་ནས་ཚིགས་བཅད་དང༌། ཚིགས་ལྷུག བཅད་ལྷུག་སྤེལ་མ་བཅས་གསུམ་དུ་དབྱེ་འདུག་པ་དེ་རེད།     ༤འདི་ནི་བོད་ཀྱི་མཁས་པ་འགས་དབྱེ་ཚུལ་ཞིག་སྟེ། རྒྱལ་ཁབ་ཕྱི་ནང་གི་དབྱེ་ཚུལ་མི་འདྲ་བ་མང་པོ་བླང་དོར་ཡོད་པའི་སྒོ་ནས། བོད་ཀྱི་རྩོམ་རིག་སྤྱིའི་དབྱེ་ཚུལ་དུ་བཞད་པ་ཞིག་རེད། དེ་ལ་ཡིད་ཀྱི་འགྱུར་བ་མཚོན་པའི་རིགས་དང༌། དོན་གྱི་བྱུང་བ་བརྗོད་པའི་རིགས། བླང་དོར་གྱི་གནས་འདོམས་པའི་རིགས་བཅས་ངོ་བོའི་སྒོ་ནས་གསུམ་དུ་དབྱེ་ཞིང༌། དེ་ལྟ་བུའི་རིགས་གསུམ་པོ་དེ་ལ་ལུས་སམ་རྣམ་པའི་སྒོ་ནས་སྙན་ངགམགུར་མ བརྩམས་སྒྲུང༌། རྣམ་ཐར། ཟླ་གར། ལེགས་བཤད། བསླབ་བྱ་བཅས་བདུན་དུ་ཕྱེས་ཡོད།xXq
            གསུམ་པ། དབྱེ་ཚུལ་དེ་དག་བོད་ཀྱི་རྩོམ་རིག་གི་དབྱེ་ཚུལ་དུ་འོས་མིན་ལ་དཔྱད་པ། xXq
 xXq
           མཚམས་འདིར་ང་ཚོས་གོང་གི་རྩོམ་རིག་མི་འདྲ་བ་བཞི་ཡོད་པ་སྟེ། ངོ་བོའི་སྒོ་ནས་རགས་གསུམ་དུ་དབྱེ་ཚུལ་དང༌། རྣམ་པའི་སྟེང་ནས་རིགས་བཞི་རུ་དབྱེ་ཚུལ། ལུས་ཀྱི་སྒོ་ནས་བཅད་ལྷུག་སྤེལ་གསུམ་དུ་དབྱེ་ཚུལ། ཡང་ངོ་བོ་དང་རྣམ་པ་གཉིས་སོ་སོར་དགར་ནས། ངོ་བོ་ལ་རིགས་གསུམ་དང་དེ་ལ་རྣམ་པའི་སྟེང་ནས་ལུས་བདུན་དུ་དབྱེ་་འདི་བཞིར་བཟུཟང་ནས། དབྱེ་ཚུལ་གང་བོད་ཀྱི་རྩོམ་རིགས་སྤྱིའི་དབྱེ་ཚུལ་འོས་མིན་ལ་བལྟས་ན།   xXq
  དང་པོ།    རིགས་གསུམ་དུ་དབྱེ་ཚུལ་འདི་ཕྱི་གླིང་བའི་དབྱེ་ཚུལ་སྟེ།   ཁོ་ཚོས་དབྱེ་ཚུལ་འདི་ཚད་གཞིར་བཟུང་ནས་བཀོལ་རྒྱ་ཧ་ཅང་ཆེ་བར་འདུག     དེས་ན་ང་ཚོས་ཕྱི་གླིང་བའི་དབྱེ་ཚུལ་འདི་བོད་ཀྱི་རྩོམ་རིགས་སྤྱིའི་དབྱེ་ཚུལ་དུ་ཚུར་བླངས་ན་ཆོག་གམ་ཞེ་ན། ང་ཚོས་དཔེ་བརྗོད་འགའ་དྲངས་ནས་བལྟས་ན་གསལ་བོར་རྟོགས་ཆུང་ཡོང༌། གོང་གི་རིགས་གསུམ་དུ་དབྱེ་ཚུལ་དེའི་དང་པོ་ཡིད་ཀྱི་འགྱུར་བ་མཚོན་པའི་རགས་ཡིན་ཏེ། རིགས་དེས་ཐད་ཀར་རང་གི་ཚོར་བ་དང་ཡིད་འགྱུར་གཉིས་མཚོན་པར་བྱེད་པའི་སྒོ་ནས་སྒྱུ་རྩལ་གྱི་སྣང་བརྙན་བཟོ་སྐྲུན་བྱེད་པ་ཞིག་རེད། དཔེར་ན།   ནག་མོ་ཁོལ་གྱིས་བརྩམས་པའི་སྤྲིན་གྱི་ཕོ་ཉ་ལྟ་བུ་རེད།     xXq
       གཉིས་པ་ནི་དོན་གྱི་བྱུང་བ་བརྗོད་པའི་རིགས་ཡིན་ལ།   འདིས་ནི་གཙོ་བོ་མི་སྣ་བཟོ་སྐྲུན་བྱེད་དགོས་པར་མ་ཟད། དེའི་གཤིས་ཀ་མངོན་པར་མཚོན་ཐབས་སྤྱད་ནས་དོན་རྐྱེན་གང་ཞིག་ཞིབ་འབྲི་བགྱིས་ནས་སྒྱུ་རྩལ་སྣང་བརྙན་བཟོ་སྐྲུན་བྱེད་པ་རེད།    དཔེར་ན། དོན་འགྲུབ་རྒྱལ་གྱིས་བརྩམས་པའི་སྤྲུལ་སྐུ་ལྟ་བུ། xXq
      གསུམ་པ་ནི་ཟློས་གར་གྱི་རིགས་ཡིན་ལ།   གཙོ་མི་སྣའི་སྐད་ཆ་དང་ལུས་ཀྱི་འགུལ་བསྐྱོད་ལ་བརྟེན་ནས་སྒྱུ་རྩལ་སྣང་བརྙན་བཟོ་སྐྲུན་བྱེད་པ་རེད།   དཔེར་ན།   ཀླུ་ཀུན་ཏུ་དགའ་བའི་ཟློས་གར་ལྟ་བུ།   འོན་ཀྱངཞིབ་ཏུ་བསམ་བློ་བཏང་ན་གོང་གི་དབྱེ་ཚུལ་འདི་ནི་ངོ་བོའི་སྒོ་ནས་དབྱེ་བ་འབྱེད་པ་ཡིན་ལ།   དེ་ལྟར་འདང་རྒྱབ་ན་ང་ཚོའི་བོད་ཀྱི་རྩོམ་རིག་ཏུ་དབྱེ་ཚུལ་འདི་ལ་ལས་ཡན་གར་དུ་གནས་འདུག་པའང་ཡོད་དེ། དཔེར་ན། ས་སྐྱ་ལེགས་བཤད།དགེ་ལྡན་ལེགས་བཤད།   གུང་ཐང་བསླབ་བྱ་སོགས་བསླབ་བྱའི་སྐོར་གྱི་བརྩམས་ཆོས་མང་པོ་ཞིག    གོང་གི་དོན་གྱི་བྱུང་བ་དང་ཡིད་ཀྱི་འགྱུར་བ་ཟློས་གར་སོགས་གང་དུ་འང་མི་འདུ་བའི་སྐྱོན་ཡོད་པ་དང༌། དགེ་སྡུག་གི་བླང་བྱ་དང་དོར་བྱའི་གནས་ལ་འདོམས་པ་དེ་རེད། དེས་ན་གོང་གི་བརྩམས་ཆོས་དེ་གསུམ་xXq
གྱིས་མཚོན་པའི་ལེགས་བཤད་དང་བསླབ་བྱའི་སྐོར་གྱི་བརྩམས་ཆོས་མི་ཉུང་བ་ཞིག་གིས།   བོད་ཀྱི་རྩོམ་རིག་ཏུ་xXq
ངོ་བོའི་སྒོ་ནས་གོ་ས་ངེས་ཅན་ཟིན་ཡོད་པ་སུས་ཀྱང་ཤེས་པས་ཕྱི་གླིང་བའི་དབྱེ་ཚུལ་འདི་བོད་ཀྱི་རྩོམ་རིགས་སྤྱིའི་དབྱེ་ཚུལ་དུ་མི་རུང་བ་ནི་སྨོས་མ་དགོས་པ་རེད།    xXq
      གཉིས་པ།      རྣམ་པའི་སྒོ་ནས་རིགས་བཞི་རུ་དབྱེ་ཚུལ་སྟེ།   འདི་ནི་རྒྱ་ནག་གི་རྩོམ་རིག་ལ་དབྱེ་བ་འབྱེད་སྟངས་ཤིག་ཡིན་ལ། རྩོམ་རིག་གི་བསྟན་བཅོས་ལ་རྣམ་པའི་སྒོ་ནས་དབྱེ་ཚུལ་དེ་རེད།   དེ་ཡང་སྙན་ངག་དང༌།    བརྩམས་སྒྲུང༌།   ལྷུག་རྩོམ།   ཟློས་གར་བཅས་བཞི་བོ་དེ་རེད།   དེང་སང་བོད་ཀྱི་རྩོམ་པ་པོ་མི་ཉུང་ཞིག་གིས་བོད་ཀྱི་རྩོམ་རིགས་ལ་དབྱེ་ཚུལ་འདིའི་ཁོངས་སུ་མ་གཏོགས་པ་མེད་པར་འདོད་པ་དང།   འདི་ནི་བོད་ཀྱི་རྩོམ་རིགས་སྤྱིའི་དབྱེ་ཚུལ་དུ་འོས་རབས་གླེང་གི་འདུག་མོད་དུས་རབས་ཀྱི་འཕོ་འགྱུར་ཁྲོད་ནས་བོད་ཀྱི་དཔལ་འབྱོར་དང་རིག་གནས་སོགས་ཆེས་ཆེར་དར་ཡོང་དུས། བོད་ཀྱི་རྩོམ་རིག་སྒྱུ་རྩལ་ལའང་དེ་ལྟར་འཕེལ་རྒྱས་བྱུང་བས།   སྙན་ངག་དང༌།   བརྩམས་སྒྲུང༌།   ལྷུག་རྩོམ།   ཟློས་གར་གང་དུ་འང་མི་གཏོགས་པའི་གློག་བརྙན་འཁྲབ་གཞུང་ཟེར་བའི་རྩོམ་རིག་ཅིག་བྱུང་དང་འབྱུང་བཞིན་པ་དེ་རེད།     འོན་ཀྱང་རྩོམ་རིག་གི་ཆ་ནས་བྱིས་པ་ནར་མ་སོན་པ་ལྟར་རང་ཚུགས་མི་ཐུབ་ལ།   ལོས་འཇོག་གིས་བཤད་ན་གྲངས་ཀའི་ཐད་ནས་ཀྱང་ཧ་ཅང་ཉུང་བས།  དེ་ལ་ཟུར་དུ་བོད་ཀྱི་རྩོམ་རིག་གི་ལུས་ཀྱི་དབྱེ་བ་ཕྱེ་དགོས་པའི་གནས་མེད་པར་སྙམ་སྲིད་ནའང༌། ཀུན་གྱིས་ཤེས་གསལ་ལྟར་བོད་ཀྱི་འཚོ་བ་དངོས་མཚོན་ཡོད་པའི་བོད་ཀྱི་གློག་བརྙན་ཧི་མ་ལ་ཡ་དང༌། མ་ཎི་རྡོ་འབུམ།   མོ་སྟོན་ཕག་མགོ་སོགས་བགྲང་རན་ཡོད་པའི་གློག་བརྙན་འགའ་བྱུང་ཡོད་པ་དང༌། ད་དུང་ཡང་མུ་མཐུད་དུ་འབྱུང་རྒྱུ་ཡིན་པ་གནས་བབ་གང་ལ་གཞིག་ཀྱང་རྟོགས་སླ་བས།   རིགས་བཞི་རུ་དབྱེ་ཚུལ་འདི་ཡང་བོད་ཀྱི་རྩོམ་རིག་སྤྱིའི་དབྱེ་ཚུལ་དུ་ཚུར་བླངས་ན་དེ་འདྲའི་འཐུཝས་ཚང་དུ་མི་འགྲོ་བས་མི་ཐད་དོ།།xXq
       གསུམ་པ།    སྙན་ངག་མེ་ལོང་མའི་གཞུང་ལས་བསྟན་པའི་བཅད་ལྷུག་སྤེལ་གསུམ་དུ་དབྱེ་ཚུལ་དེ་ཡིན་ལ། xXq
འདི་ལ་བོད་ཀྱི་མཁས་པ་མང་པོས་རང་བློས་ཅི་ལྕོགས་ཀྱིས་ཚད་གཞི་མི་འདྲ་བའི་སྒོ་ནས་དཔྱད་པ་གནང་ཡོད་དེ། (འདིར་སྙན་ངག་མེ་ལོང་མ་རྒྱན་གྱི་བསྟན་བཅོས་སུ་བཞད་པ་ལ་ མེ་ལོང་མའི་དབྱེ་ཚུལ་དེ་ཡང་རྒྱན་གྱི་དབྱེ་ཚུལ་ཡིན་པ་དང༌།    སྙན་ངག་གི་གཞུང་དུ་འདོད་ན།   དབྱེ་ཚུལ་དེ་ཡང་སྙན་ངག་གི་དབྱེ་ཚུལ་ཡིན་པ་ཤེས་དགོས)༡ སྙང་ངག་མེ་ལོང་མ་རྒྱན་གྱི་བསྟན་བཅོས་སུ་འདོད་པ། ༢ སྙན་ངག་གི་གཞུང་ཞིག་ཏུ་འདོད་པ། ༣ སྒྱུ་རྩལ་རྩོམ་རིག་སྤྱིའི་གཞུང་ཉིད་དུ་འདོད་པ་བཅས་རེད།    དང་པོ་རྒྱན་གྱི་བསྟན་བཅོས་སུ་འདོད་པ་འདིས་མེ་ལོང་མིའི་གཞུང་གི་བསྟན་བྱ་གཙོ་བོ་ཤར་ལྷོ་ཐུན་མོང་མ་ཡིན་པའི་རྒྱན་བཅུ་དང༌།    ཐུན་མོང་བིའིདོན་རྒྱན་སྒྲ་རྒྱན། གབ་ཚིག་གི་རྒྱན་སོགས་རྒྱན་གྱི་དབྱེ་བ་མང་པོ་ཞིབ་ཏུ་བསྟན་ཡོད་པས་རྒྱན་གྱི་བསྟན་བཅོས་སུ་འདོད་པ་ཡིན་མོད། འོན་ཀྱང་འདི་ལ་ཨ་ལགས་དོར་ཞི་ཚང་གིས་འདི་ལྟར་གསུངས་འདུག་སྟེ།མདོར་ན་མེ་ལོང་མ་ནི་རྩོམ་རིགས་ཕྱོགས་ཀྱི་གནད་དོན་གལ་ཆེན་རིགས་ཕལ་ཆེར་གཏན་འབེབས་བྱས་ཡོད་པའི་སྒྱུ་རྩལ་རྩོམ་རིགས་ཀྱི་གཞུང་ལུགས་ཆ་ཚང་ཞིག་ཡིན་པས།   རྒྱན་གྱི་བསྟན་བཅོས་ཞེས་བཏགས་ན་ནམ་མཁའ་ལ་སྐར་མའི་མིང་གིས་བཏགས་པའི་དཔེ་རུ་སོང་བ་མིན་ནམ་ཞེས་སྐྱོན་གསལ་བོར་བཏང་ཡོད་པས་བློ་དམན་བདག་གིས་འདིར་ངལ་བར་བརྟེན་མི་དགོས་སོ། ། དེས་ན་ཕྱི་མ་གཉིས་ནི་དོན་གྱིས་གཅིག་ཏུ་བབས་འདུག་སྟེ།དེ་ཡང་ཨ་ལགས་དོར་ཞི་ཚང་གིས་སྙན་ངག་མེ་ལོང་ཞེས་པའི་སྙན་ངག་ནི་སྒྲ་ཡང་འཇུག་ཏུ་བཀྲལ་ན་གཞུང་གི་དོན་དང་ཤུན་ཏུ་འབྱོར་བར་བསམ་མོ་ཞེས་དང༌།   ཡང་རང་རེའི་བོད་ཀྱི་སྙན་གཞུང་རྣམས་སུ་ཡང་སྔར་ནས་བཟུང་རྩོམ་རིག་ཅེས་པའི་ཐ་སྙད་འདི་འདྲ་ཞིག་སྤྱོད་སྲོལ་ཡོད་མེད་ལ་ངེས་པ་མ་མཆིས་ཀྱང༌།གོང་གསལ་རྩོམ་རིག་གི་ལོ་རྒྱས་དང་འདྲ་བར་སྒྲ་ཡང་འཇུག་དབང་དུ་བྱས་པའི་སྙན་ངག་གིས་རྩོམ་རིག་གི་དོན་མཐུན་ཐ་སྙད་གཅིག་ཏུ་བྱས་ནས་སྤྱད་དང་སྤྱོད་མུས་ཡིན་པ་ནི་བློ་དང་ལྡན་པ་སུས་ཀྱང་བསྙོན་མེད་ཡིན་པའི་དོན་དངོས་ཤིག་ཡིན་ནོ་ཞེས་གསུངས་པ་སོགས་ལས་གོང་གི་སྙན་ངག་གི་གཞུང་དུ་འདོད་པ་དང༌།    སྒྱུ་རྩལ་རྩོམ་རིག་སྤྱིའི་གཞུང་དུ་འདོད་པ་གཉིས་ལ་མི་འདྲ་བའི་ཁྱད་པར་མེད་པ་གསལ་བོར་ཤེས་ཐུབ། དེས་ནའདིར་སྙན་ངག་མེ་ལོང་མ་སྒྱུ་རྩལ་རྩོམ་རིག་སྤྱིའི་གཞུང་ཡིན་པའི་འདོད་པ་འདི་གཞིར་བྱས་ནས་བཅད་ལྷུག་ཕལ་གསུམ་གྱི་དབྱེ་ཚུལ་དེ་ལས་བལྟས་ན།   དབྱེ་ཚུལ་འདི་ནི་ལུས་སམ་རྣམ་པའི་སྒོ་ནས་དབྱེ་འདུག་པ་ཤེས་སླ་ལ།དེ་ཡང་གོང་ནས་བཤད་ཟིན་ལྟར་ཚིགས་བཅད་དེ་རྐང་པ་བཅད་པ་དང༌། ལྷུག་པ་རྐྱང་བ། དེ་གཉིས་བསྲེས་པའི་སྤེལ་མ་བཅས་གསུམ་དུ་དབྱེ་འདུག་པ་དེ་རེད།    དེས་ན་བོད་ཀྱི་རྩོམ་རིག་གང་ཡིན་ནའང་དབྱེ་ཚུལ་འདི་ལས་མ་འདས་པ་ཨེ་རེད་ཅེ་ན།    དེ་ཡང་མ་ཡིན་ཏེ་ང་ཚོས་ཤེས་གསལ་ལྟར་བོད་ཆབ་སྲིད་བོན་སྒྲུང་ལྡེའུ་གསུམ་གྱིས་བསྐྱངས་ཞེས་པའི་ལོ་རྒྱུས་ཡོད་ལ། དེ་ཡང་ཆོས་འབྱུང་མཁས་པའི་དགའ་སྟོན་དུ་རྒྱལ་པོ་སྤུ་དེ་གོང་རྒྱལ་གྱི་རིང་ལ་མདོ་སྡེ་འབྱུང་བའི་སྔ་ལྟས་སུ་སྒྲུང(འདི་ལ་བརྩམས་སྒྲུང་ཞེས་མིང་རྗེས་ནས་བཏགས་པ་ལས། ངོ་བོ་དང་རྣམ་པ་གཉིས་ཀའི་སྟེང་ནས་འདྲ་བར་སེམས)རྣམས་དར།   རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང༌། མ་སངས་ཀྱི་སྒྲུང༌།   མཆིལ་བའི་སྒྲུང་སོགས་ཉན་བྱེད་དང་ཞེས་གསུངས་པ་ལས་ང་ཚོས་སྐབས་དེ་དག་ཏུ་འང་བོད་ལ་བརྩམས་སྒྲུང་གི་རྣམ་པ་ཡོད་པ་ཤེས་ཐུབ ངས་འདིར་བཤད་འདོད་པ་ནི་གོང་གི་རྩོམ་ལུས་འདིས་བོད་ཀྱི་རྩོམ་རིག་སྒྱུ་རྩལ་གྱི་གར་སྟེགས་སྟེང་གོ་ས་ངེས་ཅན་བཟུང་ཡོད་པར་མ་ཟད།xXq
       བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གི་རྩོམ་་སྔ་གྲས་སུའང་གཏོགས་མོད། འོན་ཀྱང་སྙན་ངག་མེ་ལོང་དུ་ངོ་བོ་རྣམ་པའི་དབྱེ་བ་གང་ཡང་བསྟན་མི་འདུག      ང་ཚོས་ཕྱོགས་གཞན་ཞིག་ནས་འདང་རྒྱབ་ནའང་སྙན་ངག་མེ་ལོང་མ་འདི་བོད་འགྱུར་གྱི་གཞུང་ཞིག་ཡིན་པས་རྩོམ་པ་པོ་གང་དེས་གཞུང་འདི་རྩོམ་སྐབས་བོད་ཀྱི་རྩོམ་རིགས་སྤྱི་ལ་དགོངས་ནས་བརྩམས་པ་ཡིན་པའི་དབང་དུ་བཏང་རུང༌།   ད་སྐབས་བྱུང་དང་འབྱུང་བཞིན་པའི་རང་མོས་སྙན་ངག་དང༌། སྙན་འཇེབས་ལྷུག་རྩོམ།   གློག་བརྙན་འཁྲབ་གཞུང་སོགས་མང་པོ་ཞིག་སྐབས་ཐོག་དེར་དར་མེད་པས་གཞུང་དེ་རུ་མ་བསྟན་པ་རེད་ཟེར་ཀྱང་ཆོག    གོང་གི་རྩོམ་ལུས་འདི་དག་ལ་ཅིས་ཀྱང་གཤོལ་ཐབས་མེད་པས་སྙན་ངག་མེ་ལོང་ནི་སྒྱུ་རྩལ་རྩོམ་རིགས་སྤྱིའི་གཞུང་ཞིག་ཏུ་འདོད་པ་དེ་ཡང་རང་ཤུགས་ཀྱིས་ཉམས་འགྲོ་གི་རེད།   དེས་ན་བཅད་ལྷུག་སྤེལ་གསུམ་གྱི་དབྱེ་ཚུལ་འདི་ཡང་བོད་ཀྱི་རྩོམ་རིག་སྤྱིའི་དབྱེ་ཚུལ་དུ་བཀོལ་ན་དེ་འདྲའི་ཆ་ཚང་བ་ཞིག་མ་ཡིན་པས་ཡང་ང་ཚོས་ཕྱོགས་གཞན་ཞིག་ལ་བསམ་བློ་གཏོང་དགོས་འདུག    བཞི་བ་ནི་དེང་སང་གི་དབྱེ་ཚུལ་གསར་བ་ཞིག་སྟེ་ཅུབ་ཞིབ་ཆ་ལྡན་པའི་སྒོ་ནས་དབྱེ་བ་ཕྱེ་འདུགxXq
       དེ་ཡང་གོང་ནས་བཤད་ཟིན་ལྟར་དོན་གྱི་བྱུང་བ་བརྗོད་པའི་རིགས་དང༌།   ཡིད་ཀྱི་འགྱུར་བ་མཚོན་པའི་རིགས།   བླང་དོར་གྱི་གནས་འདོམས་པའི་རིགས་བཅས་ངོ་བོའི་སྒོ་ནས་གསུམ་དང༌།   རྣམ་པའི་སྟེང་ནས་སྙན་གང་དང༌། མགུར་མ།   བརྩམས་སྒྲུང༌།   རྣམ་ཐར།  ཟློས་གར།   ལེགས་བཤད། བསླབ་བྱ་བཅས་བདུན་དུ་ཕྱེ་ཡོད་པ་དེ་རེད།     དབྱེ་ཚུལ་འདི་ནི་ངོ་བོ་དང་རྣམ་པ་མ་འདྲེས་པར་སོ་སོར་ཕྱེས་ནས་དབྱེ་བའི་དབྱེ་ཚུལ་ཞིག་སྟེ་ཅུང་ཞིབ་ཆ་ལྡན་པའི་དབྱེ་ཚུལ་ཞིག་ཏུ་འདུག    ཡིན་ན་འང་ཞིབ་ཏུ་བསམ་ན་དེ་ཡང་རྣམ་གྲངས་མང་དྲག་པའམ་བློར་མི་བདེ་བའི་དབྱེ་ཚུལ་ཞིག་ཏུ་མཐོང༌།   གང་རེད་ཅེ་ན།   ང་ཚོས་གོང་ནས་ཡང་ཡང་གླེང་མྱོང་བའི་གློག་བརྙན་འཁྲབ་གཞུང་དང་ལྷུག་རྩོམ་གཉིས་ནི་འདིར་ངོ་བོ་སྒོ་ནས་དབྱེ་ཚུལ་གསུམ་པོའི་གང་རུང་དུ་འདུ་ལ།xXq
      དེ་ཡང་གློག་འཁྲབ་གཞུང་དོན་གྱི་བྱུང་བ་བརྗོད་པའི་ཁོངས་སུ་བསྡུས་ཆོག་ལ།   ལྷུག་རྩོམ་ཡིད་ཀྱི་འགྱུར་བ་མཚོན་པའི་ཁོངས་སུ་གཏོགས།   ཡིན་ན་འང་ལུས་ཀྱི་དབྱེ་ཚུལ་དུ་རྩོམ་ལུས་འདི་ས་མི་འདུ་བར་མ་ཟད་ལུས་ཀྱི་དབྱེ་བ་བདུན་པོ་དེ་ཡང་ཅུང་ཉོག་འདུག་པར་མཐོང་སྟེ། ལུས་ཀྱི་རྣམ་པའི་སྟེང་ནས་བལྟས་ན་སྙན་ངག་དང༌།   མགུར་མ། བསླབ་བྱ་སོགས་ནི་མང་ཆེ་ཤས་ཚིགས་བཅད་དུ་སྣང་བས་ལུས་ཀྱི་སྟེང་ནས་རྩོམ་ལུས་འདི་དག་སོ་སོར་དགར་བ་ལ་དགོས་པ་ཆེར་མ་མཐོང༌།   ཡང་བརྩམས་སྒྲུང་དང༌།   རྣམ་ཐར་ཟློས་གར་གསུམ་པོ་འདི་ལ་ལུས་ཀྱི་སྟེང་ནས་ཁྱད་པར་ཅི་ཡོད་ཅེ་ན།   དེ་ཡང་མོག་མོག་གི་གནས་སུ་མི་འགྲོ་བའི་ངེས་པ་མེད་དེ་ཚང་མ་ཚིགས་ལྷུག་ཡིན་པའི་ཕྱིར།      དེའི་ཕྱིར་དབྱེ་ཚུལ་འདི་ལའང་གོང་གསལ་སྐྱོན་མང་པོ་ཞིག་བབས་ཡོང་བས་བོད་ཀྱི་རྩོམ་རིགས་སྤྱིའི་དབྱེ་ཚུལ་དུ་མི་འཕྲོད་པར་འདུག xXq
       བཞི་བ།     བོད་ཀྱི་རྩོམ་རིག་དབྱེ་ཚུལ་དངོས་བཤད་པ།xXq
       ང་ཚོས་གོང་གི་རྩོམ་རིག་གི་དབྱེ་ཚུལ་མི་འདྲ་བ་དེ་དག་ལ་དབྱེ་ཞིབ་བྱས་ནས་ཡོང་དུས།   དབྱེ་ཚུལ་དེ་དག་གང་ཡིན་ནའང་བོད་ཀྱི་རྩོམ་རིགས་སྤྱིའི་དབྱེ་ཚུལ་དུ་མི་རུང་བ་དང༌།    ཁོ་བོ་འདོར་ལེན་གྱི་ལས་ཀར་འཇུས་ནས་བོད་ཀྱི་རྩོམ་རིག་ལ་དབྱེ་ཚུལ་གཞན་ཞིག་གཏན་འབེབས་བྱ་ཐུབ་པའི་དབང་དུ་བཏང་རུང་རྡོ་རིལ་བུ་མཁར་གྱི་དཀྲུགས་ཤིང་དུ་མི་འགྱུར་བའི་ངེས་པ་མེད་པས།    འདིར་བོད་ཀྱི་མཁས་ཆེན་འགའི་བཞད་ཚུལ་ཐུན་མོང་མ་ཡིན་པ་ཞིག་རང་གི་འཐད་ཕྱོགས་ཀྱིས་རེ་བ་ཞུ་འདོད་པ་དང༌། གོང་གི་དབྱེ་ཚུལ་དེ་དག་དང་གཏན་མི་འདྲ་བར་འཐུས་ཚང་ཅན་དང༌། ཁྱབ་ཁོངས་ཅན་ཞིག་སྟེ་བོད་ཀྱི་རྩོམ་རིག་གང་ཡིན་འང་དབྱེ་ཚུལ་འདི་ལས་འདའ་མེད་ཕྱིར།    ངས་འདིར་གལ་བོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་དབྱེ་ཚུལ་འདི་བོད་ཀྱི་རྩོམ་རིག་སྤྱིའི་དབྱེ་ཚུལ་དུ་འོས་པར་གླེང་རྒྱུ་ཡིན།    དབྱེ་ཚུལ་འདི་ནི་བོད་ཀྱི་རྩོམ་རིག་ལ་རྣམ་པའི་སྒོ་ནས་དབྱེ་བ་འབྱེད་སྟངས་ཤིག་སྟེ། སྙན་ཚིག    སྒྲུང་གསར།   ཟློས་གར།  འཁྲབ་གཞུང༌།   སྙན་འཇེབས་ཚིག་ལྷུག་བཅས་ལྔ་བོ་དེ་རེད། དེ་ཡང་དང་པོ་སྙན་ཚིག་ལ་ངོ་བོའི་སྒོ་ནས་སེམས་ཀྱི་ཉམས་སྣང་སྟོན་པའི་སྙན་ཚིག་དང༌།   དོན་གྱི་བྱུང་རབས་སྟོན་པའི་སྙན་ཚིག་གཉིས་སུ་ཕྱེས་ཏེ་སྒྱུ་རྩལ་རྩོམ་རིག་གི་ཉམས་ཀྱིས་ཕྱུག་པའི་སྙན་ཚག་མགུར་གླུ་དང༌། ལེགས་བཤད། བསླབ་བྱ།   བསོད་ཚོགས་དང་གླུ་གཞས་སོགས་དང་པོའི་ཁོངས་སུ་གཏོགས་ལ།   མི་སྣ་དང་དོན་གྱི་བྱུང་ཚུལ་གྱིས་སྒྱུ་རྩལ་སྣང་བརྙན་གཙོ་བོར་སྟོན་པའི་རྣམ་ཐར་དང༌། རྟོགས་བརྗོད་སོགས་གཉིས་པ་རུ་འདུ། གཉིས་པ་སྒྲུང་གསར།   དེང་སང་རྒྱས་འབྲིང་བསྡུས་གསུམ་དུ་འབྱེད་སྲོལ་ཡོད་ལ། དེ་ཡང་གཙོ་བོ་བརྗོད་བྱ་རྒྱ་ཆེ་ཆུང་དང༌།   མི་སྣ་མང་ཉུང༌།    རྩོམ་གྱི་རིང་ཐུང་གི་ཆ་ནས་དབྱེ་གྱིན་འདུག    ང་ཚོས་གོང་གི་བཅད་ལྷུག་ཕལ་གསུམ་གྱི་དབྱེ་ཚུལ་སྐབས་ཁྱེར་ས་འཇོག་ས་མ་རྙེད་པའི་བརྩམས་སྒྲུང་གི་རྩོམ་ལུས་དེ་འདིར་དཀའ་ལས་ཅི་ཡང་མེད་པ་འང་ཤེས་དགོས།   xXq
  གསུམ་པ་ཟློས་གར་འཁྲབ་གཞུང་ནི།   འཁྲབ་སྟོན་གྱི་རྩོམ་རིག་ཡིན་པས་འཁྲབ་སྟེགས་ཀྱི་ཁྱད་ཆོས་དང་འཁྲབ་སྟོན་གྱི་དུས་ཡུན་བསྟུན་དགོས་འདུག་པས། བྱུང་རབས་དང་འགལ་འབྲེལ་བྱས་ནས་སྟོན་པ་རྩ་བའི་ཁྱད་ཆོས་ཡིན་པར་གསུངས་འདུག    དེ་ལ་ངོ་བོའི་སྒོ་ནས་མྱ་ངན་བསྐྱད་པའི་ཟློས་གར་དང༌།    དགའ་ཞིང་དགོད་བྲོ་བའི་ཟློས་གར།འདྲེས་མའི་ཟློས་གར་བཅས་གསུམ་དུ་དབྱེ་འདུག་ལ།   ངས་གོང་ནས་བཤད་འི་གློག་བརྙན་རྩོམ་རིག་ཀྱང་འདིའི་ནང་དུ་འདུ་བ་སྨོས་མེད་རེད བཞི་བ་སྙན་འཇེབས་ཚིག་ལྷུག་ནི།    སྤྱི་ཚོགས་འཚོ་བའི་གནས་ཚུལ་དང་རང་བྱུང་ཁམས་ཀྱི་ཁྱད་ཆོས་སོགས་རང་མཐོང་སྣང་དང་སྦྱར་ནས་སྙན་ཞིང་འཇེབས་པའི་ཚིག་ལྷུག་གི་ལམ་ནས་སྟོན་པའི་སྒྱུ་རྩལ་རྩོམ་རིག་ཅིག་ཡིན་པར་གསུངསའདུག འདི་ལ་ཡང་ངོ་བོའི་སྒོ་ནས་དོན་བརྗོད་ལྷུག་རྩོམ།   ཡིད་བརྗོད་ལྷུག་རྩོམ། ལུགས་བརྗོད་ལྷུག་རྩོམ་བཅས་དབྱེ་སྲོལ་མི་འདྲ་བ་མང་ཡང་འདིར་སྐབས་སུ་མ་བས་ཏེ་དབྱེ་ཚུལ་གང་ལྟར་ཀྱང་སྙན་འཇེབས་ཚིག་ལྷུག་གི་ཁོངས་སུ་གཏོགས་པའི་ཕྱིར་རོ།།ང་ཚོས་བོད་ཀྱི་རྩོམ་རིག་གི་དབྱེ་ཚུལ་འདི་རེ་རེ་བཞིན་དྲངས་ནས་བལྟས་ན། འདི་ནི་བོད་ཀྱི་རྩོམ་རིག་གི་སྤྱིའི་དབྱེ་ཚུལ་དུ་བཀོལ་ཆོག་ཡིན་པ་དང༌།   བོད་ཀྱི་རྩོམ་རིག་གང་ཡིན་ཡང་དབྱེ་ཚུལ་འདི་ལས་མ་འདས་ཕྱིར་རྣམ་པའི་སྒོ་ནས་ལྔ་རུ་དབྱེ་ཚུལ་འདི་བོད་ཀྱི་རྩོམ་རིག་སྤྱིའི་དབྱེ་ཚུལ་དུ་རེ་བ་བཏོན་པ་དང་བཅས་མཇུག་བསྡུ་རྒྱུ་ཡིན།  xXq

          མཇུག་གི་གཏམ།xXq

         བོད་ཀྱི་རྩོམ་རིག་དབྱེ་ཚུལ་འདི་ལ་གོང་ནས་བཤད་ཟིན་ལྟར་དབྱེ་ཚུལ་མང་ལ། དེ་ཡང་གཙོ་བོ་རང་རང་གི་བློ་སྟོབས་ཀྱིས་གསར་བཏོད་ཅིག་གི་གྲགས་སྐམ་ཁོ་ནར་དམིགས་ནས།   བོད་ཀྱི་རྩོམ་རིག་དབྱེ་ཚུལ་གྱི་ཐད་ལརྙོག་འཛིང་བཟོ་བ་ལྟ་བུ་མི་ཉུང་བ་ཞིག་ཡོད།   ཁོ་བོས་བསམ་ན་དེ་ནི་གཙོ་བོ་མ་ཡིན་ཏེ།   གཙོ་བོ་ནི་ཁྱབ་ཨང་གསར་རྒྱ་ཆེ་བ་དང་འཐུས་ཚང་ཅན་གྱི་དབྱེ་ཚུལ་གོང་གི་འདི་ལྟ་བུ་གཅིག་གྱུར་རང་བཞིན་ཅན་དུ་བོད་ཀྱི་རྩོམ་རིག་སྤྱིའི་དབྱེ་ཚུལ་ཨེ་འགྲོ་བར་འབད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཡིན་པར་འདོད།    ཁོ་བོ་ད་དུང་ཡིད་མ་ཚིམས་པ་ཞིག་ལ་བཞི་བྲོ་གརཙོམ་རིག་དབྱེ་ཚུལ་དངོས་སྐབས་སུ་རྩོམ་ལུས་མི་འདྲ་ལྔ་བོ་དེ་དག་ལ་རེ་རེ་བཞིན་འབྱུང་ཁུངས་དང༌། དབྱེ་བ། ཁྱད་ཆོས་སོགས་རྒྱས་པར་བཤད་འོས་མོད། དཔྱད་རྩོམ་འདིར་ཡིག་འབྲི་ལ་ཚདབཀག་ཡོད་པས།    འདིརརྩོམ་ལུས་རྣམས་ཀྱི་བསྡུ་ཚུལ་ཙམ་ཞིག་ཉུང་བསྡུས་ཅི་ཐུབ་ཀྱི་མི་འགོད་ཐབས་མེད་རེད།    གཞན་ཁོ་བོ་དཔྱད་རྩོམ་ལ་འཇུག་པའི་གོམ་པ་དང་པོ་ཡིན་ཕྱིར་རྩོམ་ཐུང་འདིར་མཐོང་ཐོས་ཉུང་བའི་གོ་འཛོལ་དང་སྐྱོན་མི་ཉུང་བ་ཞིག་ཡོད་སྲིད་པས།    མཁྱེན་དཔྱོད་ཡངས་པའི་ཀློག་པ་པོ་རྣམ་པས་བསམ་འཆར་དང་དགག་བཞག་ལྷུག་པར་སྤེལ་རྒྱུ་ཕྲན་ཆཝང་ངའི་རེ་བ་ཡིན། xXq
 xXq
དཔྱད་གཞིའི་ཡོང་ཁུངས། xXq
(1)(2)བདུད་ལྷ་རྒྱལ་གྱི་སྙན་ངག་གི་བྱུང་འཕེལ་དང་འབྲེལ་ཏེ་སྐབས་སོ་སོའི་སྙན་ངག་གི་གོ་དོན་གླེང་བ། (2))(4)ཀུན་དགས་བརྩམས་པའི་བོད་ཀྱི་རྩོམ་རིག་གཞུང་ལུགས་སྐོར་གྱི་རྣམ་བཤད།xXq
ཟུར་བལྟས་དཔེ་ཆ༡ཨ་ལགས་དོར་ཞི་ཚང་གི་སྙན་ཚིག་རིག་པའི་ཤེས་བྱ་གནད་བསྡུས་ཀྱི་བཤད་སྦྱར་རྩོམ་རིག་འཇུག་སྒོ།༢བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས་ཀྱི་དེབ་གསུམ་པ་ལས་དྲངས།xXq
  ༣རྩོམ་རིག་རྣམ་བཤད།    སྟོབས་རྒྱལ་གྱིས་བརྩམས།༤བོད་ཀྱི་རྩོམ་རིག་བྱུང་འཕེལ་དང་ལོ་རྒྱུས་དང་ཁྱད་ཆོས་རིག་འཛིན་བྱེ་བའི་རོལ་མཚོ།     ལྷ་རྒྱལ་ཚེ་རིང༌།xXq
 xXq
 ཆེད་ཞུ།xXq
འདི་ནི་ང་རང་སློབ་མཐར་ཕྱིན་ཁར་མཐར་ཕྱིན་ཆེད་རྩོམ་གྱི་ཚུལ་དུ་བྲིས་པ་ཡིན་ལ་ཟླ་འགར་དཔེ་བལྟས་བྱས་པ་ལས་བྲིས་པ་ཡིན་པས་སྐྱོན་ཆ་མང་སྲིད་ན་རྒྱ་ཆེའི་ཀློག་པ་པོས་དགོངས་འཆར་གནང་རོགས།xXq

 xXq

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།