༄༅།། སོར་རྩེའི་རྩལ་ལས་ཐོན་པའི་ལྷོ་པའི་རྒྱན་གོས་།
སྤེལ་དུས།  2015-02-02  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། རླུང་དར་སྣ་ལྔ།

2.JPG8X6

image (1).jpg8X6

རྒྱན་གོས་བཀླུབས་པའི་ལྷོ་པའི་བུད་མེད།8X6

     ལྗོན་པའི་གསེབ་ཏུ་ལང་ཚོ་ངོམས།8X6

     གྱོན་ཆས་ནི་མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་བྱུང་བའི་གྲུབ་འབྲས་ཆེན་པོ་ཞིག་ཡིན་པ་དང་ལོ་ངོ་ཁྲིའི་ནང་འགྱུར་ལྡོག་དང་ལེགས་སུ་ཕྱིན་ཡོད། གྱོན་ཆས་ནི་དངོས་པོའི་དཔལ་ཡོན་གྱི་འབྲས་བུ་ཡིན་ལ་བསམ་པའི་དཔལ་ཡོན་གྱི་མཚོན་ཚུལ་ཞིག་ཀྱང་ཡིན། མི་རྣམས་ཀྱི་གྱོན་ཆས་དེ་ཆེས་གདོད་མའི་ཤིང་པགས་དང་སྲོག་ཆགས་ཀྱི་པགས་པ་ནས་དར་གོས་བར་འགྱུར་ལྡོག་བྱུང་ཡོད། ང་ཚོའི་མེས་པོས་གྱོན་ཆས་གྱོན་པ་ནས་བཟུང་མིའི་རིགས་ཀྱིས་ལུས་འགེབས་དྲོད་སྲུང་བྱེད་ཤེས་པ་དང་། གུས་སྲོལ་དང་ངོ་ཚ་ཡང་ཤེས།8X6
     ལྷོ་པའི་རྒྱན་གོས་ཀྱི་མཚོན་ཚུལ།8X6
     གནས་ཡུལ་རོང་ཚལ་ཁྲོབ་གྲོང་ཚོ་ནི་སྒྲུང་པ་མཇུག་ཤོས་ཡ་ཤར་འཚོ་བ་སྐྱེལ་མྱོང་བའི་གྲོང་ཚོ་ཞིག་རེད།   ཟླ་བས་སྨྱུག་གདན་ཐོག་སོ་སོས་ཉར་ཚགས་བྱས་པའི་ལྷོ་པའི་གྲི་སྣ་ཚོགས་སྒྲིག་པ་དང་གྲི་ཞིག་གི་གྲི་ཤུབས་ཐོག་དངུལ་ཚག་ཀྱང་བརྒྱབ་འདུག ཁོང་གིས“གྲི་རྙིང་པ་ལ་ལར་དྲི་ངན་ཁ་བ་དེ་ནི་མི་བསད་པའི་ཁྲག་དྲི་རེད”ཅེས་བཤད། དེ་ག་ནི་ཟླ་བའི“ལས་དོན་ཁང”ཡིན་པ་དང་གང་སར་སྨྱུག་ཞྭ་དང་། སླེལ་པོ། སྨྱུག་གདན་བཅས་ཀྱིས་ཁེངས། གནས་ཡུལ་རོང་གི་ཟླ་བས་སྨྱུག་གཤག་རྒྱག་པ་དེ་ནི་ལྷོ་པ་རིགས་ཀྱི་སྐྱེས་པའི་ལག་ཤེས་ཤིག་ཡིན་པ་དང་ད་ཆ་རྒད་པོ་ཕུད། ལག་ཤེས་དེ་ཤེས་མཁན་ཧ་ལམ་མེད།8X6
   “ང་ཚོ་འདི་གའི་སྨྱུག་མ་ཤིན་ཏུ་ཐུང་བ་དང་མེ་ཏོག་གི་སྨྱུག་མ་རིང་བ་ཡོད། སྔ་ལོ་ངས་སྒོར་5000བཏང་ནས་མེ་ཏོག་ནས་སྨྱུག་མ་ཉོས་པ་ཡིན། འོན་ཀྱང་སྨྱུག་ཞྭ་5དང་སླེལ་པོ་1བསླས་རྗེས་རྫོགས་སོང”ཞེས་བཤད།8X6
     ཁོང་ལ་གྱོན་ཆས་འཚེམ་སྟངས་སློབ་མཁན་ནི་ཁོང་གི་བཟའ་ཟླའི་ཕ་ཡིན་པ་དང་དོན་དངོས་ཐོག་དེ་སྔ་ལྷོ་པའི་གྱོན་ཆས་ནི་སོ་སོས་འཚེམ་བཟོ་བྱེད་པ་དང་དོམ་ལྤགས་ཀྱང་རང་ཉིད་ཀྱིས་རྔོན་བརྒྱབ་ནས་བྱུང་བ་ཞིག་ཡིན། ཟླ་བས་སྤོབས་པ་ཆེན་པོས་གཡུ་རྒྱན་ཞིག་བསྟན་བྱུང་། ཁོང་གིས་དེ་སྔ་གཡུ་རྡོག་ཆེན་པོ་ཞིག་གིས་བྲན་གཡོག་གཅིག་བརྗེ་ཐུབ་ཅེས་བཤད།8X6
    རྔོན་རྒྱག་པའི་དུས་སྐབས་ཡོལ་བ།8X6
    ཟླ་བས་ལྷོ་པ་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་ཆ་ཚང་ཞིག་བསྟན་བྱུང་། ངས“དེ་དག་ཆ་ཚང་ལ་དངུལ་ཇི་ཙམ་དགོས”ཞེས་དྲིས་པས་ཟླ་བས“སྒོར་25000ཙམ་དགོས། གྲི་ཁོ་ནར་སྒོར་7000ཙམ་རི་གི་ཡོད”ཅེས་ལན་བཏབ་བྱུང་། ཟླ་བས་ད་ཆ་ལྷོ་པའི་གྱོན་ཆས་ཀྱི་རིན་གོང་མཐོ་པོ་ཡོད་པ་ནི་དེ་དག་གི་མ་གནས་མཐོ་བས་རེད། དོམ་ལྤགས་དང་བྷང་ག་ལའི་སྟག་གི་རྐན་བཅས་ཐོབ་ཐབས་བྲལ་བ་དང་། ཐ་ན་ལག་གདུབ་ཐོག་གི་ཕག་རྒོད་ཀྱི་སོ་ཡང་ཐོབ་ཁག་པོ་ཡོད། སྨྱུག་ཞྭ་བསླ་བྱེད་ཀྱི་སྨྱུག་མ་ཡང་མེ་ཏོག་ནས་ཉོ་དགོས་ཀྱི་ཡོད་པ་དང་ད་དུང་གླ་ཆ་ཡང་ཧ་ཅང་མཐོ་པོ་སྤྲོད་དགོས་ཀྱི་ཡོད་ཅེས་བཤད། ཟླ་བས་མེ་ཏོག་ནས་ལག་རྩལ་མཁས་པའི་མོན་པའི་དགེ་རྒན་ཞིག་གདན་དྲངས་ཏེ་མེས་པོས་བཞག་པའི་གནའ་བོའི་རྨོག་སོགས་ལ་ཞིབ་འཇུག་བྱས་རྗེས་གཞི་ནས་ད་ལྟའི་སྨྱུག་ཞྭ་འདྲ་བཟོ་བྱེད་ཐུབ་པ་བྱུང་ཡོད། ཉིན་གཅིག་ལ་ལས་མིའི་གླ་ཆ་སྒོར་300སྤྲོད་དགོས་པ་དང་ཉིན་ལྔ་ལ་གཞི་ནས་ཞྭ་མོ་གཅིག་བཟོ་ཐུབ་ཀྱི་ཡོད། དེ་ལྟར་བྱས་རུང་ལག་ཤེས་བཟོ་རྩལ་དེ་སྔོན་མའི་ཆུ་ཚད་དུ་སླེབས་ཐུབ་མེད་ཅེས་བཤད།8X6
   དཀའ་ངལ་དེ་ལྟར་ཡོད་སྟབས་ལོ་ཤས་ཀྱི་དུས་ཚོད་ནང་ཟླ་བས་མོན་པ་རིགས་ཀྱི་ཕོ་མོའི་གྱོན་ཆས་ཆ་ཚང་10ཡང་བཟོ་ཐུབ་མེད། གནས་གོང་མཐོ་བའི་གྱོན་ཆས་དེ་དག་རྟེན་རྫས་བཤམས་མཛོད་ཁང་དང་འགྲེམས་སྟོན་ཁང་ཁག་ཏུ་ཉར་ཚགས་བྱས་པ་ལས་རྒྱུན་དུ་མི་གྱོན་པ་ལོས་ཡིན། ལྷོ་པ་རིགས་ཀྱི་འབྲེལ་ཡོད་བརྙན་འཕྲིན་ལེ་ཚན་པར་རྒྱག་བྱེད་སྐབས་ས་གནས་དེ་གའི་ཕོ་གཞོན་འགའ་རེས་ཀྱང་ལྷོ་པའི་གྱོན་ཆས་ཆ་ཚང་གྱོན་ནས་པར་ཆས་ཀྱི་མདུན་དུ་ཕར་འགྲོ་ཚུར་འོང་བྱེད་ཀྱི་ཡོད།8X6
    དམིགས་བསལ་གྱི་མཆོད་འབུལ།8X6
    ལྷོ་པ་བས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ཡོ་བྱད་སྣ་ཚོཌ་བཟོ་བ་སྟེ། མདའ་དང་། སྨྱུག་མས་བསླས་པའི་རྒྱ་རྙི། ཟ་བྱད་བླུག་བྱེད་ཀྱི་སླེལ་པོ་སོགས་ཡོད། ཟླ་བས་དེ་སྔ་མོ་པས་བྱེད་པའི་ལས་ཀ་མི་ཉུང་བ་ཞིག་སྒྲུབ་པ་དཔེར་ན། སྨྱུག་མས་བསླས་པའི་མཆོད་སྟེགས་བཟོ་བ་སོགས་རེད།8X6
     མཆོད་སྟེགས་ཀྱི་མཐོ་ཚད་ལ་སྨི་གཅིག་ལྷག་ཙམ་ཡོད་པ་དང་སྨྱུག་མས་བསླས་པ་དང་དེའི་སྟེང་དུ་ཤུག་པའི་ཡལ་ག་འདོགས་པ་མ་ཟད་བྱ་སྒོང་བཞག་པས་ཡ་མཚན་ཆེ་བའི་སྒོ་མོ་ལྟ་བུ་ཞིག་ཡོད། མཆོད་སྟེགས་ཀྱི་དབུས་སུ་འཕྲེད་དུ་པང་ལེབ་ཅིག་འཇོག་པ་དང་ཟླ་བ་ངོ་མས་རྟགས་བརྒྱབ་ཡོད། དེའི་སྟེང་དུ་ཉི་མ་དང་ཟླ་བའི་རི་མོ་དང་དེ་བཞིན་རྟོགས་དཀའ་བའི་དངོས་པོ་མང་པོ་བྲིས་ཡོད། ཟླ་བས་དེའི་དབུས་སུ་ཡོད་པའི་ཉི་ཟླའི་རི་མོར་མཛུབ་མོ་བཙུགས་ཏེ་དེ་སྔ་དེ་དག་མོ་པས་འབྲི་གི་ཡོད། “ད་ཆ་མོ་པ་མེད་སྟབས་ངས་འབྲི་རྒྱུ་རེད་འདུག”ཅེས་བཤད།8X6
    མཆོད་སྟེགས་ཀྱི་འོག་ཏུ་ད་དུང་སྨྱུག་མས་བསླས་པའི་སྣོད་བྱད་གཉིས་ཡོད། ཟླ་བས་དེ་ནི་བྱ་དེ་གཉིས་མཚོན་པ་སྟེ། བྱ་ཕོ་བྱ་མོ་རེད། ལྷོ་པའི་སྲོལ་རྒྱུན་ལྟར་ན། བྱ་དེ་བསད་རྗེས་བྱ་མགོ་དང་བྱ་གཤོག་སྨྱུག་བྱའི་ཐོག་འཇོག་དགོས་ཀྱི་ཡོད།8X6
    མཆོད་པ་འབུལ་བ་ནི་ཕྱོགས་གཅིག་ནས་རིམས་ནད་སེལ་བ་དང་ཕྱོགས་གཞན་ཞིག་ནས་དགྲ་བོའི་མཐུ་དང་གནོད་འཚེར་སྐྲག་མི་དགོས་པ་མཚོན་གྱི་ཡོད་ཅེས་བཤད།8X6

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།