༄༅།། སྒོ་བཤད།
སྤེལ་དུས།  2018-02-05  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

ཨོྃ་སྭཏི། བདེ་ལེགས་སུ་གྱུར་ཅིག སྨྲ་བ་ངག་གི་དབང་ཕྱུག་འཇམ་དཔལ་དབྱངས།། དབྱངས་ཅན་ལྷ་མོའི་གཙུག་ལག་འདོད་འཇོའི་དཔལ།། དཔལ་ལྡན་ཚངས་པ་སྡེ་བཞིའི་བང་མཛོད་འཛིན།། འཛིན་མའི་མངའ་བདག་རྣམས་ཀྱིས་ཤིས་པར་བརྗོད།། ཤིས་པར་བརྗོད་དེ་ཚིག་གི་ལམ་ཡངས་པར།། གནམ་སྔོན་པོ་གཡུ་ལྗང་བཀྲམ་པའི་འོག། བར་ས་གཞི་པདྨ་འདབས་བརྒྱད་ཡོད།། གནས་ཁང་འདི་རུ་དགའ་ཉེ་བློ་དཀར་ཡོད།། དེ་འཛོམས་གསུམ་འཛོམ་པའི་རྟེན་འབྲེལ་ལ།། ང་ཞང་ཆེན་མ་སླེབས་ག་ལ་སྲིད།། ང་ཞང་ཆེན་ཞལ་ནས་གསུང་གཅིག་གྲགས།། གསུང་སྙན་པོ་ཚངས་པའི་རྒྱུད་མངས་ཡིན།། ཁང་མི་འགྱུར་བཀྲ་ཤིས་ཁང་བཟང་ལ།། སྒོ་མི་འགྱུར་ཕུན་ཚོགས་གཞུང་སྒོ་ཡོད།། སྒོ་མོ་ཕུན་ཚོགས་གཞུང་སྒོ་འདི་ལ།། བྱུང་ལོ་རྒྱུད་ཅུང་ཙམ་ཞུ་ཟེར་ན།། བཀྲ་ཤིས་པའི་སྒོ་མོ་ཤར་ལ་བལྟས།། ཤར་རྡོ་རྗེ་སེམས་དཔའི་བྱིན་རླབས་ཡོད།། སྒོ་སྟོད་དཔག་བསམ་ཤིང་ལ་བཅོལ།། ཤིང་སྦྱར་པའི་འདྲེས་ལྷད་མེད་པར་གདའ།། ལྡེམ་གཉིས་ལྷ་ཤིང་ཤུག་པར་བཅོལ།། སྦྲེལ་ལྕགས་དཀར་པོའི་དུང་ལ་བཅོལ།། དུང་ལ་རུས་པའི་འདྲེས་ལྷད་མེད།། སྒོ་ལྕགས་སེར་པོ་གསེར་ལ་བཅོལ།། གསེར་ལ་རག་གི་འདྲེས་ལྷད་མེད།། ལྡེ་མིག་སྔོ་མོའི་གཡུ་ལ་བཅོལ།། གཡུ་ལ་དོ་ལོའི་འདྲེས་ལྷད་མེད།། ཨེ་ཤིང་དཔག་བསམ་ལྗོན་ཤིང་དེ།། ཨེ་ཐག་སྟོང་སྐུད་གསུམ་སྒྲིལ་ཡོད།། སྒོ་ནང་སྒོ་ཕྱི་སྒོ་བར་སྒོ་གསུམ།། སྒོ་ནང་སྒོ་བརྩེ་ལྡན་བླ་མའི་སྒོ། བརྩེ་ལྡན་བླ་མའི་སྒོ་དེ་ཆོས་ཀྱི་སྒོ། ཡུལ་ཆོས་ཀྱིས་སྐྱོང་བའི་རྟེན་འབྲེལ་ཡོད།། སྒོ་བར་སྒོ་མགོ་འདྲེན་དཔོན་པོའི་སྒོ། མགོ་འདྲེན་དཔོན་པོའི་སྒོ་དེ་ཁྲིམས་ཀྱི་སྒོ། ཡུལ་ཁྲིམས་ཀྱིས་སྐྱོང་བའི་རྟེན་བབྲེལ་ཡོད།། སྒོ་ཕྱི་སྒོ་ཞང་ཆེན་ང་ཡི་སྒོ། ཞང་ཆེན་ང་ཡི་སྒོ་དེ་དར་གྱིས་ཕྱེ།། ཞང་ཆེན་ང་ཡི་ལག་ཏུ་འཁྱེར་བའི་མདའ་དར་འདི།། སྟོད་རྒྱ་གར་ཡུལ་ནས་རྒྱུ་ཞིག་སྒྲུབ།། སྨད་རྒྱ་ནག་ཡུལ་ནས་སྤུན་ཞིག་སྒྲུབ།། བོད་ཁ་བའི་ཡུལ་ནས་ཐགས་ཤིག་བཏགས།། ཐགས་དང་པོ་བཏགས་པའི་ཐགས་ཕུད་དེས།། དེ་རིང་ནོར་བུ་ལེན་པའི་སྒོ་མོ་དེ་དབྱེ་ཞིག། ཟུར་ཆེན་པས་གློག་བརྙན་གྱི་སྒྲ་ཞིག་ལས་ཕབ་པའོ།།Q5u

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།