༄༅།། དགེ་རྒན་གྱི་དུས་ཆེན་བསུ་བའི་ཆ་རྐྱེན་བརྒྱད།
སྤེལ་དུས།  2017-09-11  རྡེབ་ཚད།   ཡོང་ཁུངས། ལུག་ཚང་དཔལ་ཡོན།  རྩོམ་པ་པོ། གངས་སྐྱེས་བསིལ་རླུང་།  རྩོམ་སྒྲིག་པ། lobsang

༡ དགེ་རྒན་གྱིས་མི་ལོ་དུ་མར་བདེ་སྐྱིད་ཡོད་ཚད་རྒྱབ་ཏུ་བསྐྱུར་ཏེ་སློབ་སྦྱོང་བྱས་པའི་རིན་ཐང་དང་དཀའ་ངལ་ཙམ་ཡང་ཤེས་ཀྱིན་མེད་ན་ཁྱོད་ཀྱིས་དུས་ཆེན་མ་བསུ།ESk

༢ དགེ་རྒན་གྱིས་རང་གི་སློབ་མས་ཚིག་འབྲུ་གཅིག་ཙམ་ཡན་ཆད་ཤེས་ན་དགོངས་ནས་རེ་སྨོན་དང་སྡུག་རུས་བྱེད་པའི་ལྷག་བསམ་ཡོད་པར་ཤེས་ཀྱིན་མེད་ན་ཁྱོད་ཀྱིས་དུས་ཆེན་མ་བསུ།ESk

༣ དགེ་རྒན་གྱིས་སློབ་མ་རེ་རེ་ཡི་གྱོང་གུད་དང་ངན་སྤྱོད་མཐོང་ཚེ་རང་ཉིད་ཚར་སོང་པ་ལྟ་བུའི་ཞེ་འགྱོད་སྐྱེས་ནས་སྡུག་གི་མིག་ཆུ་ཁོག་འདྲེན་བྱེད་པར་ཤེས་ཀྱིན་མེད་ན་ཁྱོད་ཀྱིས་དུས་ཆེན་མ་བསུ།ESk

༤ དགེ་རྒན་གྱིས་སློབ་དེབ་དུ་མའི་ནང་དོན་ཐབས་ཚུལ་མི་འདྲ་བའི་སྒོ་ནས་ཁྱོད་ལ་མཛུབ་ཁྲིད་མཛད་ཀྱང་ཉིན་རེའི་སློབ་ཚན་ཙམ་ཡང་ལྟ་རོགས་བྱེད་ཀྱིན་མེད་ན་ཁྱོད་ཀྱིས་དུས་ཆེན་མ་བསུ།ESk

༥ དགེ་རྒན་གྱིས་ཁྱོད་ཀྱི་ཚེ་གཅིག་གི་མདུན་ལམ་ལ་ཐུགས་ཁུར་དང་སྣེ་ཁྲིད་བྱེད་ཀྱང་ཁྱོད་ཀྱིས་དགེ་རྒན་གྱི་ཉིན་གཅིག་གི་བཀའ་སློབ་ལ་ཡང་བརྩི་སྲུང་བྱེད་ཀྱིན་མེད་ན་ཁྱོད་ཀྱིས་དུས་ཆེན་མ་བསུ།ESk

༦ དགེ་རྒན་གྱིས་ཁྱོད་ཀྱི་བྱ་སྤྱོད་དང་མི་མཐུན་པ་ཅུང་ཟད་གླེང་སློང་བྱེད་ཚེ་བསམ་ཤེས་ཙམ་ཡང་མེད་པར་ཁོང་གི་སྐྱོན་ཆ་ཐེར་འདོན་གྱིས་ལྐོག་ལན་སློག་གིན་ཡོད་ན་ཁྱོད་ཀྱིས་དུས་ཆེན་མ་བསུ།ESk

༧ དགེ་རྒན་གྱིས་བཟང་ཕྱོགས་ག་ཚད་བསྐྲུན་ཡང་གཟེངས་བསྟོད་སྣ་གཅིག་མེད་ཁར་ཐ་ན་སློབ་མ་རང་རང་གི་ནོར་འཆུག་ཡན་ཆད་རྒན་ལ་ངན་ཁག་བཀྲི་ཡི་ཡོད་ན་ཁྱོད་ཀྱིས་དུས་ཆེན་མ་བསུ།ESk

༨ དགེ་རྒན་གྱིས་ལེགས་བཤད་དང་སྙིང་གཏམ་ག་ཚད་མོལ་ཡང་དགའ་འཛུམ་ཙམ་ཡང་མེད་པར་གནད་ལ་བསྣུན་པའི་ཚིག་རྩུབ་ཟུར་ཙམ་གྱིས་ངོ་མདངས་འགྱུར་གྱིན་ཡོད་ན་ཁྱོད་ཀྱིས་དུས་ཆེན་མ་བསུ།ESk

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།