༄༅།། རྒྱལ་ཁབ་ཀྱིས་དུས་རབས་གསར་བའི་སྒོ་མོ་ཕྱེ་སྟེ། སློབ་གསོ་རྒྱང་སྐྱོད་གསར་བའི་ལམ་དུ་གོམ་པ་སྤོས།
སྤེལ་དུས།  2017-11-09  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།  རྩོམ་པ་པོ། གཅན་རྣམ་ཐར་གྱིས་བསྒྱུར།  རྩོམ་སྒྲིག་པ། lobsang

གསེར་མདོག་གིས་བྱུགས་པའི་ཟླ་བཅུ་བར། ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་དེ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས། འདི་ནི་རང་རྒྱལ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་རིམ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་པའི་གནད་འགག་གི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་ཆེན་ཞིག་རེད། ཚོགས་འདུ་ལས་གནས་བབ་གསར་བ་དང་། བསམ་བློ་གསར་བ། ཐག་གཅོད་གསར་བ།  རིག་ལམ་གསར་བ་བཏོན་པ་དང་། ཁྱོན་ཡོངས་རང་བཞིན་དང་། འཐབ་ཇུས་རང་བཞིན། རྒྱང་མཐོང་རང་བཞིན་བཅས་ཀྱི་རྩ་འཛིན་འགུལ་སྐྱོད་ཡོད་པར་བཏོན་ཏེ། སྐབས་དང་པོའི་ཀྲུང་དབྱང་འགོ་ཁྲིད་ཀྱི་སྒྲིག་གཞི་གསར་བ་འདེམས་ཐོན་བྱུང་།r8K

ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་སླེབས་ཤིང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་ལས་གསལ་བོར་བསྟན་དོན། དུས་ཡུན་རིང་བོར་འབད་འཐབ་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་བསྐྱོད་པ་འདི་ནི། རང་རྒྱལ་གྱི་ལོ་རྒྱུས་གསར་བའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག་ཡིན། དུས་རབས་གསར་བས་རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོའི་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཡང་བསྐྱར་ངོས་འཛིན་གསར་བར་མྱོང་རོལ་བྱེད་པ་དང་། དེ་ལས་རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དེ་མི་དམངས་ཀྱི་ཉིན་རེར་ཆེ་རུ་འགྲོ་བའི་མཛེས་སྡུག་གི་འཚོ་བའི་དགོས་མཁོ་དང་དོ་སྙོམས་མིན་པ་དང་ཆ་ཚང་མིན་པའི་འཕེལ་རྒྱས་བར་གྱི་འགལ་བ་གཙོ་བོ་འགྱུར་བར་མཚོན་ཡོད། རང་རྒྱལ་གྱི་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་བྱུང་ནའང་ང་ཚོས་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་གནས་སའི་ལོ་རྒྱུས་ཀྱི་དུས་རིམ་ལ་བརྡར་ཤ་གཅོད་པ་དང་། རང་རྒྱལ་འདི་ཉིད་སྔར་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་རིམ་དུ་གནས་པ་དང་དུས་ཡུན་རིང་བོར་གནས་རྒྱུ་ཡིན་པའི་གཞི་རྩའི་འཐབ་ཇུས་གསར་བ་བཏོན་ཡོད་པ་དང་། ད་ལྟ་ནས་སྤྱི་ལོ2020ལོ་བར་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་གཏིང་ཐག་གཅོད་པའི་དུས་སྐབས་ཤིག་ཡིན་ཞིང་། སྤྱི་ལོ2035ལོར་རྩ་བའི་ཆ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱུང་བ་དང་། སྤྱི་ལོ2035ལོ་ནས་དུས་རབས་འདིའི་དུས་དཀྱིལ་བར་རང་རྒྱལ་འདི་ཉིད་འབྱོར་ཕྱུག་དང་། དམངས་གཙོ།  དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་ཏུ་བསྐྲུན་དགོས་པ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་རྔམ་བརྗིད་ལྡན་པའི་འཆར་གཞི་གསར་བའི་རི་མོ་འབྲི་དགོས།r8K

རང་རྒྱལ་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་དུ། དེང་རབས་ཅན་གྱི་སློབ་གསོ་མེད་མི་རུང་། བློ་མཐུན་ཞི་ཅིན་ཕེན་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་ནང་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་སློབ་གསོའི་འཕེལ་རྒྱས་གཏན་ཁེལ་ཆ་ཚང་བར་གནང་སྟེ་བསྟན་དོན།  སློབ་གསོའི་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་བཏང་སྟེ། ཀྲུང་གོའི་ནུབ་རྒྱུད་དང་ཞིང་སྡེ་སློབ་གསོར་ཤུགས་སྣོན་གསལ་བོར་བྱེད་དགོས་ཞེས་བསྟན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔའི་རིང་། རང་རྒྱལ་སློབ་གསོའི་བཅོས་སྒྱུར་ལ་མངོན་གསལ་དོད་པོའི་གྲུབ་འབྲས་བླངས་ཡོད་པ་དང། སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲིན་པོ་ཧྲིན་གྱིས་ཕྱོགས་ལྔ་ཡི་སྒོ་ནས་བསྡུས་ཡོད་དེ། གཅིག་ནི་སློབ་གསོའི་ཧྲིལ་གཟུགས་ཆུ་ཚད་འཛམ་གླིང་གི་ཁྲོད་ནས་སྔོན་གྲལ་དུ་སླེབས་ཡོད་པ་དང་། གཉིས་ནི་སློབ་གསོའི་རྒྱུ་སྤུས་མངོན་གསལ་གྱི་མཐོར་འདེགས་བྱུང་ཡོད། གསུམ་ནི་སློབ་གསོའི་འཕེལ་རྒྱས་ལ་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་གི་ཆ་རྐྱེན་ལྡན། བཞི་ནི་རྒྱལ་སྤྱིའི་ཤན་ཤུགས་ཀྱིས་སློབ་གསོར་མངོན་གསལ་ཤུགས་དྲག་འབྱུང་། ལྔ་ནི་ཕྱོགས་ཡོངས་ནས་སློབ་གསོ་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་དགོས། སློབ་གསོ་ནི་རང་རྒྱལ་དེང་རབས་ཅན་གྱི་རྩ་བའི་རྟེན་གཞི་ཡིན་པས། ཕྲུ་གུ་ཡོད་ན་གསོ་སྐྱོང་དགོས་པ་དང་། སློབ་པ་ཡོད་ན་ཁྲིད་དགོས་པའི་དམིགས་འབེན་མངོན་འགྱུར་འབྱུང་དགོས།r8K

ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུ་ལས་གསལ་བོར་བསྟན་དོན། སློབ་གསོའི་བྱ་གཞག་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་སུ་གཏོང་དགོས།  སློབ་གསོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་ནི་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་རྨང་གཞིའི་ལས་གཞི་ཡིན་པས། སློབ་གསོའི་བྱ་གཞག་ངེས་པར་དུ་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་གཏོང་དགོས་པའི་གནས་སུ་བཞག་སྟེ། སློབ་གསོ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། སློབ་གསོ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པོ་བསྒྲུབ་དགོས་ཞེས་བསྟན་ཡོད་པ་འདི་ནི། སློབ་གསོར་བཏོན་པའི་དམིགས་འབེན་གསར་བ་དང་། རེ་འདུན་གསར་བ་ཡིན་པས། རྗེས་ཕྱོགས་རང་རྒྱལ་སློབ་གསོའི་བྱ་གཞག་འཕེལ་རྒྱས་སུ་འགྲོ་བའི་ལམ་སྟོན་འགུལ་སྐྱོད་ཀྱི་སྣ་འདྲེན་ངེས་པར་དུ་དགོས།r8K

སླཽབ་གསོ་འཕེལ་རྒྱས་དེ་རླབས་ཆེ་བའི་དུས་རབས་ཀྱི་རྒྱབ་ལྗོངས་འོག་ཇུས་འགོད་བྱེད་དགོས། མིག་སྔར་གྱི་སློབ་གསོ་བརྗོད་ན། སློབ་གྲྭར་འགྲོ་ཐུབ་པའི་གནད་དོན་ཐག་གཅོད་བྱས་ཟིན་པར་བཤད་ཆོག་ལ། སློབ་གསོའི་རྒྱུ་སྤུས་ད་དུང་གོམ་གང་མདུན་སྤོས་སྒོས་མཐོར་འདེགས་སུ་གཏོང་དགོས་པ་དང་། སློབ་གསོ་འཕེལ་རྒྱས་དོ་སྙོམས་མིན་པའི་གནད་དོན་ད་རུང་འབུར་ཐོན་ཡིན། སློབ་གསོའི་བྱ་གཞག་ངེས་པར་དུ་དམིགས་སུ་བཀར་ནས་སྔོན་ལ་འཕེལ་རྒྱས་སུ་གཏོང་བ་དང་།  སློབ་གསོ་དེང་རབས་ཅན་དུ་འགྱུར་ཚད་ཇེ་མགྱོགས་སུ་གཏོང་བ། མི་དམངས་ཡིད་ཚིམ་པའི་སློབ་གསོ་ལེགས་པོ་བསྒྲུབ་སྟེ།  གཙོ་གནད་བཟུང་བ། མི་འདང་ས་ཁ་གསབ། སྟོབས་ཀྱིས་ཞན་ཆ་སྐོང་བར་བྱས་ནས་བསམ་བློ་དང་འགུལ་སྐྱོད་གཅིག་གྱུར་སྒོས་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་དང་བསྟུན་དགོས་པ་དང་། བློ་གྲོས་དང་སྟོབས་ཤུགས་ཕྱོགས་གཅིག་ཏུ་བསྒྲིལ་ནས་ཚོགས་ཆེན་བཅུ་དགུ་བས་བཏོན་པའི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་དགོས།r8K

སློབ་གསོ་པུའུ་ཡི་པུའུ་ཀྲང་ཁྲིན་པོ་ཧྲིན་གྱིས་གསལ་བོར་བསྟན་ཟིན་པ་ལྟར། མ་འོངས་བའི་སློབ་གསོའི་འཕེལ་རྒྱས་ཀྱི་འགན་ཁུར་ནི་གོམ་གང་མདུན་སྤོས་སྒོས་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ཏེ། དོ་མི་སྙོམས་པ་དང་ཆ་མི་ཚང་བའི་གནད་དོན་ཐག་གཅོད་ལེགས་པོ་བྱས་ནས་མི་དམངས་ཀྱི་ཉིན་རེ་འཚོ་བ་ཡར་རྒྱས་སུ་འགྲོ་བའི་ལོངས་སྤྱོད་སྔར་ལས་དྲང་བདེན་ཡོང་བ་དང་། སྔར་ལས་མཐོ་བའི་སློབ་གསོའི་རྒྱུ་སྤུས་ཀྱི་རེ་འདུན་ལ་ཡིད་ཚིམ་པར་བྱེད་དུ་འཇུག་དགོས་ལ། རྒྱུན་མི་ཆད་པར་ཕྲུ་གུ་ཡོད་ན་གསོ་སྐྱོང་བྱེད་དགོས་པ་དང་། ཁྲིད་པ་ཡོད་ན་སློབ་པར་བྱེད་དགོས་པའི་སྟེང་དུ་ནུས་ཤུགས་གང་ལེགས་འདོན་དགོས། དུས་རབས་གསར་བའི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཀྱི་རྒྱང་སྐྱོད་གསར་བའི་ལམ་དུ་གོམ་པ་སྤོས་ཟིན་ནོ།།r8K

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།