༄༅།། བོད་སྐད་ཡིག་གི་གནས་བབ་དང་བོད་ཀྱི་ཤེས་ཡོན་པའི་སྡེ།
སྤེལ་དུས།  2018-01-10  རྡེབ་ཚད།   ཡོང་ཁུངས། ལུག་ཚང་དཔལ་ཡོན་གྱི་འཕྲིན་སྟེགས།  རྩོམ་པ་པོ། སྤྱང་རྒྱལ།  རྩོམ་སྒྲིག་པ། lobsang

དེ་ཡང་མི་རིགས་གང་ཉིད་དེའི་སྐད་ཡིག་གི་སྐྱེ་འཆི་ནི་མི་རིགས་དེའི་ཤེས་ཡོན་པའི་སྡེ་དང་འབྲེལ་བ་སྤྱིར་བཏང་མ་ཡིན་པ་ཞིག་ཡོད་ལ། ཤེས་ཡོན་པའི་སྡེ་ལའང་མི་རིགས་གང་དེའི་སྐད་ཡིག་གི་ཆ་ནས་འགན་འཁྲི་ཡང་མོ་མ་ཡིན་པ་ཞིག་ཡོད་པ་རེད།JsJ

གཅིག བོད་ཀྱི་ཤེས་ཡོན་པའི་སྡེ་རགས་ཙམ་གླེང་བ།JsJ

ང་ཚོ་བོད་ལ་ཆ་བཞག་ནས་བཤད་ན་ཉེ་རབས་ཤེས་ཡོན་པའི་སྡེ་དར་ཁྱབ་ཆེ་བའམ་ཡང་ན། ཤེས་ཡོན་པའི་སྡེ་ལ་སྤྱི་ཚོགས་ཁྲོད་ཀྱི་གོ་གནས་མཐོ་ཤོས་ཐོབ་ཡོད་པའི་དུས་རབས་ཤིག་ཡིན། དེ་ཡང་ཅི་ལྟ་བུ་ཞིག་ལ་ཤེས་ཡོན་པའི་སྡེ་ཞེས་བྱ་ན། གྲོང་པའི་ངོས་ནས་གླེང་བར་བྱས་ཚེ་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་སྦྱང་བྱ་མཐར་ཕྱིན་ཅིང་། ཁོག་ཏུའང་བོད་སྐད་ཡིག་གཙོས་ཤེས་བྱ་གང་རུང་གི་རྨང་གཞི་ཅུང་མཐུག་པོ་ཡོད་པ་ཅན་དག་ལ་ངོས་འཛིན་གྱི་ཡོད་དེ། གྲྭ་བའི་ངོས་ནས་བརྗོད་པར་བྱས་ན་ལོ་ངོ་དུ་མའི་རིང་དུ་དགོན་སྡེ་གང་རུང་ནས་སློབ་གཉེར་བྱས་ཤིང་བོད་ཀྱི་ཤེས་བྱ་ཡོན་ཏན་གྱི་རྐང་ཙམ་ཟིན་ཡོད་པ་དག་ལ་ངོས་འཛིན་གྱི་འདུགJsJ

ཉེ་བའི་ལོ་རབས་ཁ་ཤས་ཀྱི་ནང་དུ་ང་ཚོ་བོད་ལ་ཤེས་ཡོན་པ་ཞེས་པའི་མིང་དེ་འབོད་ཡུལ་མང་པོ་ཞིག་བྱུང་དང་འབྱུང་བཞིན་པའི་སྒང་ཡིན་ལ། དེ་ནི་དངོས་ནས་དགའ་འོས་པ་ཞིག་ཡིན་ལ་ཡང་ཟུར་གཞན་ཞིག་གིས་བལྟས་ཚེ་དེ་ནི་སྐྱོ་འདོད་པ་ཞིག་ཆགས་འདུག དེ་ལྟར་དགའ་སྐྱོ་ཟུང་འབྲེལ་གྱི་གནས་བབ་དང་སྤྱི་ཚོགས་ནི་ཅི་འདྲའི་ངུ་སྐྱེན་པ་ཞིག་རེད་ཨང་། དེ་ལ་དགའ་འོས་དོན་ནི་ང་ཚོའི་རང་རིགས་ཀྱི་རིག་གནས་དར་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་པ་མཐོང་བ་ནི་ངེས་པ་དོན་གྱི་དགའ་འོས་བྱ་ཞིག་ཅི་ལ་མིན། རེད་དེ་ང་རྒྱལ་དང་ཕྲག་དོག ཧམ་སེམས་ཀྱིས་བརླམ་པའི་ཤེས་ཡོན་པ་ནི་མི་རིགས་ཀྱི་བླ་བཙོང་དང་ཤེས་ཡོན་གྱི་ཞབས་འདྲེན་ཅི་ལ་མིན། ང་ཚོ་བོད་ཀྱི་ཤེས་ཡོན་པ་ལ་དྲང་བདེན་དང་རིགས་ཞེན་གྱིས་དབུལ་ཅིང་། གཡོ་སྒྱུ་དང་ཕྱོགས་ལྷུང་གིས་ཕྱུག་ལ་དེ་ནི་ཉམ་ང་ཞིང་ངུ་འཆོར་བའི་གནས་ཚུལ་ཞིག་གོ །JsJ

ཁོ་ཚོས་རང་ཉིད་ལ་ཤེས་ཡོན་པ་ཞེས་མིང་ཆེན་མནོག་པོ་ཞིག་བསྩལ་དེ། ལོ་རྒྱུས་ཁྲོད་ཀྱི་སྐྱེས་ཆེན་དམ་པ་ཚོའི་གདོང་ལ་རྡུལ་གྱིས་ཟིན་པའི་ཡོལ་བ་ནག་པོ་ཞིག་རིང་དུ་འཐེན། ཁོ་ཚོའི་རང་ཉིད་ཀྱི་ཁེ་ཕན་དང་གནས་སྐབས་ཙམ་གྱི་སྙན་གྲགས་ཀྱི་སླད་དུ་མི་རིགས་ཀྱི་ཕུགས་ལ་གནོད་པ་རི་རབ་ཙམ་བཞག་ཡོད། ཁོ་ཚོས་ནམ་རྒྱུན་གཞན་སྐྱོན་ཁོ་ན་དང་རང་ཉིད་མི་སྒེར་ལ་ཕན་པའི་བྱ་བཞག་འབའ་ཞིག་གི་དོན་དུ་བྲེལ་བ་ལས། མི་རིགས་ཀྱི་དོད་དུ་བྱ་བ་ཏིལ་འབྲུ་ཙམ་ཡང་སྒྲིབ་ཀྱི་མེད་པ་དང་དེ་ལ་མནོ་བསམ་ཡང་རྩ་བ་ནས་གཏོང་གི་མེད། འདི་ལྟ་བུའི་སྐྱེ་བོ་ལ་ཤེས་ཡོན་པ་ཞེས་མིང་དེ་བཏགས་ན་འགྲོག་གི་འདུག་གམ།JsJ

གཉིས། བོད་སྐད་ཡིག་གི་གནས་བབ་ཁ་ཤས་ཙམ་ལ་བཤད་པ།JsJ

བོད་སྐད་ཡིག་ཅེས་པ་དེ་ནི་ཉེ་བའི་ལོ་ཤས་རིང་དར་བ་ཞིག་མ་ཡིན་ལ། དེ་ནི་ལོ་ངོ་སྟོང་ཕྲག་དུ་མའི་རིང་དུ་མི་རིགས་ཤིག་གི་སྐྱེ་འཆི་ལ་གཅར་ཏེ་འོངས་པའི་མི་རིགས་དེའི་རྒྱབ་རི་མཐུག་པོ་ཞིག་ཡིན། ང་ཚོ་ལ་འདི་ལྟ་བུའི་སྐད་ཡིག་ཅིག་ཡོད་པ་ནི་སྐྱེ་བ་དུ་མའི་རིང་གི་ཚོགས་བསགས་ལོས་ཡིན་ཏེ། ང་ཚོས་སྐད་ཡིག་འདི་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་བྱ་རྒྱུ་ནི་གཟུར་མེད་ཀྱི་འོས་འགན་ཞིག་ཡིན། རེད་དེ་ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁྲོད་དུ་ཡོད་པའི་བོད་སྐད་ཡིག་གི་གནས་བབ་དེ་མཐོང་བ་ན། ང་ལ་སྨྲ་མི་ཤེས་པའི་ན་ཟུག་ཅིག་ངང་གིས་སྐྱེས་འོང་ལ་བསྲན་མི་བཟོད་པའི་མཆི་མ་རྡོག་པོ་འགའ་ཡུན་གྱིས་འཐོར་སོང་། དེ་ནི་དངོས་ནས་ཉག་ཕྲ་བ་ཞིག་སྟེ་ང་ཚོ་བོད་ཀྱི་སྐད་ཡིག་ནི་བུད་མེད་ཡུགས་མོ་ཞིག་དང་གཉིས་སུ་འགྲན། ཡུལ་ལུང་ཁ་ཤས་སུ་བོད་སྐད་གཞི་ནས་སྨྲ་ཤེས་མཁན་མེད་ཅིང་ཐ་ན་དགོན་སྡེ་ཁག་གི་གྲྭ་བ་ཚོས་རྒྱུན་སྤྱོད་ཀྱི་ཁ་བརྡའང་རྒྱ་སྐད་དུ་གྱུར་འདུག དེ་ལྟ་བུའི་ཡུལ་སྡེ་ནི་གཅིག་དང་གཉིས་མ་ཡིན་ལ་མང་པོ་ཞིག་དེ་ལྟར་གྱུར་དང་འགྱུར་བཞིན་འདུག ཁོ་ཚོའི་ཁ་བརྡ་གཅིག་གི་ནང་དུའང་རྒྱ་སྐད་ཅིག་བསྲེས་ཏེ་མ་བཤད་ཚེ་ངག་འཁྲོལ་ཐབས་མེད་ལ་དེ་ནི་ཅི་འདྲའི་ཡིད་ཕངས་པ་ཞིག་ཨང་། མ་ཟད་ཁོ་ཚོས་བུ་ཕྲུག་ལ་རྒྱ་སྐད་སྦྱང་དགོས་རབ་དང་བོད་སྐད་ཡིག་གི་དགེ་མཚན་ཆུང་རབ་སོགས་ལོག་པའི་ཤུགས་རྐྱེན་མང་པོ་ཞིག་བུ་ཕྲུག་གི་རྒྱུད་ལ་བཞག་དང་འཇོག་གི་འདུག གལ་སྲིད་ང་ཚོ་འདི་ལྟར་མུ་ནས་སོང་ཚེ་བོད་སྐད་ཡིག་དེ་འཇིག་རྟེན་འདི་ནས་དུད་སྤྲིན་མཁའ་ལ་ཡལ་བ་བཞིན་ཤུལ་རྗེས་ཙམ་ཡང་མི་ལུས་པར་ཡལ་འགྲོ་སྲིད། དེ་དུས་སུ་ང་ཚོས་ཡབ་མེས་དམ་པ་ཚོའི་ཞལ་ལ་ཅི་ལྟར་ལྟ། དེ་དུས་སུ་ང་ཚོས་ནག་ཉེས་འདི་སུ་ལ་འགེལ།JsJ

གསུམ། རེ་ཞུ་ཡིག་བརྒྱ་མ།JsJ

ང་ཚོ་སློབ་གཉེར་བ་ཡིན་ནའང་འདྲ། དགེ་རྒན་ཞིག་ཡིན་ནའང་འདྲ། ཡང་ན་བླ་སྤྲུལ་དང་ཕ་མ། ཡུལ་མི་སུ་ཞིག་གི་ངོས་ནས་བཤད་ནའང་ཁྱོད་ཉིད་བོད་ཀྱི་མི་ཞིག་ཏུ་སྐྱེས་པ་ན་བོད་སྐད་ཡིག་གི་སྐྱེ་འཆི་ནི་ཁྱོད་ལ་གཅོད་ཐབས་བྲལ་བའི་འབྲེལ་བ་དམ་པོ་ཞིག་ཡོད། དེ་བས་ང་ཚོའི་རང་མི་རིགས་ཀྱི་སླད་དུ་ཅིས་ཀྱང་ཡོད་ཚད་བློ་གཏོང་དགོས་པར་གྱུར་ནའང་ཕྱི་འགྱོད་མེད་པའི་ཆོད་སེམས་བརྟན་པོ་ཡོད་པ་ཞིག་བྱེད་དགོས། ང་ཚོའི་མི་རབས་ཕྱི་མ་ལ་འོད་སྟོང་འབར་བའི་བོད་སྐད་ཡིག་ཅིག་སྤྲོད་དགོས་སོ། །JsJ

སྤྱིར་ང་འདྲ་བ་ཞིག་གིས་འདི་ལྟ་བུའི་སྨྲེ་ངག་ཅི་ལྟར་བཏོན་ཡང་བྲག་ནང་དུ་ཀི་འབོད་བྱས་པ་ལྟར་འགྱུར་སྲིད་མོད། རེད་དེ་ཐ་ན་མི་གཅིག་ལའང་རྟོག་སད་རེ་འབྱུང་བར་རེ་བཞིན་འདི་ལྟ་བུ་ཞིག་སྨྱུག་སོ་བརྒྱུད་ནས་འཐོར་སོང་ངོ་། །JsJ

༢༠༡༧/༡༢/༢༩JsJ

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།