༄༅།། སློབ་གསོའི་ཉིན་ཐོ།
སྤེལ་དུས།  2017-09-30  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས།   རྩོམ་པ་པོ། གཅན་གླག་མིག  རྩོམ་སྒྲིག་པ། lobsang

སློབ་གཙོ་དང་དགེ་རྒན་གཉིས་ཀྱི་མུ་བཞི།WXW

1/   སློབ་གཙོ་བཟང་བོ་དགེ་རྒན་ངན་པ། WXW

དཔེར་ན།  བླ་མས་འོན་པར་ཆོས་འཆད་པ།WXW

2/   སློབ་གཙོ་ངན་པ་དགེ་རྒན་ངན་པ།  WXW

དཔེར་ན།  ལོང་བས་ལོང་བར་ལམ་ཁྲིད་པ།WXW

3/   སློབ་གཙོ་ངན་པ་དགེ་རྒན་བཟང་བོ།WXW

དཔེར་ན།  བླུན་པོས་མཁས་པར་སློབ་གསོ་གཏོང་བ།WXW

4/   སློབ་གཙོ་བཟང་བོ་དགེ་རྒན་བཟང་བོ།WXW

དཔེར་ན།  ནམ་མཁའི་ཉི་ཟླ་ཟུང་གཅིགWXW

 WXW

སློབ་གསོའི་རིམ་པ་བཞི།WXW

གཅིག  ཁྱིམ་ཚང་སློབ་གསོ།WXW

ལོ་གཅིག་ནས་ལོ་བཞི་བར།WXW

༼   དམངས་སྲོལ་སློབ་གསོ།  ཀུན་སྤྱོད་སློབ་གསོ།༽WXW

 WXW

གཉིས།  དགོན་སྡེ་སློབ་གསོ། WXW

ལོ་ལྔ་ནས་ལོ་བདུན་བར།WXW

༼   ནང་བསྟན་སློབ་གསོ།  རྒྱུ་འབྲས་སློབ་གསོ།༽WXW

 WXW

གསུམ།  སློབ་གྲྭའི་སློབ་གསོ།WXW

ལོ་བརྒྱད་ནས་ལོ་ཉེར་གསུམ་བར།WXW

༼    རིག་གནས་སློབ་གསོ།  མི་ཆོས་སློབ་གསོ།༽WXW

 WXW

བཞི།  སྤྱི་ཚོགས་སློབ་གསོ།   WXW

ལོ་ཉེར་བཞི་ནས་ཚེ་གང་བོར།WXW

༼   ཀུན་སྤྱོད་སློབ་གསོ།  བྱམས་བརྩེ་སློབ་གསོ།༽ WXW

 WXW

བོད་ཀྱི་སྤྱི་ཚོགས་ཀྱི་གྲུ་ཟུར་ལ་ཀླན་པ།WXW

༡     ཁ་གྲག་མ་ཐག་ཏུ་རང་མི་རིགས་སྙིང་རྗེ་ཆེ་རབས་དང་བྱམས་སེམས་ལྡན་རབས་རྐྱང་བཤད་པ་ལས་མིག་མདུན་ན་དཔྱངས་པའི་ལོ་ཆུང་བྱིས་པ་རྣམས་ཀྱི་ཀློག་དེབ་དཔེ་མེད་ཅིག་ཀྱང་མེད་པ་དེ་མཚར།WXW

༢     མིག་ཕྱེས་མ་ཐག་ནས་རང་མི་རིགས་སྤྱང་གྲུང་འཛོམས་རབས་རྐྱང་བཤད་ཀྱང་།   དོན་དམ་པར་ཞལ་འདེབས་ཀྱི་དོན་དག་ལ་སྤྲོ་བས་མི་འཇུག་པར་ལྡོག་སྟེ་དགག་རྒྱག་བྱེད་ལ་དེ་མཚར།WXW

༣     ནད་པ་གང་མང་ཞིག་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ཐོན་ན་ད་གཟོད་དུ་བ་མི་འཐེན་པའི་དམ་བཅའ་འཇོག  སློབ་མ་ལ་ལས་རྒྱུགས་མ་འཕྲོད་ན་ད་གཟོད་སློབ་སྦྱོང་མ་བརྩོན་པ་བསྐྱེད་རྒྱུ་ཤེས།  ཁྱིམ་བདག་ལ་ལས་རང་གི་བྱིས་པ་ཡོད་ཚད་ཀུན་གྱིས་རྗེས་ལུས་དང་མ་རབས་ཡིན་ན་ད་གཟོད་སློབ་གསོ་གལ་ཆེན་ཡིན་པ་རྟོགས།   WXW

༤    ཁྱིམ་བདག་ངན་པས་བྱིས་པའི་ནུས་པ་ཆུས་ཟོས་སུ་གཏོང་སྲིད་པ་བཞིན།   ས་ཆ་གང་དེའི་དབུ་འཛིན་ངན་པས་མི་བུའི་ཐབས་དང་ཤེས་རབ།  རྣམ་དཔྱོད་དང་མཁྱེན་རྒྱ་ཆུད་ཟོས་གྲོན་འཛད་དུ་གཏོང་ངོ་། །   WXW

༥  རྣམ་ཀུན་འཛམ་གླིང་གི་མི་རིགས་སོ་སོའི་ཁྲོད་སྙིང་རྗེ་ལྡན་རབས་དང་།   རིག་གནས་ཡོད་རབས་ཀྱིས་ཅིག་ཅིག་ཅིག་བཤད་ནས་ཚར་རྒྱུ་མེད་པའི་བོད་མི་རིགས་ཀྱིས་རྟག་ཏུ་འདས་པོའི་ལེགས་ཉེས་དང་།  འགྲིག་མིན།  མཆོག་དམན་སོགས་བཤད་ནས་ཤི་བོར་ལྷིང་འཇགས་ཀྱི་སྐལ་བ་ཙམ་ཡང་མི་བསྐྱུར་བ་འདི་དངོས་གནས་སྐྱོ་བོ་འདུག   WXW

༦ སྒོས་སུ་ཆོས་པ་ཁེ་ལས་ཅན་དང་འདོད་ཆགས་ཅན།  དགེ་རྒན་ཚོང་ལས་ཅན་དང་གཡོ་སྒྱུ་ཅན།  སྨན་པ་རྐུན་མ་ཅན་དང་ཧམ་པ་ཅན་དུ་གྱུར་དང་འགྱུར་བཞིན་པའི་བོད་ཀྱི་སྤྱི་ཚོགས་སུ་དྲང་བདེན་ཞེས་པ་ཡལ་ལ་ཁད།WXW

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།