༄༅།། གསེར་ཉ།
སྤེལ་དུས།  2017-11-14  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། མོ་ཡན་(莫言)གྱིས་བརྩམས། ༼ མཚོ་སྔོན་མི་རིགས་སློབ་ཆེན།༽ རུ་མང་ཀླུ་མཁར་རྒྱལ་གྱིས་བསྒྱུར།  རྩོམ་སྒྲིག་པ། lobsang

ཟླ་བ་མཁའ་རུ་འཕགས་ཤིང་སྔོ་རྩྭའི་མཚེའུ་དེ་དངུལ་འོད་ཆེམ་ཆེམ་འཕྲོ་བའི་མེ་ལོང་ཆེན་པོ་ཞིག་ཏུ་གྱུར། སྐབས་འགར་ཉེའུ་ཆུ་ངོས་སུ་མཆོངས་པས་དངུལ་མདོག་གི་སྐུད་རིས་རེ་དབྱེ་ཡོང་། ཉེའུ་ཆུར་འཛུལ་དུས་དངུལ་མདོག་གི་མེ་ལོང་གཡོ་འགུལ་བཏང་སྟེ་གཉེར་རིས་སྒོར་མོ་རེ་རེ་འཁྱོམ་པར་ཕྱེས།fz9

     མཚོའུ་འགྲམ་གྱི་རྒྱ་ལྕང་སྡོང་རྒན་ཞིག་གི་འོག་ཏུ་སྤོ་བོ་དང་ཚ་བོ་གཉིས་ཁུ་སིམ་མེར་བསྡད་ཡོད། སྤོ་བོས་ཐ་མག་རྡོ་ཐལ་འཐེན་བཞིན་རྭ་ཙེའི་ནང་གི་མེ་སྟག་ལན་རེར་གསལ་ལ་ལན་རེར་མོག་པོར་གྱུར་ཏེ་ཁོའི་ཞལ་བག་དྲོན་པོའི་ངོ་གདོང་ར་བེ་རིབ་བེ་ཞིག་མཐོང་ཡོང་།fz9

  “སྤོ་བོ། ཉ་རྒྱ་གཏོར་རན་སོང་།”fz9

  “ཨོ། གཏོར།”fz9

   སྤོ་བོ་ཡར་ལངས་ཏེ་ལྕགས་ཕུར་སྟེང་དཀྲིས་པའི་གྲུབ་དབྱིབས་ཉ་རྒྱ་འཐེན། ཉ་རྒྱའི་རྣམ་པ་ནི་ལྗིད་འདེགས་འཕྲུལ་འཁོར་ཞིག་དང་འདྲ་བར་སྨྱུག་དབྱུག་རིང་པོའི་སྨྱུག་རྩེར་དྲ་ཕད་བཀལ་ཡོད། དྲ་ཕད་ཧ་ཅང་ལྗིད། ཉ་བ་རྒན་པོས་འཐེན་པ་ཧ་ཅང་དལ་ཞིང་ཆུའི་མཇིང་ལ་ནུབ་པའི་དྲ་དལ་གྱིས་ཡར་འཕགས། གློ་བུར་ཆུ་ནང་ནས་སྒྲ་ཞིག་གྲགས།fz9

   “སྤོ་བོ། ཉ་ཆེ་ཨང་།”fz9

     སྤོ་བོས་དྲ་བ་ཆུ་ངོས་སུ་འཐེན་པ་ན་ཟླ་འོད་ཉ་རྒྱའི་སྟེང་འཕྲོས། དྲ་བའི་ནང་གསེར་མདོག་གི་འོད་མདངས་མཆེད་པའི་ཉ་ཞིག་ཡོད། ཁོས་ཉ་རྒྱ་མཚེའུའི་ངོགས་སུ་བསྐོར་བ་དང་ཚ་བོ་ཆུང་བས་དགའ་མཆོང་གིས་གསེར་ཉ་བཟུང་ནས་ཆུ་ཟོམ་ནང་འཇུག་གྲབས་བྱེད་ཀྱིན་ཡོད། ཉ་ཆུང་ཟོམ་ནང་དུ་ལན་འགར་ལྡིང་མཐར་སྒྲ་མེད་པར་གྱུར། སྤོ་བོས་སླར་ཡང་དྲ་བ་ཆུ་ནང་དུ་གཏོར་རྗེས་ཁ་ཕྱིར་འཁོར་ནས་ཟོམ་ནང་གི་ཉ་ལ་བལྟས།fz9

  “སྤོ་བོ། ཉ་འདིའི་ལྗིད་ཚད་ལ་རྒྱ་མ་དྲུག་བདུན་ཡོད་ཀྱི་རེད།”fz9

   “ཡོད་པ་འདྲ།”fz9

    “ཉ་ཅི་ཞིག་ཡིན་ནམ། སྤོ་བོ།”fz9

   སྤོ་བོས“ཚག”སྒྲ་དང་བཅས་འབར་ཞུན་སྒྲོན། མེ་འོད་ཀྱིས་ཆུ་ཟོམ་གསལ་བོར་མཐོང་ཞིང་ཟོམ་ནང་དུ་ཡོད་པ་ནི་གསེར་མདོག་གི་ཉ་ཞིག་ཡིན། གཤོག་པ་དང་མཇུག་མ་ཁྲག་ལྟར་དམར།fz9

   “གསེར་ཉ་རེད།”སྤོ་བོས་བཤད།fz9

   “ཉ་འདི་ཟོས་ན་ཞིམ་མམ”ཚ་བོས་དྲིས།fz9

   “ཨིན”སྤོ་བོས་ཁ་གཡེང་མིག་གཡེང་བྱེད་ཀྱིན་ལན་བཏབ།fz9

    “སྤོ་བོ། ཁྱེད་མི་དགའ་འམ། འདི་འདྲའི་ཉ་བཟང་ཞིག་བཟུང་ཟིན།”fz9

    “ཡ་མཚན། ཉ་འདི་ཇི་འདྲའི་ཟོལ་མེད་ཅིག་ཡིན་ནམ།”fz9

    “ཁྱེད་ཀྱིས་ཅི་ཟེར། སྤོ་བོ།”fz9

    “ཨོ། གཅེས་ཕྲུག ཉ་འདི་གཤིས་འཇམ་ཡིན་དྲགས་སོང་།  ཉ་རྒྱ་ཆུ་ལས་ལེན་དུས་ཉ་འདི་ལྡིང་ཐེངས་གཅིག་གིས་དྲ་ལས་དབྲལ་ཐུབ། འུ་གཉིས་ཀྱི་གྲུབ་དབྱིབས་ཉ་དྲ་འདིས་ཉེའུ་ཁོ་ན་འཛིན་ཐུབ།”  fz9

   “ཉ་འདི་གཉིད་ཟིན་པ་ཡིན་ཤས་ཆེ།”fz9

     སྤོ་བོས་བསམ་བློ་ཞིབ་མོ་བཏང་། རྭ་ཙེ་ལས་རེས་གསལ་རེས་མོག་གི་འོད་མཆེད་ཀྱིན་ཡོད། མཐའ་འཁོར་གློ་བུར་ཁུ་སིམ་མེར་གྱུར་ཞིང་མཚོའུའི་ངོས་སུ་སྨུག་པ་སྲབ་མོ་ལྡང་། ཆུ་སྐྱེས་དཀར་པོ་རྣམས་སྐབས་འགར་ཆུ་ངོས་སུ་བྲིས་པ་ལྟར་སྣང་། མཚོའུའི་ངོགས་ཀྱི་ཆུ་རྩྭའི་གསེབ་ཏུ་སྲིན་འབུ་ཆུང་ཆུང་གིས་སྐད་དམའ་མོས་འུར་སྒྲ་བསྒྲགས།fz9

   “སྤོ་བོ། ཁྱེད་ཀྱིས་ཅི་ཞིག་འདང་རྒྱག་གིན་ཡོད། ཉ་འདི་བཟུང་རྗེས་ཁྱེད་དགའ་ཡི་མེད་པ་འདྲ།”fz9

   “ཅི་ཡང་འདང་རྒྱག་གིན་མེད། གཅེས་ཕྲུག ཤོག ཡང་ཉ་རྒྱ་གཅིག་འཕེན།”fz9

    དྲ་བ་འདི་སྟོང་བ་ཡིན།  ཉ་རྒྱ་སླར་ཡང་ཆུའི་ཞབས་སུ་ནུབ། ཡོད་ཚད་འཇམ་ཐིང་ངེར་གྱུར།fz9

   “སྤོ་བོ། སླར་ཡང་ང་ལ་གནའ་གཏམ་ཞིག་ཤོད་དང་།”fz9

   “བཟང་གི  ངས་ཁྱོད་ལ་གསེར་ཉ་ཡི་གཏམ་རྒྱུད་བཤད།”fz9

  “ཡང་ཉ་ཆུང་མར་གྱུར་ཚུལ་ཡིན་ནམ། ཐེངས་དུར་བཤད་ཟིན་ནམ།”ཚ་བོ་མ་རངས་པར་ཆིག་ལབ་རྫོགས་མེད་བྱས།fz9

   “ད་ཐེངས་ཉ་མིར་གྱུར་བ་མ་ཡིན་པར་མི་ཉར་གྱུར་བ་ཡིན།”fz9

   “མི་ཉ་རུ་འགྱུར་ཐུབ་བམ།”fz9

   “ལོས་ཐུབ།”fz9

     ཚ་བོ་མདུན་ཕྱོགས་སུ་སྔས་ཙམ་བྱས་ཤིང་སྤོ་བོས་ལག་ངར་ཚུར་བསྲིངས་ཏེ་ཚ་བོ་པང་དུ་བསྡམས་ནས“ལོ་དུ་མ་ཞིག་གི་སྔོན་དུ………”fz9

   “ལོ་དུ།”fz9

   “གཅེས་ཕྲུག་སྐད་ཆ་བཤད་དུས་བར་ལ་མ་འཚང་། ཞིབ་མོར་ཉོན། ལོ་དུ་མ་ཞིག་གི་སྔོན་འུ་ཅག་གི་སྔོ་རྩྭའི་མཚོའུའི་འགྲམ་འདིར་ཅིན་ཀྲིན་དུ་འབོད་པའི་བུ་མོ་ཞིག་བྱུང་། བུ་མོ་དེའི་མིག་ཟུང་གི་སྐྱི་པགས་བརྩེགས་མ་ཡིན་པ་དང་སྣ་བའི་གཟེངས་མཐོ་ཞིང་ཁ་མུར་མུར་བྱེད་པ། ལན་བུ་ཆེན་པོ་གཉིས་བསླས་པས་སྐྱེས་གཟུགས་མཚར་པོ་ཡོད་སྟབས་སུས་མཐོང་ཡང་དགའ་བ་བསྐྱེད་ཐུབ། ལོ་དེར་གྲོང་ཁྱེར་ནས་འུ་ཚོའི་གཞི་རིམ་གྱི་སྡེ་བར་བུད་མེད་རྩོམ་པ་པོ་ཞིག་བཏང་། བཤད་པ་ལྟར་ན་བུད་མེད་རྩོམ་པ་པོ་དེས་དཔེ་ཆ་ཞིག་བརྩམས་པའི་དཔེ་མིང་ལ《སྔོ་རྩྭའི་མཚེའུ》ཟེར། ཁྱོད་ཀྱི་ཨ་ཕས་དཔེ་ཆ་འདི་བཀླགས་མྱོང་། བུད་མེད་རྩོམ་པ་པོ་དེ་ཅིན་ཀྲིན་ཚང་ནས་བསྡད། རྗེས་སུ་གསར་བརྗེ་ཆེན་པོ་བྱུང་སྟེ་བུད་མེད་རྩོམ་པ་པོར་ཉིན་རྒྱུན་འཐབ་རྩོད་བྱས་ཤིང་སྐབས་འགར་ད་དུང་ཉེས་རྡུང་ཀྱང་ཕོག་ཡོད།”fz9

  “ཉིན་ཞིག་གི་མཚན་མོར། བུད་མེད་རྩོམ་པ་པོར་འཐབ་རྩོད་ཆེས་ཆེར་བྱས་ཏེ་ཤི་མིན་རོ་མིན་དུ་བཏང་ནས་ཅིན་ཀྲིན་ཚང་ལ་ཁྱེར་ཡོང་། སྡེ་བའི་ནང་གི་སྨན་པས་བུད་མེད་རྩོམ་པ་པོར་སྨན་བཅོས་བྱེད་མི་ཕོད་པས་ཅིན་ཀྲིན་གྱིས་མཆི་མ་བཞུར་བཞིན་བུད་མེད་རྩོམ་པ་པོའི་ལུས་སྟེང་གི་ཁྲག་དམར་ཕྱིས། ཅིན་ཀྲིན་གྱིས་ཧོབ་དེ་མོའི་བོང་པོ་སྔོ་རྩྭའི་མཚོའུའི་ཕར་ངོགས་ན་ཡོད་ཅིང་ཚེ་སྟོད་དུ་འཁྱམ་ཉུལ་བྱས་པས། ཁྱིམ་ན་འགྱེལ་རྡབ་རྨས་སྐྱོན་བཅོ་བྱེད་ཀྱི་སྨན་མཆོག་ཡོད་པ་དེས་གོ་ཡང་ཤིན་ཏུ་ཆོད་པ་དྲན། མི་སྐྱོབ་པ་ནི་མེ་གསོ་བ་དང་འདྲ། ཅིན་ཀྲིན་གྱིས་བུད་མེད་རྩོམ་པ་པོ་ཁྱིམ་མཚེས་ཨ་ཅག་ལགས་ལ་བཅོལ་ཏེ་རང་ཉིད་སྔོ་རྩྭའི་མཚོའུའི་འགྲམ་དུ་ཡོང་།”fz9

   “‘སྔོ་རྩྭའི་མཚོའུ། སྔོ་རྩྭའི་མཚོའུ། ཤར་ནུབ་ལེ་དབར་ལྔ། ལྷོ་བྱང་དྲུག་ཅུ་ལྔ།’ལོ་དུ་མ་ཞིག་གི་སྔོན་འཐག་མཁན་ལྷ་མོས་སྒྲོམ་བུ་མི་ཡུལ་དུ་འཕངས་ཤིང་ཀོང་བུ་བཏོད་པ་ད་ལྟའི་འུ་ཅག་གི་མཚོའུ་འདི་ཡིན། ཅིན་ཀྲིན་གྱི་བང་པོ་ཚང་མཚོའུའི་ཁ་གཏད་ཀྱི་གྲོང་རྡལ་ན་ཡོད། གྲུ་ཆུང་ལ་བསྡད་ན་མགྱོགས་པོར་བགྲོད་ཐུབ་ཅིང་སྐམ་ལམ་དུ་ཞུགས་ན་ཉིན་གཉིས་ལ་འགྲོ་དགོས། དུས་སྐབས་དེར། གྲལ་རིམ་དགྲ་བོས་གཏོར་བརླག་བྱེད་པར་སྐྲག་ནས་གྲུ་ཆུང་ཚང་མར་ཟྭ་བརྒྱབ་ཡོད། ཅིན་ཀྲིན་མཚེའུའི་འགྲམ་དུ་ཡོང་ནས་ལྭ་རིང་ཕུད་རྗེས་བསྡམས་ཏེ་ལུས་པོར་འཁྱིག་ཅིང་ཤུགས་དྲག་པོས་ཆུ་ནང་དུ་མཆོངས། མཚན་མོ་དེའི་ཟླ་བ་ཡང་ཧ་ཅང་གསལ། ཅིན་ཀྲིན་ལྕང་སྡོང་ཆེན་པོ་འདིའི་འོག་མཚོའི་ནང་ལྡིང་། ཅིན་ཀྲིན་ལ་རྐྱལ་རྩལ་ལེགས་པོ་ཞིག་ཡོད་དེ་དུང་མདོག་གི་ཉ་ཆེན་ཞིག་ཆུ་ངོས་སུ་རྩེད་འགྲོས་བྱེད་པ་དང་འདྲ། མོ་རྐྱལ་གྱིན་རྐྱལ་གྱིན་ཆུ་སྒྲ‘ཤག་ཤག’ཏུ་གྲག  ཟླ་བ་དཀར་ཆ་དོད་པོས་མོའི་ལུས་སྟེང་དུ་འཕྲོས། མཚད་ཕྱེད་ཀྱི་དུས་སུ་མོ་ཆུའི་ཕར་ངོགས་སུ་འབྱོར་ཅིང་ལྭ་བ་བརྗེ་རྗེས་བོང་པོ་ཚང་ལ་ཕྱིན། བོང་པོས་ཚ་མོ་འདིར་ཧ་ཅང་གཅེས་པས་སྨན་རྩ་ཆེན་དེ་མོ་ལ་བྱིན། བོང་པོས་སེམས་མ་བདེ་བར‘ཅིན་ཀྲིན། ནམ་གུང་ཐུན་གསུམ་དུ་བུ་མོ་ཞིག་མཚོའུའི་ནང་ལྡིང་ནས་བྱེད་འཛོལ་འདྲ་བྱུང་ན་ཅི་བྱ། མ་འགྲོ། སང་ཉིན་བོང་པོས་ཁྱོད་བསྐྱལ་ནས་འགྲོ’ཞེས་གདམས། ཅིན་ཀྲིན་གྱིས‘བོང་པོ། ངའི་རྐྱལ་རྩལ་བཟང་། སྐྱོན་མེད’ཟེར།”fz9

     བུ་མོ་ཅིན་ཀྲིན་སླར་ཡང་མཚོའུའི་ནང་ལྡིང་། མཐར་བུ་མོའི་ཤེད་ཤུགས་ཉམས་པར་གྱུར་བས་ཆུར་རྐྱལ་ནས་མཚོའུའི་དཀྱིལ་དབུས་སུ་ཐོན་དུས་ལུས་པོ་རྒྱ་རྡོ་བཅུ་གྲངས་སྟེང་བསྡམ་པ་དང་འདྲ་བར་བཟོད་ཐབས་བྲལ་བར་གྱུར…… ཡུད་ཙམ་གྱི་རྗེས་ཟླ་བ་སླར་ཡང་འཕགས་བྱུང་། ཟླ་མདོག་སྐྱ་ཐག་གེར་དལ་གྱིས་མར་འགྲིབ་ཅིང་དལ་གྱིས་ཇེ་ཆེར་གྱུར། མཇུག་མཐར་མཚོའུའི་འགྲམ་གྱི་རྒྱ་ལྕང་རྩེ་མོར་བཀལ་ཏེ་མེ་ལོང་དང་འདྲ་བའི་འོད་འཚེར་གྱིན་པའིི་སྔོ་རྩྭའི་མཚོའུར་ཅེར………”fz9

   “བུ་མོ་ཅིན་ཀྲིན་ག་རེ”ཚ་བོ་ཆུང་བས་སེམས་འཚབ་ངང་དྲིས།fz9

  ཟླ་འོད་འོག་སྤོ་བོའི་མིག་ཟུང་ལས་འོད་མཆེད་ཀྱིན་ཡོད།fz9

   “སྤོ་བོ། ཁྱོད་ངུས་བྱུང་ངམ།”fz9

    “གླེན་ཕྲུག སྤོ་བོའི་སྨ་རའང་དཀར་པོར་གྱུར་ཟིན། ངུ་མི་སྲིད། སྤོ་བོའི་གཏམ་རྒྱུད་ད་དུང་བཤད་ཚར་མེད། ཉིན་གཉིས་པའི་མཚན་མོར་བུད་མེད་རྩོམ་པ་པོ་ཁྱིམ་མཚེས་ཨ་ཅག་ལགས་ཀྱི་རོགས་སྐྱོར་འོག་མཚོའུའི་འགྲམ་དུ་ཐོན། མཚོའུའི་ཐོག་ཁུ་སིམ་མེར་འདུག་པས་རྩྭའི་འདབ་མའི་སྟེང་གི་ཟིལ་ཐིགས་ཆུ་ངོས་སུ་ལྷུང་བའི་སྒྲ་ཡང་གསལ་བོར་ཐོས་ཐུབ། བུད་མེད་རྩོམ་པ་པོས་སྐད་དམའ་མོས་བཤད་རྒྱུར‘བུ་མོ་བཟང་བོ། ཁྱོད་ལྟ་རྒྱུར་དགའ་བའི《སྔོ་རྩྭའི་མཚོའུ》ངས་ཁྱེར་ཡོང་ཡོད……མོས་ཤོག་ཐལ་ཐུམ་སྒྲིལ་མ་ཞིག་བཏོན་ནས་མཚོའུའི་ནང་དལ་མོས་གཏོར……”fz9

   “མཚོའུའི་ཐོག་གློ་བུར་རྦ་ཀློང་འཕྱུར་ཏེ་མཚོའུའི་དཀྱིལ་དབུས་སུ་སེར་ག་གས་ཤིང་གློག་འོད་དམར་པོ་དམར་རྐྱང་ཞིག་འཁྱུག་རྗེས་གཤོག་པ་དང་མཇུག་མ་མེ་ལྟར་དམར་བའི་གསེར་ཉ་ཞིག་མཚོ་ཁར་གཡེང་ཡོང་། གསེར་ཉ་མཚོའུའི་འགྲམ་དུ་རྐྱལ་ཡོང་ནས་མགོ་བོས་གྱོན་གོས་ཁུག་མ་ཞིག་ཡར་བཏེགས་ཡོང་། དེའི་འཕྲོར། རྔ་མས་ཆུ་ལ་ལན་གསུམ་རྡབ་སྟེ་འགྲོས་དལ་མོས་མཚོའུའི་དབུས་སུ་རྐྱལ། དམར་འོད་ལམ་སང་ཡལ་བར་གྱུར་ཞིང་མཚོའུའི་ངོས་སུ་སླར་ཡང་ཟླ་འོད་ཀྱིས་ཁེངས། བུད་མེད་རྩོམ་པ་པོས་གྱོན་གོས་ཁུག་མ་བླངས་དུས་ཁུག་མའི་ནང་ཡུན་ནན་སྨན་དཀར་དམ་བེ་གང་གཅུད་ཡོད………”fz9

   “སྤོ་བོ། བཤད་ཚར་སོང་ངམ།”fz9

   “ཚར་སོང་།”fz9

   “བུ་མོ་ཅིན་ཀྲིན་གསེར་ཉ་རུ་གྱུར་སོང་ངམ།”fz9

   “ཨིན། ཡིན་ཤས་ཆེ།”fz9

     ཆུ་བྱ་ཞིག་མཚོ་ངོགས་ཀྱི་རྩྭ་གསེབ་ནས་གཤོག་སྒྲ་དང་བཅས་འཕུར་ཏེ་མཚེའུའི་ཁྲོད་ཀྱི་འདམ་རྫོབ་ནང་ལྷུང་།fz9

     སྦལ་བ་འགའ་རྡོ་བ་ཆུ་ནང་དུ་འཕངས་པ་དང་འདྲ་བར་གཅལ་སྒྲ་དང་བཅས་ཆུ་ནང་དུ་མཆོངས།fz9

     ཆུ་ཟོམ“ཤག་སྒྲ”ཞིག་དང་བཅས་འགྱེལ་ནས་ཆུ་ངོས་སུ་རྦ་རླབས་ཀྱི་ཟེགས་མ་རེ་རེ་ཕྱེ།fz9

   “བུ་ཆུང་། ཁྱོད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད།”fz9

   “ངས་བུ་མོ་ཅིན་ཀྲིན་ཡུལ་ལ་བསྐྱལ་གྱིན་ཡོད།”fz9

   “ཧེ། བྱིས་པ་འདི།”fz9

 fz9

姓名:冷格日加fz9

地址:青海省西宁市城东区八一路青海民族大学藏学院fz9

联系:15897207650fz9

邮政编码:810007fz9

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།