༄༅།། ས་ཡི་བསྟན་བཅོས་དགོས་འདོད་ནོར་བུ་ཀུན་འབྱུང།
སྤེལ་དུས།  2017-11-12  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།   རྩོམ་པ་པོ།  ༡༣ འཛིན་གྲྭ་གཉིས་པས་བརྩམས།  རྩོམ་སྒྲིག་པ། lobsang

ཨོཾ་བདེ་ལེགས་སུ་གྱུར་ཅིགSiy

 Siy

ས་གཞི་རིན་ཆེན་འདུ་བའི་མཛོད།།Siy

ས་སྟེང་སྐྱེ་འགྲོའི་ལོངས་སུ་སྤྱད།།Siy

ས་ཡི་གོ་ལ་གཅིག་པུ་ཡི།།Siy

ས་ཁྱད་མ་ལུས་བརྗོད་པར་བྱ།།Siy

 Siy

འཇིག་རྟེན་སྐྱེ་བོའི་ནུས་པ་ནི།།Siy

དབུལ་ཕྱུག་ཁོ་ནས་འབྱེད་པར་དཀའ།།Siy

ཉམས་དགའི་སྐྱེད་ཚལ་མ་འགྲིམས་པའི།།Siy

ས་ནག་དུའང་མེ་ཏོག་བཞད།།Siy

 Siy

ཡ་རབས་སྐྱེ་བོའི་བློ་ཁོག་ཡངས།།Siy

བཟང་ངན་གང་བཤད་དང་དུ་ལེན།།Siy

རིན་ཆེན་ས་གཞི་མཐའ་རྒྱ་ཡངས།།Siy

དུག་སྨན་གང་བཙུགས་སྐྱེ་བར་འགྱུར།།Siy

 Siy

མཁས་པའི་ཤེས་རིག་ཡོན་ཏན་དེ།།Siy

ཇི་ལྟར་སྤྱད་ན་དེ་ལྟར་འཕེལ།།Siy

འཇིག་རྟེན་སྟེང་གི་རིན་ཆེན་ས།།Siy

ཇི་ལྟར་སྤྱད་ནའང་འཛད་མཐའ་མེད།།Siy

 Siy

སྐྱེ་བོ་ངན་པའི་བྱ་སྤྱོད་འགའ།།Siy

དམ་པས་བཀག་ཀྱང་ཁོག་པ་དཀའ།།Siy

ཆུ་ཕྲན་བཞུར་བའི་ཡུལ་དེ་ལ།།Siy

ས་ཡིས་ཁོགས་པ་ཤིན་ཏུ་དཀའ།།Siy

 Siy

ཡ་རབས་དམ་པའི་སྐྱེ་བོ་ཡིས།།Siy

གང་ཟག་གཞན་ཕན་བསླབ་བྱས་སྐྱོང་།།Siy

སྐྱེ་འགྲོ་སྐྱོབ་པའི་གསེར་ལྡན་མས།།Siy

སྣོད་བཅུད་ལྗང་མདོག་ཁོར་ཡུག་བསྐྲུན།།Siy

 Siy

རིག་གནས་མཁས་པའི་སྐྱེ་བོ་དེས།།Siy

བྱ་བ་གང་སྒྲུབ་ལེགས་པར་འགྲུབ།།Siy

ས་ཁོད་སྙོམས་པའི་ས་ཞིང་ལ།།Siy

འཛུགས་བསྐྲུན་གང་འདོད་བྱ་བར་འོས།།Siy

 Siy

མཁས་པའི་གོ་ས་ཐོབ་པའི་མིའི།།Siy

ཀུན་སྤྱོད་ངན་ན་ཆེས་ཐ་ཆད།།Siy

ས་གཞི་ལ་ཡང་སྙད་བྱུང་ན།།Siy

སྲོག་ཆགས་ཡུན་དུ་འཚོ་བ་དཀའ།།Siy

 Siy

ཡོན་ཏན་མེད་པའི་མི་ཉིད་ལ།།Siy

གྲོགས་བྱེད་ཤིན་ཏུ་ཉུང་བ་ལྟར།།Siy

ས་ལས་སྐྱེས་པའི་ཧ་ལོ་ལ།།Siy

སྦྲང་མ་འཁོར་བ་ཡོད་མ་ཡིན།།Siy

 Siy

བློ་དམན་བྱ་བ་གང་སྒྲུབ་ཀྱང་།།Siy

འབྲས་བུ་བཟང་པོ་འབྱུང་བ་དཀའ།།Siy

ས་དམར་ནང་དུ་མེ་ཏོག་ཀྱང་།།Siy

ཡག་པོ་སྐྱེས་པ་ཉུང་ངུ་ཙམ།།Siy

 Siy

འཇིག་རྟེན་མཛེས་པ་སྣ་ཚོགས་ཀྱང་།།Siy

ཕྱི་མར་འགྲོ་དུས་འཁྱེར་མི་ནུས།།Siy

ས་ཐོག་སྐྱེས་པའི་སྤང་རྒྱན་རྣམས།།Siy

དགུན་ཁར་ཐོན་དུས་མེད་པར་འགྱུར།།Siy

 Siy

ཡན་ཏན་མེད་པའི་སྐྱེ་བོ་ཡིས།།Siy

འབད་པ་བྱེད་ཀྱང་དོན་སྙིང་མེད།།Siy

སྤང་ཐང་མེད་པའི་ས་ཆ་ལ།།Siy

མེ་ཏོག་སྐྱེ་ཡང་མཛེས་པ་མེད།།Siy

 Siy

ཡོན་ཏན་ཡོད་པའི་སྐྱེ་བོ་ཡིས།།Siy

དོན་ངན་བསྒྲུབ་ཀྱང་དོན་བཟང་འགྱུར།།Siy

ས་རི་བཟང་སའི་སྤང་ཐང་ལ།།Siy

རྩྭ་མེད་ཤ་ཤེད་གཞན་ལས་རྒྱས།།Siy

 Siy

དཀའ་སྤྱད་སྡུག་གིས་འབད་པ་ཡིས།།Siy

མཇུག་འབྲས་རྒྱལ་པོའི་གོ་ས་ཐོབ།།Siy

ས་རྡུལ་ཕྲ་མོས་ནུས་པ་ཡིས།།Siy

ས་འཛིན་རི་བོ་གྲུབ་པར་ལྟོས།།Siy

 Siy

ལེ་ལོ་ཅན་གྱི་སྐྱེ་བོ་ཡིས།།Siy

གང་བཤད་དང་ལེན་མི་བྱ་ཞིང་།།Siy

རྡོ་ཐོག་ས་ཞིག་བླུག་ན་ཡང་།།Siy

ཆུ་དང་འཕྲད་ཚེ་མེད་པར་འགྱུར།།Siy

 Siy

འཇིག་རྟེན་སློབ་དཔོན་ཐམས་ཅད་ཀྱིས།།Siy

སྐྱེ་བོ་ཀུན་ལ་རིག་གནས་བསྩལ།།Siy

ས་འཛིན་གསེར་ལྡན་སྒེག་མོ་ཡིས།།Siy

ས་སྟེང་སྐྱེ་འགྲོར་ཚེ་སྲོག་བསྩལ།།Siy

 Siy

གོང་མ་བཟང་པོའི་བཀའ་དྲིན་གྱིས།།Siy

དབུལ་བོ་མངའ་ཐང་དར་བར་བསྒྱུར།།Siy

རིན་ཆེན་ས་ཡི་བཀའ་དྲིན་གྱིས།།Siy

འབྲུ་རིགས་སྣ་ལྔ་སྐྱེས་སུ་བཅུག།Siy

 Siy

འཛམ་གླིང་རིག་གནས་ཡོད་དོ་ཅོག།Siy

ཇི་ལྟར་བསླབ་ན་དེ་ལྟར་འཕེལ།།Siy

ཞིང་ལ་ས་བོན་ཅི་གདབ་པ།།Siy

དེ་ལྟ་དེ་ལྟར་སྐྱེ་བར་འགྱུར།།Siy

 Siy

ཡོན་ཏན་ལྡན་པའི་སྐྱེ་བོ་དག།Siy

མི་རྒུད་ཉིན་བཞིན་འཕེལ་བར་འགྱུར།།Siy

ཆར་ཆུ་འཛོམས་པའི་ས་གཞི་ལ།།Siy

བཅུད་ལྡན་ལོ་ཏོག་སྐྱེས་ལ་ལྟོས།།Siy

 Siy

འཇིག་རྟེན་སྟེང་གི་སྐྱེ་བོ་ལ།།Siy

སྤྱོད་ལམ་བཟང་ངན་གཉིས་སུ་དབྱེ།།Siy

ནེའུ་གསིང་བཞད་པའི་མེ་ཏོག་གི།།Siy

རིགས་ལ་མཛེས་བཙོག་གཉིས་ཀ་ཡོད།།Siy

 Siy

མཐོང་རྒྱ་ཆུང་བའི་སྐྱེ་བོ་དག།Siy

ཡོན་ཏན་ཅན་ལ་ལྷག་པར་སྡང་།།Siy

ས་ཡི་ཟེགས་མ་མཐའ་དག་ཀྱང་།།Siy

གཙང་བའི་གོས་ལ་འབྱར་བར་དགའ།།Siy

 Siy

ས་གཞིར་དགའ་བའི་སློབ་བུ་འགས།།Siy

ས་ཡི་དགེ་མཚན་ཆ་ཤས་ཙམ།།Siy

ས་ག་ཟླ་བའི་ཡར་ཚེས་ལ།།Siy

བརྗོད་པ་ཉིད་དེ་རྒྱལ་གྱུར་ཅིག།Siy

 Siy

གོང་གི་ཚིགས་སུ་བཅད་པ་ཉི་ཤུ་དེ་ནི་བདག་གི་སློབ་མ་ཚོས་ཀུན་སྤྱོད་བསླབ་དེབ་༼ས་སྐྱ་ལེགས་བཤད༽་དང་༼ཆུ་ཤིང་བསྟན་བཅོས༽སོགས་བསླབ་པ་བརྒྱུད་དེ་བྲིས་པའོ།།Siy

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།