༄༅།། གང་འདྲ་ཞིག་ལ་དགེ་རྒན་ཟེར།
སྤེལ་དུས།  2017-11-04  རྡེབ་ཚད།   ཡོང་ཁུངས། སྙན་ངག་དགའ་ཚལ།   རྩོམ་པ་པོ། དབྱངས་ཀྱི་ང་རོ་ཡིས།   རྩོམ་སྒྲིག་པ། lobsang

༡  དགེ་རྒན་ཞེས་པ་ནི་མེ་ལོང་ནང་ནས་རང་ཉིད་མཐོང་བ་ཞིག་ལ་ཟེར།5nw

༢  དགེ་རྒན་གྱིས་སེམས་གསོན་པོས་མི་སྐྱོབ་པ་ལས། སེམས་ཤི་རོས་མི་གསོད་མི་རུང་།5nw

༣  བསླབས་དེབ་དང་ལས་བྱ་རིག་ན་མགོ་བོ་ན་བའི་དགེ་རྒན་ཚོ། སྔ་མོ་ནས་ཡུལ་ལ་ལོག་ནས་ཆུ་ཁོལ་འཐུང་ན་དགའ།5nw

༤  དགེ་རྒན་ལ་རིག་གནས་འཛོམས་དགོས་ལ། ལྷག་བསམ་ནི་དེ་ལས་ཀྱང་གལ་ཆེའོ།5nw

༥  དུས་རྒྱུན་སྐད་གསེང་མཐོན་པོ་བྱེད་པའི་དགེ་རྒན་དག་ནི་འགན་འཁྲི་འདུ་ཤེས་ཡོད་པའི་རྟགས་ཡོད།5nw

༦ སྨན་པས་མི་གཅིག་ལས་གསོད་མི་ཐུབ་ཀྱང་། དགེ་རྒན་གྱིས་མི་སྟོང་ཕྲག་འགའ་དང་མི་རབས་འགའ་གསོད་ཐུབ།5nw

༧  མི་དམངས་དགེ་རྒན་ནི་མི་དམངས་ལ་དྲང་ལམ་སྩོལ་མཁན་ལས། ལྡོག་ལམ་སྟོན་མཁན་མིན།5nw

༨  དགེ་རྒན་ནི་དུས་ནམ་ཡང་༼ ཆོས་སྐྱོང་སྲུང་མ་ཅི་བཞིན༽ ་ཁ་དང་ལག་པ་། སེམས་སློབ་མ་དང་ཉམས་དུ་གནས་དགོས། 5nw

༩  དུས་རྒྱུན་དུ་དཔེ་ཆ་བོར་ནས་རྙེད་ཀྱིན་མེད་པའི་དགེ་རྒན་དེས། རང་གི་སློབ་མའང་སྔ་མོ་ནས་བོར་ནས་ཡོད། 5nw

༡༠  སློབ་གསོ་ནི་འཁྲབ་སྟོན་མིན། གསར་འགྱུར་མིན། དེ་ནི་སྨན་གྱི་སྡོང་བོའི་ལུད་དང་ས་ཆུ་ཡིན། 5nw

༡༡  དཔེ་ཁྲིད་ཡག་པོ་ཞིག་ལ་བརྩོན་དང་འཇིག་རྟེན་འདིའི་ཆོས་ངོ་མ་ནི་དེ་ཡིན། 5nw

༡༢  ཁྱོད་ཀྱི་སློབ་ཐུན་གཅིག་དང་མིང་ཚིག་གཅིག ལུས་ཀྱི་རྣམ་འགྱུར་དང་འགྲོ་འདུག་སྤྱོད་གསུམ་གང་ཡིན་ཡང་། སློབ་མར་ཚེ་གཅིག་གི་བག་ཆགས་འཇོག་གིན་ཡོད། 5nw

༡༣  ཁྱོད་ནི་སྨན་འདེབས་མཁན་དང་སྨན་སྟེར་མཁན་ཞིག་ཡིན་པ་ལས། དུག་འདེབས་མཁན་ཞིག་དང་དུག་སྟེེར་མཁན་ནི་གཏན་ནས་མིན།5nw

༡༤  ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ཁས་ལེན་པའི་དགེ་རྒན་ཞིག་ཡིན་ན། སློབ་ཁྲིད་དང་སློབ་གསོ་ཡག་པོའི་ཕྱོགས་ལ་བརྩོན་དང་ཚེ་འདི་ཕྱི་གཉིས་ཀྱི་ཆོས་འགྲུབ་ནས་ཡོད།5nw

༡༥  ཕོགས་ཁོ་ན་སྙེག་པའི་དགེ་རྒན་ཞིག་ཡིན་ན། ཁྱོད་ཀྱིས་བདག་གཞན་གཉིས་ལ་གནོད་འཚེ་མི་བྱེད་རོགས།5nw

༡༦ དགེ་རྒན་གྱི་ལས་ཀ་ནི་ཧ་ཅང་ཉེན་ཁ་ཅན་གྱི་ལས་ཀ་ཞིག་ཡིན་པས། ཁྱོད་ལ་གྲ་སྒྲིག  རྒྱུན་འཁྱོངས། བརྩོན་པ། སྙིང་སྟོབས་དག་དགོས་ལ། གལ་ཏེ་དེ་དག་མེད་ན། སྔ་མོ་ནས་ཁོད་ཡངས་བའི་གནས་ཞིག་ལ་བྲལ་ན་བཟང་།5nw

༡༧ དགེ་རྒན་གྱིས་ཚེ་གང་བོར་དཔེ་ཀློག་ལ་བརྩོན་དགོས་པས། ཁྱོད་ཀྱིས་དུས་ཚོད་གཅིག་ཀྱང་ཆུད་ཟོས་མ་བྱས་ན་བཟང་། 5nw

༡༨ འགོ་ཁྲིད་ཀྱི་སྔུན་དང་ལས་འཕར་སྐབས་སུ་ཟློས་གར་ཙམ་འཁྲབ་པ་དང་། དུས་རྒྱུན་སློབ་ཞོལ་བྱེད་ཀྱིན་པའི་དགེ་རྒན་དག་ནི། ཉེས་པ་ཅན་གྱི་དགེ་རྒན་ཡིན།5nw

༡༩  དོན་ངོ་མའི་སྟེང་ནས་བཤད་ན། དགེ་རྒན་ལས་ལྷག་པའི་མི་གཟི་བརྗིད་ཅན་ཞིག་མེད། ཁྱོད་ཀྱི་ལྷག་བསམ་འབོད་པ་དང་གཞན་ཕན་གྱི་སྐུལ་སློང་རེ་རེས། མི་རབས་འགའ་ལ་དྲང་ལམ་དང་བདེན་དོན་སྩོལ་གྱིན་ཡོད། 5nw

༢༠ དགེ་རྒན་གྱི་འགན་འཁྲི་ནི་ཉེན་རྟོགས་པ་དང་གཅིག་མཚུངས་ཡིན། རྒྱུ་མཚན། ཉེན་རྟོགས་པའི་དུས་ཚོད་སྐར་ཆ་རེ་རེར་མི་དམངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཆེད་དུ་བློ་བསྒྲིམས་ནས་ཡོད་ཀྱང་། དགེ་རྒན་དུས་ཚོད་སྐར་ཆ་རེ་རེར་མི་དམངས་དང་རྒྱལ་ཁབ་ཀྱི་མ་འོངས་བའི་དོན་དུ་བློ་རིག་བསྒྲིམས་དགོས།5nw

༢༡ ང་ནི་དགེ་རྒན་དང་ཁྱོད་ནི་སློབ་མའོ་ཞེས་ལོགས་སུ་དགར་བའི་དགེ་རྒན་དེ་དག    ནམ་ཡང་སློབ་མའི་སེམས་ཀྱིས་བཀུར་མི་སྲིད།5nw

༢༢ ཁྱོད་ཀྱིས་སློབ་མ་ཚོར་དྲང་ཕྱོགས་ཀྱི་སློབ་གསོ་འཚོ་བ་དངོས་འབྲེལ་ལས་གཏོང་བ་ལས། རང་ལྟ་མཆོག་འཛིན་གྱིས་སློབ་མའི་སེམས་ཁམས་ལ་རང་གཅིག་པུ་འབྲི་རུ་འཇུག་མི་རུང་།5nw

༢༣ སློབ་མ་ནི་དཀར་གཙང་གི་ཤོག་བུ་ཞིག་ཡིན་པའི། ཁྱོད་ཀྱིས་དེར་རི་མོ་ཡག་པོ་ཞིག་འབྲི་མི་ཤེས་ན། ནག་ཐིག་འབྲི་མི་རུང་། རྒྱུ་མཚན་བྲིས་ཟིན་པ་དག་གསུབ་དཀའ།5nw

༢༤ ལས་ཚོགས་དང་སློབ་ཁྲིད་ཀྱི་སྐབས་སུ། ཁྱོད་ཀྱིས་སློབ་གསོ་ཁོ་ན་གླེང་བ་ལས། གཞན་མ་གླེང་། དེའི་དགེ་རྒན་གཞན་ལའང་གནོད་འཚེ་འཕོག་སྲིད།5nw

༢༥ དགེ་རྒན་གྱི་ཁྲིད་གཞི་ནི་གཏན་ཁེལ་གྱི་བསླབ་དེབ་ལས་རྒལ་མི་ཆོག་པ་ཞིག་གཏན་ནས་མིན་ལ། སློབ་མར་ཡར་རྒྱས་ཀྱི་ནུས་པ་ཐོན་པའི་དཔེ་ཁྲིད་གང་ཡིན་ཡང་ཁྲིད་ཆོག5nw

༢༦ དགེ་རྒན་ནི་གཙོ་བོ་ཁྲིད་གཞི་ལ་བྱང་ཆ་ལྡན་དགོས་པ་ལས། འཁྲབ་སྟོན་ལ་བྱང་ཆ་མ་ལྡན་ནའང་སྐྱོན་མེད།5nw

༢༧ སློབ་གཙོས་དུས་རྒྱུན་དུ། སློབ་མ་གཅེས་བའི་དགེ་རྒན་ལ་གཞན་ཕན་ཅན་དང་མི་དམངས་དགེ་རྒན་གྱི་མཚན་སྩོལ་དགོས་པ་དང་། ཟླ་ཕོགས་གཅེས་བའི་དགེ་རྒན་དེ་དག་སྔ་མོ་ནས་ལས་གནས་གཞན་ལ་བསྒྱུར་ན་འགྲིག རྒྱུ་མཚན། ཁྱོད་ཀྱིས་མི་དམངས་དང་རྒྱལ་ཁབ་ཀྱི་རེ་བ་ཆེན་པོ་ཞིག་ཁུར་ཡོད་པའི་རྐྱེན་གྱིས།5nw

༢༨ སློབ་གཙོས་དགེ་རྒན་བདམས་དུས། ལྷག་བསམ་ཅན་དང་གཞན་ཕན་ཅན། ཡོན་ཏན་ཅན་བདམས་དགོས་པ་ལས། ལག་རྟགས་ཡོད་པ་ཙམ་དང་ཕྱི་ཡི་རྣམ་པ་ཡག་པ་ཙམ། འཁྲབ་སྟོན་ལ་བྱང་ཆ་ལྡན་པ་དག་བདམས་མི་རུང་། དེ་དག་གིས་ཁྱོད་ཀྱི་འཆར་གཞི་དང་ནུས་པ་ལ་གཏོར་བརླགས་གཏོང་ངེས་ཡིན།5nw

༢༩ སློབ་ཆུང་དང་སློབ་འབྲིང་སློབ་མར་དུས་རྒྱུན་སློབ་གསོ་གཏོང་དུས། ཆེས་མཁོ་བ་ནི་སྤྱི་ཚོགས་སློབ་གསོ་ཡིན། རྒྱུ་མཚན་ཁོ་ཚོའི་སེམས་ཀྱི་འཚོ་བ་ནི་འཚོ་བ་དངོས་ལས་ལྡོག་ཕྱོགས་ཡིན། 5nw

༣༠ སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཆེས་མཁོ་བ་ནི་རྨང་གཞིའི་ཤེས་བྱ་ཡིན། རྒྱུ་མཚན། མ་འོངས་པར་ཁོ་ཚོ་གཤོག་པ་བརྐྱང་ནས་འཕུར་དགོས།5nw

༣༡ སློབ་མ་ཚོར་དུས་རྒྱུན་འགན་འཁྲིའི་གལ་ཆེན་རང་བཞིན་ཤོད། རྒྱུ་མཚན། དམིགས་ཡུལ་མེད་པའི་སློབ་སྦྱོང་ལ་གྲུབ་འབྲས་དང་འཕེལ་རྒྱས་མེད།5nw

༣༢ སློབ་མ་ཚོར་མཁོ་བ་ནི་ཁྱོད་རང་མཁས་མིན་གྱི་དུས་ཚོད་གཏོང་བའི་གཏམ་མིན་པར། ཁོ་ཚོར་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་སྟོན་རྒྱུ་དེ་ཡིན།5nw

༣༣ ཁྱོད་ཀྱི་སེམས་ཀྱིས་སློབ་མར་སློབ་གསོ་བཏང་ནས་གཅེས་ན། ལག་པ་འགུལ་ནས་གཅར་བ་ལས་ཀྱང་སྐྲག 5nw

༣༤  མདོར་ན། སློབ་གསོའི་ལས་ཀ་གཉེར་བའི་མི་སུ་ཡིན་ཡང་འདང་རྒྱག་ས་མང་པོ་ཡོད།  བློ་བསྒྲིམས་སའང་མང་། དེ་བས་ཚང་མས་མེས་རྒྱལ་དང་མི་དམངས་ཀྱི་དོན་དུ་ནམ་ཡང་བརྩོན་པ་བྱེད་དགོས།                            5nw

  ༢༠༡༦ལོའི་ཟླ་ཚེས་བཟང་པོར་སྦྱར།   སུ་རུ་ཡུལ་ཚོ་ནས།5nw

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།