༄༅།། འོས་འགན་སློབ་གསོ་མྱོང་བའི་དུས་རིམ་ནང་གི་བཅའ་སྡོད་སློབ་མར་འཚོ་བའི་ཁ་གསབ་གང་དག་ཡོད།
སྤེལ་དུས།  2018-01-29  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་པ་པོ། ལོ་ཙཱ་བ། ཁོན་ཐར་འཚོ།   རྩོམ་སྒྲིག་པ། lobsang

འོས་འགན་སློབ་གསོ་མྱོང་བའི་དུས་རིམ་ནང་གི་བཅའ་སྡོད་སློབ་མར་འཚོ་བའི་ཁ་གསབ་གང་དག་ཡོད།F2Y

ལན། རོང་འབྲོག་ཁུལ་དང་གྲོང་ཁྱེར་གྱི་ཁྱིམ་ཚང་དཀའ་ངལ་ཅན་པོའི་བུ་ཕྲུག་སློབ་གྲྭར་བཅའ་སྡོད་ཐད་ལ་འཚོ་བའི་ཁ་གསབ་ཡོད་དེ། ཁ་གསབ་དེའི་ཚད་གཞི་ནི། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར་༡༡༠༠ཡོད་པ་དང་། སློབ་འབྲིང་ལ་སྒོར་༡༣༥༠ཡོད་པ་རེད། མཚོ་བྱང་ཁུལ་དང་མཚོ་ནུབ་ཁུ་གྱི་སློབ་ཆུང་གི་སློབ་མ་རེ་ལ་ལོ་རེར་སྒོར༡༥༠༠ཡོད་པ་དང་། སློབ་འབྲིང་ལ་སྒོར༡༧༠༠རེ་ཡོད་པ་རེད། མཚོ་ལྷོ་ཁུལ་དང་རྨ་ལྷོ་ཁུལ་གྱི་རེབ་གོང་རྫོང་དང་གཅན་ཚ་རྫོང་གི་སློབ་ཆུང་སློབ་མ་རེ་ལ་ལོ་རེར་སྒོར༡༦༠༠ཡོད་པ་དང་། སློབ་འབྲིང་ལ་སྒོར༡༨༠༠རེ་ཡོད་པ་རེད། ཡུལ་ཤུལ་ཁུལ་དང་མགོ་ལོག་ཁུལ། རྨ་ལྷོ་ཁུལ། རྩེ་ཁོག་རྫོང་། སོག་རྫོང་བཅས་ཀྱི་སློབ་ཆུང་གི་སློབ་མ་རེ་ལ་སྒོར༡༧༠༠ཡོད་པ་དང་། སློབ་འབྲིང་ལ་སྒོར༡༩༠༠རེ་ཡོད་པ་རེད།F2Y

འོས་འགན་སློབ་གསོ་དུས་རིམ་ནང་གཙང་གསུམ་འགོ་ཁུངས་ཀྱི་ཡུལ་གཞན་སློབ་གཉེར་ལ་བྱ་དགའ་དང་ཁ་གསབ་སྲིད་ཇུས་(ཡུལ་ཤུལ་དང་། མགོ་ལོག རྨ་ལྷོ། མཚོ་ལྷོ། མཚོ་བྱང་། མཚོ་ནུབ་བཅས་ཁུལ་དྲུག)གང་དག་ཡོད།F2Y

ལན། སློབ་འབྲིང་སློབ་མས་ཡུལ་གཞན་དུ་སློབ་གཉེར་བྱེད་སྐབས་དེ་ལ་ཡུལ་གཞན་སློབ་གཉེར་གྱི་བྱ་དགའ་དང་ཁ་གསབ་ཀྱི་སྲིད་ཇུས་ཡོད་ཅིང་། དེ་ཡོད་པའི་སྔོན་འགྲོའི་ཆ་རྐྱེན་ཞིག་ནི་ངེས་པར་དུ་སློབ་གསོ་སྡེ་ཚན་ནས་གཅིག་གྱུར་ཐོག་སྒྲིག་འཛུགས་བྱས་ནས་ཡུལ་གཞན་དུ་སློབ་གཉེར་ལ་སོང་བ་ཡིན་དགོས། གལ་ཏེ་སྒེར་ཐོག་ནས་ཡུལ་གཞན་དུ་སློབ་གཉེར་ལ་ཕྱིན་པ་ཡིན་ན། སློབ་མ་དེ་དག་ཁ་གསབ་དང་བྱ་དགའ་སྐོར་གྱི་འཐོབ་བྱ་ཅི་ཡང་མེད་པ་ཡིན། བྱ་དགའ་དང་ཁ་གསབ་དེ་ནི་ལོ་གཅིག་གི་སློབ་སྐབས་ཧྲིལ་བོར་ཆ་སྙོམས་ཀྱི་ཁ་གསབ་དང་སྤྱི་སྤྱོད་འགྲོ་གྲོན་ཐད་༢༣༠༠ཡོད་པ་དང་། སློབ་སྐབས་ཧྲིལ་བོར་སློབ་མ་རེ་ལ་འཚོ་བའི་ཁ་གསབ་སྒོར་༢༢༠༠ཡོད་པ་རེད།F2Y

མཐོ་འབྲིང་དཀྱུས་མའི་སློབ་རིམ་ནང་གཙང་གསུམ་འགོ་ཁུངས་ཀྱི་ཡུལ་གཞན་སློབ་གཉེར་གྱི་བྱ་དགའ་དང་ཁ་གསབ་སྲིད་ཇུས་(ཡུལ་ཤུལ། མགོ་ལོག རྨ་ལྷོ། མཚོ་ལྷོ། མཚོ་བྱང་། མཚོ་ནུབ་བཅས་ཁུལ་དྲུག)གང་དག་ཡོད།F2Y

ལན། མཐོ་འབྲིང་སློབ་མས་ཡུལ་གཞན་སློབ་གཉེར་བྱེད་པ་ལའང་ཡུལ་གཞན་སློབ་གཉེར་གྱི་བྱ་དགའ་དང་ཁ་གསབ་ཡོད། དེ་ཡོད་པར་ཚང་དགོས་པའི་སྔོན་འགྲོའི་ཆ་རྐྱེན་ནི་ངེས་པར་དུ་སློབ་གསོ་སྡེ་ཁག་གི་གཅིག་གྱུར་སྒྲིག་འཛུགས་འོག་ཡུལ་གཞན་དུ་སློབ་གཉེར་སོང་བ་ཡིན་དགོས། གལ་ཏེ་རང་སྒེར་ནས་སློབ་གཉེར་ལ་འགྲིམས་པ་ཡིན་ན་སྲིད་ཇུས་དེ་ལོངས་སྤྱོད་བྱེད་མི་ཐུབ་པ་རེད། སྤྱི་སྤྱོད་འགྲོ་གྲོན་ཐད་ནས་སློབ་སྐབས་ཧྲིལ་བོར་སློབ་མ་རེར་རོགས་དངུལ་ཁ་གསབ་སྒོར་༢༨༠༠ཡོད་པ་དང་། འཚོ་བའི་ཁ་གསབ་སྒོར་༢༧༠༠རེ་ཡོད་པ་རེད།F2Y

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།