༄༅།། ལྷད་མེད་ཀྱི་གྲོགས་པོ་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་བཅུ།
སྤེལ་དུས།  2018-01-11  རྡེབ་ཚད།   ཡོང་ཁུངས། གླིང་སྲས་བོད་ཡིག་འཕྲིན་སྟེགས།  རྩོམ་པ་པོ། མགར་གློག་མིག  རྩོམ་སྒྲིག་པ། lobsang

གཅིག ཁྱོད་དང་གྲོགས་པོའི་འབྲེལ་འདྲིས་ལ་འོས་འཚམས་ཀྱི་ཚད་ཅིག་དགོས། རྒྱུ་མཚན། ཚད་བརྒལ་གྱི་འབྲེལ་འདྲིས་ཟབ་དྲགས་ན་གྲོགས་པོའི་སེམས་ལ་རྨ་ཁ་གང་མང་སྟེར་ངེས་ལ། དེ་ལས་ལྡོག་ཏེ་འབྲེལ་འདྲིས་ཀྱི་བར་ཐག་རིང་དྲགས་ན་བརྩེ་དུང་ཟབ་མོའི་དར་དཀར་གྱི་མདུད་པ་ཇེ་ལྷོད་དུ་འགྲོ་ངེས།ZBW

གཉིས། བློས་ཐུབ་ཀྱི་གྲོགས་པོ་ནི་རང་རང་གི་ནུས་སྟོབས་ཀྱི་འབྱུང་ཁུངས་ཡིན་ཕྱིར། དཀའ་ངལ་དང་འཕྲད་ཚེ་དེ་མུར་ཁྱོད་ཀྱིས་གྲོགས་པོར་སྦ་གསང་མེད་པར་དྲན་ཚུལ་དག་བཤད་དགོས།ZBW

གསུམ། གྲོགས་པོ་ཕན་ཚུན་བར་གྱི་ཕྱི་ཐག་ནི་བརྩེ་བ་དངོས་མའི་མྱུ་གུ་སྨིན་སའི་ཞིང་ས་ལེགས་ཤོས་དེ་ཡིན་པས། ཕྱི་ཐག་ལ་ཅིས་ཀྱང་དོགས་གཟབ་གནང་དགོས།ZBW

བཞི། ཁྱོད་ཀྱིས་ཁྱོད་ཀྱི་གྲོགས་པོ་དང་ཁྱོད་གཉིས་བར་ལ་བཟོད་སྒོམ་གྱི་ས་བོན་ཅི་ཙམ་བཏབ་ན། དེ་ལས་བདེ་སྐྱིད་ཀྱི་འབྲས་བུ་ལྡབ་འགྱུར་འབྱུང་ངེས།ZBW

ལྔ། གྲོགས་པོས་ཁྱོད་ཀྱི་སེམས་ཁམས་གསོ་ནུས་ལ། ཁྱོད་ལ་རེ་བ་གསར་པའང་སྟེར་ཐུབ། དེ་བས་ཁྱོད་ལ་ནམ་ཡང་གྲོགས་པོ་མཁོ།ZBW

དྲུག ཁྱོད་ཀྱིས་མི་གཞན་ལ་བརྩེ་བ་རྣལ་མ་ཞིག་འཇོག་ཐུབ་ཚེ། གཞན་གྱིས་ཀྱང་ཁྱོད་ལ་དུང་བ་བཅོས་མིན་ཞིག་འཇོག་སྲིད།ZBW

བདུན། གྲོགས་པོ་ནི་རིན་བྲལ་གྱི་དངོས་པོ་ཡིན་པས། ནམ་ཡང་རྒྱུ་ནོར་དང་བརྗེ་བར་མ་གནང་།ZBW

བརྒྱད། གལ་སྲིད་ཁྱོད་ཆ་མེད་ཀྱི་མི་ཞིག་དང་གྲོགས་པོ་བསྒྲིག་འདོད་ཚེ། བརྩེ་དུང་ཡུན་གནས་ཀྱི་ཆེད་དུ་ཆ་རྒྱུས་ཟབ་མོ་ཞིག་གི་སྔོན་འགྲོ་ངེས་པར་དུ་དགོས།ZBW

དགུ། ཁྱོད་ཁོའི་གྲོགས་པོ་ཚད་ལྡན་ཞིག་བྱེད་འདོད་ན། ཁྱོད་ཀྱིས་ཚད་ལྡན་ཚུལ་མཐུན་གྱི་སྒོ་ནས་རྒྱུན་པར་ཁོའི་འདོད་བློ་ལ་བསམ་གཞིག་གམ་བློ་ཁ་གཏད་དགོས།ZBW

བཅུ། ཁྱོད་ཀྱིས་བྱ་བ་གང་ཞིག་སྒྲུབ་སྐབས་ལྗིད་ཏིག་ཏིག་གི་དཀའ་ཁག་དང་འཕྲད་ཚེ། འཛེམ་དོགས་མེད་པར་གྲོགས་པོ་ལ་བློ་འདྲི་བགྱིས་ཚེ་བྱ་བ་ལེགས་འགྲུབ་དང་བརྩེ་དུང་གི་ཁ་ཐག་ཇེ་ཉེ་རུ་འགྱུར་ངེས་སོ། །ZBW

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།