༄༅།། མདུན་ཕྱོགས་ཀྱི་རི་བོ།
སྤེལ་དུས།  2018-01-13  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། ཀླུ་ཆུའི་བོད་འབྲིང་མཐོ་གཉིས་བདུན་རྩིས་ཚན་འཛིན་གྲྭའི།དགོན་ཆགས་མགོན་པོ་འཚོ།  རྩོམ་སྒྲིག་པ། lobsang

དགུན་དུས་ཀྱི་གྲང་རླུང་འུར་འུར་ལྡང་། giC

རི་བོ་དེ།ལྷགས་པས་བསྡམ་པའི་བང་མཛོད་ཅིགgiC

དཔྱིད་དུས་ཀྱི་ལྗང་མྱུག་དལ་གྱིས་འབུས།giC

རི་བོ་དེ།གྲོལ་ཐབས་མེད་པའི་འདྲི་གཞི་ཞིགgiC

དབྱར་དུས་ཀྱི་མེ་ཏོག་མཁའ་ནས་འཁྲུངས།giC

རི་བོ་དེ།རེ་བས་བལྟམས་པའི་ཉི་གཞོན་ཞིགgiC

སྟོན་དུས་ཀྱི་འབྲས་བུ་གཡུར་དུ་ཟ།giC

རི་བོ་དེ།འབྲུ་རིགས་སྣ་ལྔའི་བང་མཛོད་ཅིགgiC

 giC

མདུན་ཕྱོགས་ཀྱི་རི་བོ།giC

རྒྱུགས་ན་མི་ཐོན།རེག་ན་ཐུགgiC

བསམ་པའི་འཆར་ཕྱོགས་ཞིག་ལ།ཁྱེད་ནི་ལྷོད་པ་མེད་པའི་རྟ་མཆོག་ཅིགgiC

རེག་རྒྱུ་མེད་པའི་འཇའ་ཚོན་ཞིགgiC

ཁྱེད་ནི་་་་་་giC

 giC

སློབ་ཁང་གྲུ་བཞི་ཞིག་གི་གྲུ་ཟུར་ནསgiC

ནམ་ཞིག་ཁྱེད་དང་མཇལ་བའི་ལམ་སྣེ་འཚོལ་བཞིན།giC

བདག་སེམས་ཀྱི་རེ་བ་འོད་སྣང་གིས་སྒྲོན་བཞིན།giC

ཐུག་མི་ཐུབ་པའི་ལམ་སྣེ་དེ་ནི།giC

བྲིས་མི་ཚར་བའི་ལོ་རྒྱུས་ཞིག་ཡིན་ན།giC

ང་ནི་སྔར་བཞིན་ཁྱེད་དང་མཇལ་ན་འདོད།giC

དགེ་རྒན་གྱིས་གསུངས་ན།giC

ཁྱེད་ནི་ཚན་རིག་གི་ཞིང་ཁམས་རེད་ཟེར།giC

ཕ་མས་གསུངས་ན།giC

ཁྱེད་ནི་འོད་དུ་འཚེར་བའི་ནོར་བུ་རེད་ཟེར།giC

ཕྲན་གྱིས་བསམ་ན།ཁྱེད་ནི་རྫོགས་ལྡན་གྱི་འབྲས་བུ་ཞིགgiC

ནམ་ཞིག་ཁྱེད་དང་མཇལ་བའི་རེ་བ་ལ་བརྩོན་བཞིན།giC

མདུན་སྐྱོད་ཀྱི་གོམ་ཁ་ཁྱེད་ལ་ཕྱོགས་འགྲོgiC

捕获.PNG1.PNGgiC

 ཀླུ་ཆུའི་བོད་འབྲིང་མཐོ་གཉིས་བདུན་རྩིས་ཚན་འཛིན་གྲྭའི།དགོན་ཆགས་མགོན་པོ་འཚོ།giC

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
མཉམ་སྤྱོད་བྱེད་གནས།