༄༅།། སློབ་མ། དུ་བ། ཤི་བ།
སྤེལ་དུས།  2017-09-13  རྡེབ་ཚད།   ཡོང་ཁུངས། ཤེས་རབ་གཡང་དཔེ་མཛོད་ཁང་གི་སྤྱི་བའི་གླེང་སྟེགས།  རྩོམ་པ་པོ། ཤེས་རབ་བསྟན་དར།  རྩོམ་སྒྲིག་པ། lobsang

----ཡ་རབས་ཚང་ན་ལྷ་བཟོ་གསུམ། མ་རབས་ཚང་ན་དུ་འཐེན་གསུམ།NSt

མི་ཡུལ་ལ་འཇིགས་སུ་རུང་བའི་འགོས་ནད་ཅིག་ཡོད་པ་ནི་བྱི་དུག་ཡིན་ཟེར།བྱི་དུག་བྱུང་བའི་ས་ཆ་དེར་མི་ཞིག་གསོན་མི་ཐུབ་ལ་བྱི་དུག་དེ་སྤང་ལ་མེ་ཤོར་བ་བཞིན་ཁྱབ་འགྲོ་བས།གོ་ཐོས་སུ་སྲིད་གཞུང་གིས་མྱུར་ཏུ་བཀག་ཅིང་གནམ་གྲུ་སྤྱད་དེ་མི་ཟོག་ཐམས་ཅད་དམར་གསོད་བྱས་ནས་བེམ་པོ་མེར་བསྲེགས་མྱོང་སྐད།དེ་མིན་འཇིག་རྟེན་འདི་སྟོང་བའི་ཉེན་ཁ་ཆེ་སྐད།NSt

ད་ལྟའང་བྱི་དུག་ལྟ་བུའི་མི་ཤི་ཚད་ཆེ་བའི་དུག་རིགས་ཤིག་ཡོད་པ་ནི་ཕལ་ཆེར་ཁྱོད་ཀྱི་བློས་ཐུབ་ཀྱི་གྲོགས་པོ་ཞིག་ཡིན་ཡང་ཁྱོད་ཀྱིས་དེ་ལ་དོ་སྣང་བྱེད་མི་སྲིད།ཡིན་ནའང་། ཨ་རི་བས་དུས་རབས་ཉེར་གཅིག་པའི་བྱི་དུག་ནི་དུ་བ་ཡིན་ཟེར།NSt

དུ་བ་ལ་དེ་ལྟ་བུའི་ཉེན་ཁ་ཞིག་ཡོད་དམ། ང་ཚོས་འཛམ་གླིང་གི་བསྡོམས་རྩིས་ལ་བལྟ་བར་བྱ་སྟེ།གོ་ལ་འདིར་མོའོ་བདུན་རེའི་ནང་དུ་མི་རེ་དུ་བས་བསླངས་པའི་ནད་གཞི་ལས་ཤི་བཞིན་ཡོད་ལ་ཀྲུང་གོར་ལོ་རེར་མི་ས་ཡ་གཅིག་དུ་བའི་ནད་གཞི་ལས་ཤི་བཞིན་ཡོད།NSt

འོ་ན། རྒྱལ་ཁབ་ཀྱིས་ཅིའི་ཕྱིར་བྱི་དུག་ཅིག་མཁོ་སྤྲོད་བྱེད་པ་ཡིན་ནམ།ང་ཚོས་ཅིའི་ཕྱིར་བྱི་དུག་ཅིག་ལ་སྲེད་པ་སྐྱེ་བ་ཡིན་ནམ། ཅིའི་ཕྱིར་མི་མང་བོ་ཞིག་གིས་བློས་མི་ཐོངས་པ་ཡིན་ནམ།དེ་བས་ཀྱང་འདང་མི་ཕོག་པ་ནི་བོད་རིགས་སློབ་ཆུང་སློབ་མ་ཅིའི་ཕྱིར་དུ་བའི་སློབ་ཆུང་དང་།དུ་བའི་སློབ་འབྲིང་ནས་དུ་བའི་སློབ་ཆེན་འགྲིམས་སྟེ།མཐར་དུ་བའི་ཞིབ་འཇུག་པར་གྱུར་ནས་བྱི་དུག་གི་ཚང་ནས་ཤི་བར་འགྱུར་བ་དེ་ཡིན།གོ་ཐོས་ལྟར་ན་སློབ་གྲྭ་ཆེན་མོ་ག་གེ་མོའི་ཞིབ་འཇུག་སློབ་མ་ལ烟酒生(དུ་ཆང་སློབ་མཞེས་མིང་བཏགས་ཡོད་སྐད། སྐབས་འདིར་ད་སོ་མ་བུད་སོང་བའི་སློབ་འབྲིང་བུ་མོ་དེ་གཉིས་ཀྱིས་བཤད་པའི་སྐད་ཆ་དེ་དྲན་འོང་།ང་ཚོའི་འཛིན་གྲྭའི་སྐྱེས་པ་སུམ་ཅུ་ལས་དུ་བ་མི་འཐེན་པ་གཅིག་ལས་མེད་ལ་འཛིན་གྲྭ་ཕལ་ཆེར་འདི་ལྟར་རེད།དམའ་གསུམ་དང་བོའི་བུ་མོ་སྐོར་ཞིག་གིས་ཀྱང་དུ་བ་འཐེན་ཟེར།NSt

འདི་དག་ཡ་རབས་ཚང་ནས་འོངས་པ་ཡིན་ནམ། འདི་དག་གིས་ཡ་རབས་ཀྱི་སློབ་གསོ་མྱངས་པ་ཡིན་ནམ།འདི་ལྟ་བུའི་ཁོར་ཡུག་ན་བདེ་ཐང་གི་སློབ་གསོ་ཞིག་ཡོད་དམ།NSt

བོད་རིགས་སློབ་མ་དག་ཅིའི་ཕྱིར་འདི་ལྟ་བུར་གྱུར་པ་ཡིན་ནམ།ང་རང་གི་བྱིས་པའི་དུས་ཀྱི་རྩེ་རོགས་དག་དྲན་དུས་ངོ་མ་བོད་ཀྱི་བྱིས་པ་དག་ལ་ཁག་མི་འདུགཁོ་ཚོའི་མིག་ལམ་དུ་ཕ་དང་དགེ་རྒན་ནི་མི་སྐྱོན་མེད་ཅིག་དང་གཟི་བརྗིད་ཅན་ཞིག་ཏུ་བརྩིས་པའི་ཁོ་ཚོས་དུ་བ་འཐེན་པའང་གཟི་བརྗིད་ཅིག་ཏུ་མི་མཐོང་བ་ག་ལ་སྲིད།དེ་བས་ཕ་མ་དང་དགེ་རྒན་ལ་ལད་མོ་བྱས་ནས་བྱིས་པ་དུ་རྐྱལ་དང་སློབ་མ་དུ་རྐྱལ་དུ་གྱུར་པ་ནི་བྱིས་པ་དག་ལ་ཁག་མེད་པའི་ཁོར་ཡུག་ཅིག་དང་སློབ་གསོ་ཞིག་ཏུ་གྱུར་འདུགNSt

ང་ཚོའི་ཕ་མ་དང་དགེ་རྒན་ཚོས་བྱིས་པའི་མདུན་ནས་དུ་བ་འཐེན་པ་དེ་བྱིས་པའི་སློབ་གསོ་ལ་འགན་མ་འཁུར་བ་ཞིག་སྟེ་ཁོང་ཚོས་དུ་བ་དེས་ཁོར་ཡུག་རྫོབ་ཀྱིན་པ་ཤེས་མེད་ལ།བྱིས་པའི་སེམས་ཁམས་རྫོབ་ཀྱིན་པའང་ཤེས་མེད། ལྷག་པར་གཞན་གྱི་བདེ་ཐང་ལ་གནོད་པར་དོ་སྣང་བྱེད་ཀྱིན་མི་འདུགNSt

སློབ་གྲྭ་ཆེན་མོའི་དགེ་རྒན་ཞིག་གིས་འདི་སྐད་ཟེར་ཏེ།ཁོས་ཁོར་ཡུག་དང་སློབ་གྲོགས་གཞན་ལ་གནོད་མི་སྐྱེལ་བའི་སླད་དུ་འཛིན་གྲྭའི་སློབ་མ་དག་ལ་སློབ་གྲྭའི་ནང་དུ་དུ་བ་རྐང་གཅིག་འཐེན་ན་སྒོར་ལྔ་བཅུའི་ཆད་པ་དང་།ཁོ་རང་ཉིད་ཀྱིས་འཐེན་ན་ཡང་དེ་ལྟར་བྱ་དགོས་པའི་ཁྲིམས་བཅས་ཟེར་ལ། ཁོས་ད་དུང་ང་དུ་རྐྱལ་ཞིག་ཡིན་ནའང་།སློབ་མའམ་བྱིས་པའི་མཐོང་སར་དུ་བ་གཏན་ནས་འཐེན་པ་མིན་ཟེར།ཁོའི་སྐད་ཆ་འདིས་ང་ལ་སེམས་འགུལ་ཐེབས་སུ་བཅུག བོད་ཀྱི་ཁྱིམ་བདག་དང་དགེ་རྒན་ཡོད་ཚད་འདི་ལྟ་བུ་ཡིན་ན་བོད་ཀྱི་སློབ་གྲྭ་དག་འདི་ལྟར་བྱི་དུག་གི་ར་བར་འགྱུར་མི་སྲིད།NSt

གོ་ཐོས་ལྟར་ན་རྒྱལ་ཁབ་ལ་ལས་སྨན་པ་དང་དགེ་རྒན་གྱིས་དུ་བ་འཐེན་མི་ཆོག་པའི་ཁྲིམས་གཏན་བཅོས་འདུག་སྐད།ང་ཚོའི་སྒྲིག་སྲོལ་དུ་སློབ་མས་དུ་བ་འཐེན་མི་ཆོག་ཅེས་བཤད་ཡོད་ནའང་། ཅིའི་ཕྱིར་དགེ་རྒན་གྱིས་དུ་བ་འཐེན་མི་ཆོག་ཅེས་གཏན་ལ་མ་ཕབས་པ་ཡིན་ནམ།དགེ་རྒན་གྱིས་སློབ་མར་ཐེབས་པའི་ཤུགས་རྐྱེན་དེ་ཕ་མ་ཡིས་བྱིས་པ་ལ་ཐེབས་པའི་ཤུགས་རྐྱེན་ལས་ཀྱང་ཆེ།NSt

དུ་བ་འཛམ་གླིང་དུ་ཁྱབ་ནས་ལོ་ཉིས་བརྒྱའི་རྗེས་ཀྱི་དུས་རབས་ཉི་ཤུ་བའི་ནང་ད་གཟོད་མིའི་རིགས་ལ་གནོད་ཆེ་བ་ཤེས་མོད།བོད་ཀྱི་དུ་བ་འཐེན་མཁན་ཚོས་དུ་བ་དེ་རང་གི་ལུས་ལ་གནོད་པ་ཞིག་གཏན་ནས་མ་རྟོགས་པ་འདྲ། རྒྱུ་མཚན་ནི་དུ་བ་ནི་དཔོན་རྟགས་ཤིག་དང་།ཕྱུག་རྟགས་ཤིག ཕོ་རྒོད་ཀྱི་རྟགས་ཤིག་ཏུ་ངོས་འཛིན་པ་འདྲ་སྟེ་ཐོག་མར་ཁྱད་ཆོས་ཤིག་ཏུ་བསམ་གྱིན་འདུགNSt

དུ་བ་ལུས་ལ་གནོད་པ་ཆེ་བས་དུ་སྒམ་སྟེང་དུ་དུ་བ་འཐེན་ན་བདེ་ཐང་ལ་གནོད་པ་ཆེ(吸烟有害健康)ཞེས་ཉེན་བརྡ་ཞིག་འབྲི་དགོས་པ་གཏན་ལ་ཕབས།བོད་ཀྱི་སློབ་མ་ཚོས་དུ་བས་རང་གི་ལུས་ལ་གནོད་པ་ཡོད་པའི་ཚུལ་གཏན་ཤེས་ཀྱིན་མེད་པ་འདྲ།དུ་བས་གནོད་པ་ཇི་ལྟར་འབྱུང་ཟེར་ན་ཚན་རིག་གིས་ང་ཚོར་འདི་ལྟར་བཤད་ཀྱིན་ཡོད་དེ། དུ་བ་རྐང་གཅིག་གི་ནང་དུ་དུ་བ་ཧོ་ཧྲིན200ཡོད་པའི་ནང40%ཨེད་སྐྲན་གྱི་རྫས་ཡིན།དེའི་ནང་དུ་ཉེ་གུ་ཏིན་སོགས་རྫས་སྣ་བཅུ་ཡོད། དེ་ལས་ཉི་གུ་ཏན་ཐིགས་པ་གཅིག་གིས་སྤྱི་རྒྱ་180ནས200ཡོད་ཅིང་དེས་རྟ་གསུམ་གསོད་ཐུབ།ཡིན་ནའང་དུ་བ་མེར་བསྲེགས་པའི་ཁྲོད50%མ་གཏོགས་མེད་ཅིང་། དེ་ལས80%-- 90%ལས་ཀྱིས་དུག་སེལ་བྱས་པས་འཕྲལ་མར་དུག་ཕོག་དཀའ་ཡང་ཡུན་རིང་ན་དུག་མི་ཕོག་ཀ་མེད་ཡིན་ཞེས་སྟོན་བཞིན་ཡོད།NSt

བྱེ་བྲག་ཏུ་དུ་བ་འཐེན་པས་གློ་ཨེད་དང་ལྕེ་ཨེད།མཆུའི་ཨེད། ཟས་ལམ་ཨེད། གློ་བུག་གི་ཨེད། མིད་པའི་ཨེད། རྨེན་ཨེད། མཁལ་མའི་ཨེད་ལ་སོགས་ཨེད་སྐྲན་འབྱུང་སླ་སྟེ།གཞན་ཨེད་དང་གློ་དབུགས་ཚ་ནད་ཀྱིས་ཤི་བ་ལས75%དུ་བ་འཐེན་པ་ལས་བྱུང་། གློ་ཨེད་བྱུང་ཚད་དུ་འཐེན་དུ་བ་མི་འཐེན་པ་ལས10.8དང་། མིད་ཨེད་བྱུང་ཚད་ལྡབ5.4། ཁའི་ཨེད་བྱུང་ཚད་ལྡབ4. 1 འཇུ་བྱེད་ཨེད་བྱུང་ཚད་ལྡབ3.4མཐོ།NSt

གཞན་ཁྲག་རྩ་འཁུམ་པ་དང་རྩའི་ནུས་པ་ཞན་པར་འགྱུར་བ།སྙིང་ལྡིང་ཚད་མཐོ་བར་འགྱུར་བ། སེམས་ཁམས་མི་བདེ་བ་སོགས་དུ་བ་མི་འཐེན་པ་ལས་མངོན་གསལ་གྱིས་ཆེ་ལ་མི་ལ་ལས་བསྡོམས་རྩིས་བྱས་པ་ལྟར་ན་སེམས་ཁྲལ་གྱིས་ཤི་ཚད་དུ་བ་མི་འཐེན་པ་ལས་ལྡབ1.7 ཡིན་ཟེར། དེ་བཞིན་དུ་བ་འཐེན་པ་ལསའཇུ་བྱེད་དང་དབང་རྩ། རྣ་དབང་ལ་གནོད་པ་ཆེ་ལ་རྒ་བ་མྱུར་ཏུ་འོང་།ལྷག་པར་བུད་མེད་ལ་གནོད་པ་ཆེ་ཞིང་ཁྱོ་གས་དུ་བ་འཐེན་པས་ཆུང་མར་གནོད་ཅིང་དར་མས་དུ་བ་འཐེན་པས་བྱིས་པར་གནོད་པ་ཆེ་བ་སོགས་ཚན་རིག་གིས་བདེན་དཔང་བྱས་འདུགNSt

 ངོ་མ་བོད་ཀྱི་ནང་བསྟན་ལས་བཤད་པ་བཞིན་བདུད་ཀྱི་བུ་མོའི་ལོག་སྨོན་ལས་དུ་བ་སྐྱེ་བ་དངོས་འབྲེལ་རེད་དེ།དེ་མིན་འདི་ལྟ་བུའི་ནད་རིགས་མང་བོ་ཞིག་ཅིའི་ཕྱིར་བསྐྱེད་པ་ཡིན། ད་དུང་ཆོས་གཞུང་ལས།དུ་བས་མཁའ་དབུགས་བརླགས་པས་ཆར་མི་འབབ་ཅིང་ལོ་མི་ལེགས། དུ་བ་དུག་ཏུ་གྲུབ་པས་བྱང་ཆུབ་ཀྱི་སེམས་རྩ་སྐམ་ཞིང་།ནད་རིགས་བཞི་བརྒྱ་རྩ་བཞི་བསྐྱེད། ཡར་སོང་ན་ལྷ་ཡི་གྲོང་ཁྱེར་སྟོངས་ཤིང་། མར་ཐིམ་ན་ཀླུ་ཡི་སྣོད་བཅུད་འཇིགབར་ཁྱབ་ན་བྱ་བྱེའུ་འབའ་འབུ་ལ་གནོད་པར་གསུངས་པར་བསམ་ན་འཇིགས་ཤིང་ཉན་ན་སྐྲག་པ་ཞིག་མ་ཡིན་ནམ།བསྒྲགས་པ་ལྟར་ན། ད་ལྟ་འཛམ་གླིང་དུ་དུ་བ་འཐེན་མཁན་དུང་ཕྱུར་བཅུ་གཅིག་ཡོད་ཅིང་། དེ་ལས་ལོ་རེར་ཤི་བའི་ཁྲོད་ཁྲི་500དུ་བ་འཐེན་པ་དང་འབྲེལ་བ་ཡོད་ཟེར།NSt

དེ་ལྟར་བསམ་ན་དུ་བ་འདི་འཆི་བ་སྟེ་འཆི་བའི་ལྕེབས་ཐག་ཅིག་ཡིན་ནོ།།སློབ་མ་དག་གིས་ལྕེབས་ཐག་ཅིག་སྐེ་ལ་གྱོན་ནས་སྔོ་ལྷོག་ལྷོག་བྱེད་པ་འདི་གཟི་བརྗིད་ཡིན་ནམ།ཡོན་ཏན་ཞིག་ཡིན་ནམ། ང་རྒྱལ་སྐྱེ་འོས་པ་ཞིག་ཡིན་ནམ། སློབ་མ་དག་བྱི་དུག་འདི་ལ་ལོབས་པ་འདི་ང་ཚོའི་སློབ་མ་དག་འཆི་བའི་ཐེམ་སྐས་སུ་བསྡད་ཡོད་ལ་མ་འོངས་པར་ཁོ་ཚོ་དང་ཁོ་ཚོའི་སློབ་མ།ཁོ་ཚོའི་ཁྱིམ་ཚང་ལ་བདེ་ཐང་ཞིག་ཡོད་དམ། འདི་ང་ཚོའི་ཀུན་སྤྱོད་སློབ་གསོ་བདེ་ཐང་མིན་པའི་མཚོན་བྱེད་ཅིག་མ་ཡིན་ནམ།NSt

དུ་བ་ལ་འདི་ལྟ་བུའི་ཉེན་ཚབས་ཆེ་བས1987ལོའི་ཟླ11པར་མཉམ་འབྲེལ་རྒྱལ་ཚོགས་འཕྲོད་བརྟེན་སྒྲིག་འཛུགས་ཀྱིས་ལོ་རེའི་ཟླ་བཞི་བའི་ཚེས་བདུན་ཉིན་འཛམ་གླིང་དུ་དུ་འཐེན་མེད་པའི་ཉིན་མོར་གཏན་འཁེལ་བྱ་དགོས་པའི་རེ་བ་བཏོན་ཞིང་།སྤྱི་ལོ་1988ལོ་ནས་ལག་ལེན་དུ་བཏབ། ཡིན་ན་ཡང་དེ་ནི་འཛམ་གླིང་འཕྲོད་བརྟེན་སྒྲིག་འཛུགས་ཀྱི་ཉིན་མོ་ཡིན་པས1989ལོའི་ཟླ་ལྔ་བའི་ཚེས31ཉིན་འཛམ་གླིང་དུ་དུ་འཐེན་མེད་པའི་ཉིན་མོ་རུ་གཏན་འཁེལ་བྱས།NSt

ངས་ཚོད་ལྟ་ཞིག་བྱས་པས་ཕལ་ཆེར་བོད་ན་ཉིན་མོ་འདི་ཤེས་མཁན་མེད་པ་ལྟ་བུར་སྣང་།དེ་བས་ཅི་ཞིག་མཚོན་ཞེ་ན། ལས་བྱེད་པས་དུ་བའི་ཚབས་ཆེན་གྱི་ཚུལ་དོ་སྣང་མེད་ཅིང་། དགེ་རྒན་གྱིས་ཀྱང་དོ་སྣང་མེད་པ་དེ་རེད།དེ་བས་བོད་ལ་མཚོན་ན་དུ་བ་གཅོད་དགོས་པ་ནི་ཆོས་ལུགས་ཀྱི་འདོད་ཚུལ་ལས་ཚན་རིག་གིས་བདེན་དཔང་བྱས་པ་བཞིན་རང་གཞན་ཀུན་ལ་གནོད་པའི་བྱ་བ་ཞིག་ཡིན་པ་སུས་ཀྱང་ཤེས་མེད།དེ་བས་དུ་རྐྱལ་དག་གིས་དུ་བ་གཅོད་པ་ནི་མི་སྒེར་གྱི་ཁེ་དབང་འཕྲོག་པ་ཞིག་ལས་རང་ཉིད་ཀྱིས་དུ་བ་འཐེན་པ་དེས་རང་གཞན་མཐའ་དག་འཆི་ལམ་དུ་འདེད་པས་རང་ཉིད་མི་གསོད་ཀྱི་ལག་དམར་དུ་འགྱུར་བའི་ཉེས་པ་དེ་གཏན་ནས་བསམ་གྱིན་མི་འདུགNSt

ངས་ཤེས་པ་ལྟར་ན་ཀྲུང་གོའི་དུ་བ་ཚོད་འཛིན་མཐུན་ཚོགས་བཙུགས་ཡོད་ལ་གྲོང་ཁྱེར་རེ་རེར་ཡང་དུ་བ་གཅོད་པའི་ཚོད་འཛིན་མཐུན་ཚོགས་བཙུགས་ཡོད།དེ་མ་ཟད་གྲོང་ཁྱེར་ལ་ལར་དུ་བ་གཅོད་པའི་མཐུན་ཚོགས་ཀྱང་བཙུགས་ཡོད། ལྷག་པར་ནུབ་ཕྱོགས་ཀྱི་རྒྱལ་ཁབ་འགའ་རེས་ཟ་ཁང་དང་ཟློས་གར་ཁང་།ཆང་ཁང་སོགས་མི་མང་འདུ་སར་དུ་བ་འཐེན་མི་ཆོག་པའི་ཁྲིམས་ལུགས་ཀྱང་གཏན་ལ་ཕབ་འདུག 2000ལོ་ནས་ཀྲུང་གོའི་གྲོང་ཁྱེར་སོ་སོ་ནས་དུ་བར་ཚོད་འཛིན་མཐུན་ཚོགས་དང་།འབྲེལ་ཡོད་ལས་ཁུངས་མཉམ་འབྲེལ་གྱིས་སློབ་གྲྭ་ཆུང་འབྲིང་དུ་དུ་བར་འཛེམ་པ་དང་དུ་བ་གཅོད་པ།དུ་གཅོད་མིང་ཐོ་འགོད་པའི་བྱ་འགུལ་རབས་དང་རིམ་པ་མང་བོ་ཞིག་སྤེལ་ནས་དུ་བ་མི་འཐེན་པའི་མི་རབས་ཤིག་བསྐྲུན་པར་འབད་བཞིན་ཡོད།NSt

འོ་ན། ང་ཚོས་ཅི་ཞིག་བྱེད་བཞིན་ཡོད་དམ།NSt

ང་ཚོས་སློབ་མ་དག་དུ་བས་ཤི་ལམ་དུ་བསྐྱེལ་ལམ།ཡང་ན་མི་རབས་འདི་ཤི་ལམ་ནས་མྱུར་སྐྱོབ་བྱེད་དམ།NSt

ང་ཚོར་དུ་བ་མི་འཐེན་པའི་སློབ་གྲྭ་ཞིག་འབྱུང་ཐུབ་བམ།དུ་བ་མི་འཐེན་པའི་བདེ་ཐང་གི་སློབ་གསོ་ཞིག་འབྱུང་ཐུབ་བམ།NSt

དུས་རབས་ཉེར་གཅིག་པའི་བྱི་དུག་འདིས་ང་ཚོས་སློབ་མ་ལ་བལྟས་འདུག་པས་ང་ཚོའི་སློབ་གསོས་དེ་ལ་ཇི་ལྟར་ཁ་གཏད་འཇལ་ལམ།དྲི་བ་འདིས་ཀྱང་ཤི་བ་དང་འདྲ་བར་ང་ཚོའི་སློབ་གསོ་དང་སློབ་གསོ་ལག་ལེན་འདེབས་པའི་དཔོན་པོ་དང་དགེ་རྒན་དག་ལ་བལྟས་འདུགNSt

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།