༄༅།། མགོ་ནག་བོད་མིའི་གཏམ་དཔེ།
སྤེལ་དུས།  2017-09-04  རྡེབ་ཚད།   ཡོང་ཁུངས། དྲ་རྒྱ་ལས་བཏུས།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang
ཟས་མི་ལག་བརྒྱུད་ན་ཇེ་ཉུང་།། 
གཏམ་མི་ཁ་བརྒྱུད་ན་ཇེ་མང་།།
༢ 
རྒྱ་ཕྱི་གཙང་། 
བོད་ནང་གཙང་།
 
༣ 
ཡ་རབས་ཚང་ལ་ཆོས་འདོན་གསུམ།། 
མ་རབས་ཚང་ལ་དུ་འཐེན་གསུམ།།
 
༤ 
སྨན་བུ་མོས་ཁ་ལག་མི་བཀྲུས།། 
སྟག་ཤ་རས་སྐེ་རགས་མི་བཅིངས།།
 
༥ 
མི་གོ་བ་ཅན་ལ་ཚིག་གཅིག ། 
རྟ་གོམ་ལག་ཅན་ལ་ལྕག་གཅིག།  
 
༦ 
ཁ་མཁས་ན་སྡེ་བའི་དཔོན་པོ།། 
ལག་མཁས་ན་སྡེ་བའི་གཡོག་པོ།།
 
༧ 
བོད་ཀྱི་ཡོན་ཏན་བློ་ཐོག་ན་ཡོད།། 
རྒྱ་ཡི་ཡོན་ཏན་ཡིག་ཐོག་ན་ཡོད།།
 
༨ 
རྒྱ་ཡིག་ཐོག། 
བོད་ཚིག་ཐོག།
 
༩ 
གོ་བ་མེད་པའི་གླང་རྒན་ལ།། 
རྒྱལ་བོའི་བཀའ་ལས་དབྱུག་པ་བཙན།།
 
༡༠
སྐྱིད་ཀྱི་འགོ་འཕངས་དམའ་དགོས།། 
སྡུག་གི་འགོ་འཕངས་མཐོ་དགོས།།
 
༡༡ 
བཤད་ས་བུ་མོ།།
ཕོག་ས་མནའ་མ།།
 
༡༢
ཟས་མཆོད་ཁ་མེད་ན་ཟ་སྲོལ་མེད།། 
གཏམ་ཀུ་རེ་མེད་ན་བཤད་སྲོལ་མེད།། 
 
༡༣ 
འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས།། 
བཤད་མ་ཤེས་ཚིག་སྣེ་སྐྱོན་ལ་ཐོགས།།
 
༡༤ 
འགྲོ་ལམ་གངས་གིས་བཅད་ཐལ།། 
ཕྱི་རྟིང་ལྷམ་གྱིས་བརྡར་ཐལ།།     
 
༡༤ 
རྔ་བརྡུངས་བ་སྡེ་བས་གོ་ཐལ།། 
གཏོ་འཕངས་བ་ཁྱི་མོས་རིག་ཐལ།།  
 
༡༦
མདོག་བཙོག་རུང་གསེར་ནག་གདུ་བུ་ཡིན།། 
ཉག་ཕྲ་རུང་སྟོང་སྐོར་ཇ་ལ་ཡིན།།  
 
༡༧ 
ཨ་སེམས་ཞེ་སེམས་ཐོ་ཐུག་ནས།། 
དར་གསུམ་མདུད་པ་རྩར་ཞགས་ནས།། 
 
༡༨ 
གོས་རྐྱང་ནང་ན་རྔུལ་གོད་དུས།།
རྩྭ་རྐྱང་མགོ་ན་འཁོར་གོད་དུས།།
 
 ༡༩ 
ཨ་མ་མིན་ནས་ངོ་མི་ཤེས།། 
ཐབ་ཀ་མིན་ནས་ས་མི་ཤེས།།
 
༢༠
རྒྱ་དོག་པ་ཅན། །
བོད་རེ་བ་ཅན། །
 
༢༡
བརྒྱ་བཤད་ཚིག་གི་རྩ་བ།། 
སྟོང་སྲུབས་འོ་མའི་མར་ལོ།།
 
༢༢ 
དགུན་རྒྱ་སྟག་འདྲ་པོ་མཆོང་ནས་ཡོང་།། 
དབྱར་ཕ་མ་འདྲ་བ་འཇབ་ནས་ཡོང་།།
 
༢༣ 
ཁྲ་ཆུང་མིག་གིས་རྒྱུ་རིག་ན།།
གངས་དཀར་སེམས་འདྲེ་ཞུག །
 
༢༤
སྐྱིད་ཀྱི་རྟ་བོ་མཉམ་ཞོན།། 
སྡུག་གི་ཁུར་པོ་མཉམ་ཁུར།།
 
༢༥
མི་ཤེས་ན་རྒན་ལ་དྲིས།།
མ་རིག་ན་སྒང་ལ་སོང་།།
 
༢༧
གོས་གོང་བ་མེད་ན་བཟོ་འཕྲོ་རེད།།
གྲི་ཡུ་བ་མེད་ན་བརྡུང་འཕྲོ་རེད།།
 
༢༨
མི་ལ་ཤུགས་མེད་ན་གྲི་ལ་རྣོ་མེད།
 
༢༩
ཤ་མ་ཟ་ཟེར་མཁན་བླ་མ་རེད།།
ཤ་ཆེ་བ་ཟ་མཁན་བླ་མ་རེད།།
 
༣༠
བཟང་སློབ་ན་ལོ་གསུམ།། 

ངན་སློབ་ན་ཉིན་གསུམ།། EJS

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།