༄༅།། མཐོང་དཀོན་པའི་བོད་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས།
སྤེལ་དུས།  2017-02-25  རྡེབ་ཚད།   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1.jpgRc4

བོད་ཀྱི་བྱང་སྨད་གྲོང་ཚོའི་བུད་མེད་ཀྱི་རྒྱན་གོས།Rc4

ལག་ཤེས་སྒྱུ་རྩལ་ནི་གནའ་སྔ་མོ་ནས་བཟུང་བོད་རིགས་མི་དམངས་ཀྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཆ་ཤས་ཤིག་ཡིན་པ་དང་། ལུས་ཀྱི་གྱོན་པ་ནས་འདོགས་ཆ། དེ་བཞིན་ངལ་རྩོལ་ཡོ་བྱད། ཁང་པའི་བཟོ་བཀོད། སྡོད་ཁང་རྒྱན་སྤྲོས་སོགས་དེ་དག་ཐ་དག་ལག་ཤེས་བཟོ་རྩལ་དང་འབྲེལ་བ་ཡོད་པ་རེད། མཛེས་དཔྱོད་ལ་དགའ་བ་ནི་བོད་མི་རིགས་ཀྱི་རང་གཤིས་ཡིན་ལ། ཁོ་རང་ཚོའི་སེམས་ནང་དུ་དེ་ནི་ནང་སེམས་ཀྱི་དགོས་མཁོ་ཞིག་ཡིན་ལ་དངོས་པོའི་མཚོན་རྟགས་ཤིག་ཀྱང་རེད། བོད་རིགས་ས་ཁུལ་གང་ལ་མཚོན་ནའང་སྤུས་ལེགས་རྒྱན་ཆས་ཤིག་འཚོལ་རྒྱུ་ནི་ཤིག་ཏུ་ཁག་པོ་ཞིག་མིན་ལ། དེ་ལས་ལྡོག་སྟེ་ཅ་ལག་མཛེས་སྤྲས་ཅན་ཞིག་འཚོལ་རྒྱུ་ནི་ཅུང་ཁག་པོ་ཡོད་རེད།Rc4

2.pngRc4

ལྷ་རྩེའི་བོད་གྲི་ནི་བོད་ལྗོངས་ལྷ་རྩེ་རྫོང་ནས་ཐོན་པའི་ལག་ཤེས་ཡིན་ལ། བོད་གྲི་དེ་ནི་སྤུས་ཀ་དབྱེ་འབྱེད་ཅུང་བདེ་བའི་ཐོན་དངོས་གྲས་ཤིག་རེད།Rc4

ཉེ་བའི་ལོ་ཤས་རིང་། བོད་མི་རིགས་ཀྱི་གོམས་སྲོལ་ཡུལ་སྐོར་དང་དོད་ཆེ་བ་བསྟུན། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་དེ་དག་ལ་ཀུན་གྱིས་དགའ་བསུ་ཆེན་པོ་གནང་གི་ཡོད་ཅིང་། བོད་ མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཞེས་བརྗོད་མ་ཐག མི་རྣམས་བློ་ངོར་དེ་མ་ཐག་ཏུ་དགོན་སྡེའི་འཛུགས་སྐྲུན་གྱི་ཚོན་མདངས་རྣམ་པར་བཀྲ་བའི་རྒྱ་ཕིབས་དང་།འདབ་ཆགས་རི་དྭགས། མི་སེར་ཕལ་བའི་འཚོ་བར་སྤྱོད་པའི་གསེར་དངུལ་ཟངས་ཀྱི་ཡོ་བྱད།  སྤུས་ལེགས་ཐུན་མོང་མ་ཡིན་པའི“སུམ་པའི” ལྷམ་ཡུ་རིང་། རྒྱལ་རྩེ་ཁ་གདན། ལྷ་རྩེའི་བོད་གྲི། རིན་སྤུངས་ཀྱི་གཡང་ཊིའི་ཡོ་ཆས། སྐྱིད་གྲོང་གི་ཤིང་ཕོར། སྨྱུག་ཆས་སོགས་དྲན་གྱི་ཡོད་པ་རེད།Rc4

3.pngRc4

རྩ་མདའི་རྒྱན་གོས།Rc4

ལྕགས་རིགས་ཀྱི་རྒྱན་ཆ་ནི་བོད་ཀྱི་ལོ་རྒྱུས་སྟེང་དར་ཁྱབ་ཆེན་པོ་ཡོད་དེ། ཆེས་རྒྱུན་མཐོང་རིགས་ནི་གའུ་འདྲ་མིན་སྣ་ཚོགས་རེད།ང་ཚོས་དུས་རྒྱུན་མཐོང་པ་ནི་དེའི་ཕྱིའི་རྣམ་པ་ཙམ་རེད་མོད། སྤྱིར་བཏང་དེའི་ནང་ལོག་ཏུ་སྐུ་བརྙན་དང་བཅས་པའི་ལྷ་རྟེན་ཅི་རིགས་ཡོད་པ་རེད། གའུ་མང་ཤོས་ནི་གསེར་དངུལ་གྱི་བརྐོས་རིས་སྟེང་རིན་པོ་ཆེའི་ཕྲ་རྒྱན་བཏབ་ཡོད་པ་དང་། དེ་ལའང་གཙོ་བོ་ཞིང་ནགས་ཕྱུགས་ལྟར་ས་ཁོངས་དབྱེ་ཡོད་དེ། གཞིས་རྩེའི་རྒྱུད་ནི་ཞིང་ལས་ས་ཁུལ་དང་། དེ་གའི་གའུ་ནི་ཟུར་བརྒྱད་ཅན་གྱི་དབྱིབས་མང་ཙམ་ཡོད་པ་དང་། དུས་ཆེན་རིང་བུད་མེད་ཚོས་དེར་བསྟུན་གྱི་རྒྱན་ཆ་དང་མཉམ་དུ་ལུས་ལ་བཏགས་ཡོད་པ་རེད།Rc4

4.pngRc4

མེ་ཏོག་རྣམ་པར་བཀྲ་བའི་རྩྭ་ཐང་དུ་བག་མ་པར་རྒྱག་པ།Rc4

འཚོ་བའི་གོམས་གཤིས་ལ་འགྱུར་ལྡོག་བྱུང་པའི་དབང་གིས། ཞིང་ལས་ས་ཁུལ་དུ་མི་རྣམས་ཀྱིས་རྒྱན་ཆ་འདོགས་པ་ཧ་ཅང་ཉུང་བར་སྣང་ནའང་། གཞིས་རྩེའི་རྒྱུད་དུ་བུད་མེད་གློ་རྒྱན་ནི་ཐུན་མོང་མ་ཡིན་པ་ཞིག་ཏུ་སྣང་། གཞིས་རྩེའི་བུད་མེད་ཀྱིས་སྐེད་པར་སྐེད་དཀྲིས་དང་། པང་གདན། བཞོ་ཟུང་འདོགས་ཀྱི་ཡོད་ལ། བཞོ་ཟུང་དེ་རིགས་ནི་རག་སྐྱ་དང་དངུལ་ཀྱིས་རྡུང་པ་དང་། མ་དཔེ་མང་ཆེ་ཤོས་ཟངས་དམར་གྱིས་བཟོ་གི་ཡོད་པས་དེར་ལོ་རྒྱུས་ཡུན་རིང་ལྡན་ལ། སྟེང་གི་རི་མོ་གཙོ་བོ་ཡང་རྨ་བྱ་དང་པད་མ་སོགས་རེད། རགས་དཀར་དང་དངུལ་གྱི་བཞོ་ཟུང་གི་བཟོ་སྟངས་ཕལ་ཆེར་འདྲ་མཚུངས་ཡིན་ཏེ། འབུར་རིས་ཀྱིས་དཔེ་རིས་རྙོག་འཛིང་ཆེ་ལ་ནང་དོན་ཕུན་སུམ་ཚོགས་པ་ཞིག་སྟེ། གཡུ་འབྲུག་དང་ཁྱུང་། བཀྲ་ཤིས་རྟགས་བརྒྱད། མཐུན་པ་སྤུན་བཞི་། ཚེ་རིང་དྲུག་སོགས་ཀྱི་ནང་དོན་བཀོད་ཡོད་པ་རེད།Rc4

5.pngRc4

རྩྭ་མདའི་རྒྱན་གོས།Rc4

རྒྱའི་རིག་གནས་ཁྲོད་དུ་རྒྱན་ཆ་ནི་སྤྱིར་བཏང་དུ་མིའི་ལུས་ཕུང་དང་གྱོན་ཆས་ཀྱི་ཕྲ་རྒྱན་ཙམ་དུ་ངོས་འཛིན་གྱི་ཡོད་མོད། བོད་ཀྱི་རིག་གནས་ཁྲོད་དང་ལྷག་པར་དུ་བུད་མེད་ཀྱི་ངོས་ནས་བཤད་ན“ ལུས་ཡོངས་རྒྱན་ཆས་ཀྱིས་སྤྲས་ན”མཛེས་པར་སྣང་། “གའུ”ཕུད་སྐྲ་པིང་དང་། སྐྲ་འཛིན། རུས་གདུབ། རྣ་རྒྱན་སྣ་ཚོགས་སོགས་དང་། མགུལ་རྒྱན།ཐོག་ཆ། སྐེད་རགས་དང་། མེ་ལྕགས། དངུལ་ཁུག བོད་གྲི། དྲིལ་ཆུང་སོགས་རྒྱན་ཆ་སྤུས་ལེགས་འབོར་ཆེན་ཡོད་ལ། གཞན་ཡང་མཛུབ་དཀྲིས་དང་སོར་གདུབ། ཁྲབ་རྨོག་གྱོན་པ། ཚོན་མདོག་སྣ་ལྔའི་སྣམ་བུ་སོགས་ཀྱང་ཡོད་པ་རེད།Rc4

6.pngRc4

སྤུ་ཧྲེང་གི་མངོན་མིན་ཤུལ་བཞག་རིག་གནས་སྟེ་མཁའ་འགྲོའི་རྒྱན་གོས།Rc4

རྒྱན་ཆ་འདི་རིགས་ཚང་མ་ནི་ལག་ཤེས་ཞིབ་ཚགས་ལས་ཐོན་པ་ཡིན་ལ། གསེར་དངུལ་རྒྱན་ཆའི་རྒྱུ་ཆ་དང་བཟོ་སྐྲུན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པ་རེད། དེ་ལས་མགོ་རྒྱན་དང་འདོགས་ཆ་ནི་རྒྱན་ཆའི་ཆེད་ཡིན་ལ། བོད་རིགས་མི་དམངས་ཀྱིས་དེའི་སྒྱུ་རྩལ་གྱི་རང་བཞིན་དང་རིག་གནས་རང་བཞིན་ལ་མཐོང་ཆེན་བྱེད་བྱེད་ཀྱི་ཡོད་པ་མ་ཟད་འཚོ་བའི་ཁྲོད་ཀྱི་སྲོག་ཆགས་དང་། རྩི་ཤིང་། དེ་བཞིན་བཀྲ་ཤིས་མཚོན་རྟགས་ཀྱི་རི་མོ་རྣམས་རྒྱན་ཆའི་སྟེང་ཕབ་ཀྱི་ཡོད་པ་རེད། Rc4

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།