༄༅།། ནག་ཆུའི་གོས་རྒྱན་ཆ་ལུགས།
སྤེལ་དུས།  2015-02-02  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། རླུང་དར་སྣ་ལྔ།

2.JPG Yc4

     གོས་རྒྱན་ནི་མིའི་རིགས་ཀྱི་འཚོ་བའི་ཐོན་དངོས་ཤིག་དང་ས་ཁོངས་སམ་ཡང་ན་མི་རིགས་ཀྱི་འཚོ་བའི་སྤྲོ་སྣང་དང་དེ་བཞིན་མཛེས་དཔྱད་ལྟ་ཚུལ་མངོན་པ་ཞིག་ཀྱང་རེད། དེང་གི་མིའི་རིགས་ཀྱིས་རང་ཉིད་ཀྱི་རིག་གནས་སྒྱུ་རྩལ་རྩོམ་པ་དང་ཆབས་ཅིག་བོད་རིགས་ཀྱི་གོས་རྒྱན་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་པ་རྟོགས་ཐུབ་ཅིང་། དེ་ཞི་དུལ་མཛེས་སྡུག་དང་མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཡོད་པས་སྐྱེ་བོ་ཀུན་གྱིས་ཡིད་སྨོན་སྐྱེ་དགོས་པ་ཞིག་ཡོད།Yc4
     མཚོ་བོད་ས་མཐོར་འཚོ་གནས་བྱེད་པའི་བོད་མི་རིགས་ཀྱིས་ཡུན་རིང་གི་ལོ་རྒྱུས་འཕེལ་རིམ་ནང་ས་ཁམས་དང་། གནམ་གཤིས། འཚོ་བ་སྐྱེལ་སྟངས་བཅས་དང་རིན་ཐང་ལྟ་བ་སོགས་ཀྱི་ཆ་རྐྱེན་ལ་བརྟེན་ནས་རང་སོ་སོའི་གོས་རྒྱན་རིག་གནས་གསར་གཏོད་བྱས་ཡོད། སྤྱིའི་ཆ་ནས་བལྟས་ན་བོད་རིགས་ཀྱི་གོས་རྒྱན་ཕལ་ཆེར་འདྲ་ལ་ཆུང་སར་ཁྱད་པར་ཡོད་ཅིང་། སྐྱེས་པས་གཟི་ཉམས་ལྡན་པ་དང་། ཞེང་ཁ་ཆེ་བ། སྐྱིད་སྣང་དོད་པ་བཅས་ཀྱི་གྱོན་ཆས་ལ་དང་དོད་བྱེད་པ་དང་། བུད་མེད་ཀྱིས་དབྱིབས་ཆུང་ལ་སྤུས་དག་པ་དང་། མཛེས་སྡུག་ལྡན་པ། ལྟ་སྣང་དོད་ལ་ཉམས་དགའ་བཅས་ལ་དང་དོད་བྱེད་ཀྱི་ཡོད། རང་རྒྱལ་གྱི་བོད་རིགས་འཚོ་གནས་བྱེད་པའི་ས་ཁོངས་རྒྱ་ཆེ་བས་ལུང་ཤུར་རེར་རང་སོ་སོའི་ཁྱད་ཆོས་ལྡན་ཡོད་ཅེས་བརྗོད་ཆོག དེའི་ནང་ནས་ནག་ཆུ་ཨ་མདོའི་བོད་རིགས་ཀྱི་གོས་རྒྱན་ནི་མ་ལག་ཆེ་གྲས་ཤིག་ཡིན་པ་དེར་མཛེས་སྡུག་ལྡན་ལ་ལྟ་ན་སྡུག་པ་ཞིག་ཡོད་པ་དང་དེར་རྒྱས་སྤྲོས་ཀྱི་ཁྱད་ཆོས་ཀྱང་མངོན་ཡོད་པ་རེད།Yc4

image (1).jpgYc4

    ནག་ཆུ་ས་ཁུལ་འདི་ཉིད་བོད་བྱང་ཐང་དུ་གནས་ཡོད་པ་དང་གནམ་གཤིས་གྲང་ངར་ཆེ་བས་ལོ་གཅིག་ནང་གངས་འཁྱག་གི་གནམ་གཤིས་བསྟན་པའི་དུས་ཚོད་རིང་ཙམ་ཡོད། ས་གནས་དེ་གའི་སྐྱེས་པ་དང་བུད་མེད་ཀྱི་གྱོན་ཆས་ནང་གཙོ་བོ་པགས་ཚགས་ཡིན་པ་དེས་དྲོད་སྲུང་ཐུབ་ལ་ཆུ་ཡང་འགོག་ཐུབ་ཀྱི་ཡོད། ཉེ་བའི་ལོ་ཤས་ནང་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་ཆབས་ཅིག་གྱོན་ཆས་ཀྱི་མཛེས་ཉམས་དང་རིན་ཐང་ལ་ཡང་དང་དོད་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཕྱུ་པའི་མཐའ་འགྲིལ་ལ་མང་ཆེ་བས་ཞེང་ཁ་ཆེ་བའི་མཐའ་རྒྱན་སྣ་ཚོགས་གཏོང་གི་ཡོད་པ་དང་། སྐྱེས་པ་ཚོས་གོང་བ་མཐོ་ལ་ཕུ་ཐུང་རིང་བའི་འོག་འཇུག་གི་ཐོག་གོས་ཆེན་གྱི་སྟོད་ཀོར་གྱོན་པ་དང་། ཕྱིར་ཕྱུ་པ་གྱོན་པ། སི་ཤན་དམར་པོ་དང་ནག་པོས་བསླས་པའི་པ་ལོ་སྦོམ་པོ་ཞིག་མགོ་བོའི་སྟེང་དུ་སྐྲ་སྐོར་བརྒྱབ་པ་དེའི་ཐོག་དངུལ་གྱི་ཀྲད་ཀོར་རམ་ཡང་ན་བྱུ་རུས་བརྒྱན་ཡོད་པས་ཧ་ཅང་ཉམས་དོད་པོ་ཡོད། གྱོན་ཆས་ཐོག་ད་དུང་བོད་གྲི་དང་། མདེའུ། མེ་ལྕགས། དངུལ་ཁུག་སོགས་མཛེས་རྒྱན་སྤྲོས་ཀྱི་ཡོད་ལ། རྐང་པར་ལྷམ་ཡུ་རིང་གྱོན་ཡོད་པ་བཅས་རེད། བུད་མེད་ཀྱི་ཕྱུ་པའི་གོང་བ་དང་འགབ་མཇུག་ཏུ་ཤུར་མ་ནག་པོའི་མཐའ་འགྲིལ་ཐོག་ཞེང་ཚད་ལི་སྨི་10ཡོད་པའི་སྤུ་མ་ངོས་འཇམ་དམར་པོ་དང་། ལྗང་གུ། སྔོན་པོ་བཅས་ཀྱིས་བརྒྱན་ཡོད་པ་དང་། མགོ་རྒྱན་མང་ཆེ་བ་པ་ལོ་མང་པོ་བསླས་པའི་ཐོག་གཡུ་དང་། དུང་དཀར། དངུལ་ཊམ་སོགས་ཀྱིས་བརྒྱན་ཡོད་པ་དང་ཚོན་མདངས་རྣམ་པར་བཀྲ་བའི་མགོ་རས་ཀྱིས་གདོང་པ་བཀབ་པ་དང་། རྒྱ་གར་ཞྭ་མོ་དང་ཚ་རུའི་ཞྭ་མོ་གོན་པ། སྐེད་པར་ཁབ་ཤུབས་དང་། མེ་ལྕགས། གྲི་ཆུང་། བཞོ་ལུང་སོགས་བཏགས་ཡོད་པ་རེད། བཞོ་ལུང་ནི་བུད་མེད་ཀྱིས་འོ་མ་བཞོ་སྐབས་ཀྱི་ཡོ་བྱད་ཅིག་ཡིན་པ་དང་འོ་མ་འཇོ་སྐབས་དེས་འོ་ཟོམ་འཇུ་བྱེད་ཡིན་པ་དང་ལུང་གི་ཐོག་ཀོ་ཐག་བསྒར་ནས་སྐེད་པའི་ཐོག་བཏགས་པ་དང་དེའི་ཐོག་ད་དུང་རི་མོ་བརྐོས་པ་དང་། གཟི་དང་གཡུ་སོགས་རིན་ཆེན་ནོར་བུས་བརྒྱན་ཡོད་པ་དེ་ཡང་བོད་བྱང་ཐང་གི་འབྲོག་མོའི་མེད་དུ་མི་རུང་བའི་མཛེས་རྒྱན་དུ་གྱུར་ཡོད་པ་རེད།Yc4

QQ图片20150107103051.jpgYc4

     ཞྭ་མོ་དེས་མགོ་བོར་སྲུང་སྐྱོབ་བྱེད་པའི་ནུས་པ་ཐོན་པར་བརྟེན་བོད་རིགས་མི་དམངས་ཀྱིས་དེའི་ནུས་པའི་ཐོག་མགོ་རྒྱན་སྤྲས་པས་སྤྱོད་གོ་ཆོད་ལ་ད་དུང་མཛེས་པོ་ཡང་ཡོད་པ་རེད། བོད་རིགས་ས་ཁུལ་གཞན་དག་དང་འདྲ་བར་ཨ་མདོ་ས་ཁུལ་གྱི་ཞྭ་མོའི་རིགས་མང་པོ་ཡོད་པ་སྟེ། དུས་ཚིགས་ལ་དབྱེ་ནས་དགུན་ཞྭ་དང་དབྱར་ཞྭ་རིགས་གཉིས་སུ་དབྱེ་ཡོད། ཁྱད་ཆོས་ལ་གཞིགས་ན་སྤྱིར་བཏང་གི་ཞྭ་མོ་དང་། སྒྱུ་རྩལ་བའི་ཞྭ་མོ། གྲྭ་ཞྭ། འབྲོག་ཞྭ་སོགས་ཡོད། བཟོ་ལྟར་བལྟས་ན་ཞྭ་རྣ་བཞི་དང་། ཝ་ཞྭ། རྒྱ་གར་ཞྭ་མོ། ཚ་རུའི་ཞྭ་མོ་བཅས་གཙོ་བོ་ཡིན་པ་རེད། དེ་སྔོན་ཞྭ་མོ་མ་གོན་ན་མྱ་ངན་འཁུར་བར་བརྩི་ཡི་ཡོད་པ་དང་དེང་དུས་གཞོན་ནུ་མང་པོས་ཞྭ་མོ་མི་གོན་པར་བོད་ཆས་སྤྲོས་ཀྱི་ཡོད་པ་རེད། དོན་དངོས་ཐོག་ཕྱུ་པ་གྱོན་ན་དེ་དང་འཚམ་པའི་ཞྭ་མོ་གོན་ན་དེ་བས་འཚམ་པོ་ཡོད་པ་རེད།Yc4
   ཨ་མདོའི་བོད་རིགས་ཀྱི་གྱོན་ཆས་ནི་ཨ་མདོའི་བོད་རིགས་མི་དམངས་ཀྱི་ལོ་རྒྱུས་ཡུན་རིང་གི་འཕེལ་རིམ་དང་འཚོ་བར་དོན་གཉེར་བྱེད་པ་དང་མཛེས་སྡུག་ལྡན་པའི་མ་འོངས་པར་ཡིད་སྨོན་བྱེད་པ་ལས་མཚོན་པའི་སྤྱང་གྲུང་དང་བློ་གྲོས་ཡིན་པ་རེད། མཐའ་འཁོར་གྱི་མི་རིགས་ཁག་གི་རིག་གནས་ཀྱི་འཚོ་བཅུད་རྒྱུན་ཆད་མེད་པར་ཉམས་ལེན་བྱེད་པའི་རྨང་གཞིའི་ཐོག་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་ཡར་རྒྱས་ཕྱིན་ཡོད་པ་རེད། དེས་ཨ་མདོའི་བོད་རིགས་ཀྱི་གོས་རྒྱན་རིག་གནས་ཀྱི་ངོས་མཚོན་ཡོད་ལ་དེས་ཕྱོགས་མང་ཐད་ནས་བོད་རིགས་གོས་རྒྱན་རིག་གནས་མཛེས་བཟོ་དང་སྟོབས་ཆེར་ཡང་བཏང་ཡོད།Yc4
 Yc4
 Yc4

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།