༄༅།། གང་འདྲ་ཞིག་ལ་དགེ་རྒན་ཟེར།
སྤེལ་དུས།  2017-09-10  རྡེབ་ཚད།   ཡོང་ཁུངས། སྐད་འཕྲིན།   རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

640.webp (2).jpgYFh

དགེ་རྒན་ཞེས་པ་ནི་མེ་ལོང་ནང་ནས་རང་ཉིད་མཐོང་བ་ཞིག་ལ་ཟེར།  དགེ་རྒན་བཟང་པོ་ཞིག་ཡིན་ན་རང་ཉིད་ཀྱི་རྒྱུད་ན་གནས་པའི་སྐྱོན་ངན་དག་མཐོང་ངེས་པ་ཞིག་ཡིན།YFh

བསླབས་དེབ་དང་ལས་བྱ་རིག་ན་མགོ་བོ་ན་བའི་དགེ་རྒན་ཚོ། སྔ་མོ་ནས་ལས་གནས་གཞན་ལ་བསྒྱུར་ན་འགྲིག  རྒྱུ་མཚན། ཁྱོད་ཀྱིས་ཆུ་ཚོད་གཅིག་ཀྱང་ཆུ་བཟོས་བྱེད་མི་རུང་ལ་སློབ་ཐུན་གཅིག་ཀྱང་འགྲོ་ཐབས་བྱེད་མི་རུང་།  དེའི་བྱིས་པའི་མདུན་ལམ་ལ་བར་ཆད་བཟོ་གིན་ཡོད། དགེ་རྒན་ལ་རིག་གནས་འཛོམས་དགོས་ལ། ལྷག་བསམ་ནི་དེ་ལས་ཀྱང་གལ་ཆེའོ། YFh

དུས་རྒྱུན་སྐད་གསེང་མཐོན་པོ་བྱེད་པའི་དགེ་རྒན་དེ་དག་ནི་འགན་འཁྲི་འདུ་ཤེས་ཡོད་པའི་མཚོན་རྟགས་ཡིན། སྨན་པ་ངན་པ་གཅིག་གིས་ནད་པར་སྨན་ལོག་བྱིན་ན་དེའི་ནད་པ་གཅིག་གཉིས་ཙམ་མ་གཏོགས་གནོད་འཚེ་གཏོང་མི་ཐབས་ཀྱང་། དགེ་རྒན་གྱིས་སློབ་མར་འགན་མི་འཁུར་བ་དང་སློབ་བྱོལ་བྱས་ནས་ཟླ་ཕོགས་ལེན་ཐབས་ཁོ་ན་བྱས་ན། དེའི་ཉམས་ཆུང་གི་བྱིས་པ མང་པོའི་འོད་སྟོང་ལྡན་པའི་མདུན་ལམ་གཏོར་བཤིགས་དང་གནོད་འཚེ་གཏོང་ངེས་ཡིན།མི་དམངས་དགེ་རྒན་ཞེས་པ་ནི་མི་དམངས་ལ་དྲང་ལམ་སྩོལ་མཁན་དང་མདུན་ལམ་སྟོན་མཁན་དེ་ལ་ཟེར། དུས་རྒྱུན་དུ་དཔེ་ཆ་བོར་ནས་རྙེད་ཀྱིན་མེད་པའི་དགེ་རྒན་དེས། རང་གི་སློབ་མའང་སྔ་མོ་ནས་བོར་ནས་ཡོད།  དཔེ་ཁྲིད་ཡག་པོ་ཞིག་ལ་བརྩོན་དང་འཇིག་རྟེན་འདིའི་ཆོས་ངོ་མ་ནི་དེ་ཡིན། ཁྱོད་ཀྱི་སློབ་ཐུན་གཅིག་དང་མིང་ཚིག་གཅིག ལུས་ཀྱི་རྣམ་འགྱུར་དང་འགྲོ་འདུག་སྤྱོད་གསུམ་གང་ཡིན་ཡང་། སློབ་མར་ཚེ་གཅིག་གི་བག་ཆགས་འཇོག་གིན་ཡོད།  YFh

ཁྱོད་ནི་སྨན་འདེབས་མཁན་ཞིག་དང་སྨན་སྟེར་མཁན་ཞིག་ཡིན་པ་ནི་ངེས་པར་ཏུ་ཡིད་ལ་འཛིན་དགོས། ཚེ་འདི་ཕྱི་དང་ལས་རྒྱུ་འབྲས་ཁས་ལེན་པའི་དགེ་རྒན་ཞིག་ཡིན་ན། སློབ་ཁྲིད་དང་སློབ་གསོ་ཡག་པོའི་ཕྱོགས་ལ་བརྩོན་དང་ཚེ་འདི་ཕྱི་གཉིས་ཀྱི་ཆོས་འགྲུབ་ནས་ཡོད།ཕོགས་ཁོ་ན་སྙེག་པའི་དགེ་རྒན་ཞིག་ཡིན་ན། ཁྱོད་ཀྱིས་བདག་གཞན་གཉིས་ལ་གནོད་འཚེ་མི་བྱེད་རོགས། YFh

དགེ་རྒན་གྱི་ལས་ཀ་ནི་ཧ་ཅང་ཉེན་ཁ་ཅན་གྱི་ལས་ཀ་ཞིག་ཡིན་པས། ཁྱོད་ལ་གྲ་སྒྲིག  རྒྱུན་འཁྱོངས། བརྩོན་པ། སྙིང་སྟོབས་དག་དགོས་ལ། གལ་ཏེ་དེ་དག་མེད་ན། སྔ་མོ་ནས་ཁོད་ཡངས་བའི་གནས་ཞིག་ལ་བྲལ་ན་བཟང་།YFh

640.webp (5).jpgYFh

དགེ་རྒན་གྱིས་ཚེ་གང་བོར་དཔེ་ཀློག་ལ་བརྩོན་དགོས་པས། ཁྱོད་ཀྱིས་དུས་ཚོད་གཅིག་ཀྱང་ཆུད་ཟོས་མ་བྱས་ན་བཟང་།  འགོ་ཁྲིད་ཀྱི་སྔུན་དང་ལས་འཕར་སྐབས་སུ་ཟློས་གར་ཙམ་འཁྲབ་པ་དང་། དུས་རྒྱུན་སློབ་ཞོལ་བྱེད་ཀྱིན་པའི་དགེ་རྒན་དག་ནི། ཉེས་པ་ཅན་གྱི་དགེ་རྒན་ཡིན། དོན་ངོ་མའི་སྟེང་ནས་བཤད་ན། དགེ་རྒན་ལས་ལྷག་པའི་མི་གཟི་བརྗིད་ཅན་ཞིག་མེད། ཁྱོད་ཀྱི་ལྷག་བསམ་གྱི་འབོད་པ་དང་གཞན་ཕན་གྱི་སྐུལ་སློང་རེ་རེས། མི་རབས་འགའ་ལ་དྲང་ལམ་དང་བདེན་དོན་སྩོལ་གྱིན་ཡོད།  དགེ་རྒན་གྱི་འགན་འཁྲི་ནི་ཉེན་རྟོགས་པ་དང་གཅིག་མཚུངས་ཡིན། རྒྱུ་མཚན། ཉེན་རྟོགས་པའི་དུས་ཚོད་སྐར་ཆ་རེ་རེར་མི་དམངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་ཀྱི་ཆེད་དུ་བློ་བསྒྲིམས་ནས་ཡོད་ཀྱང་། དགེ་རྒན་དུས་ཚོད་སྐར་ཆ་རེ་རེར་མི་དམངས་དང་རྒྱལ་ཁབ་ཀྱི་མ་འོངས་བའི་དོན་དུ་བློ་རིག་བསྒྲིམས་དགོས། ང་ནི་དགེ་རྒན་དང་ཁྱོད་ནི་སློབ་མའོ་ཞེས་ལོགས་སུ་དགར་བའི་དགེ་རྒན་དེ་དག    ནམ་ཡང་སློབ་མའི་སེམས་ཀྱིས་བཀུར་མི་སྲིད།YFh

དགེ་རྒན་བཟང་པོ་ཞིག་ཡིན་ན།  རང་གི་སློབ་མ་ཚང་མར་ཚང་མ་འདྲ་མཉམ་གྱི་་ལྟ་བ་འཛིན་དགོས།  དཔེར་ན། ང་ནི་དགེ་རྒན་ཡིན་ལ་ཁྱོད་ཀྱང་དགེ་རྒན་ཡིན།  ཁྱོད་ནི་སློབ་མ་ཡིན་ལ་ངའང་སློབ་མ་ཡིན་སོགས་འདྲ་མཉམ་གྱི་ལྟ་བ་བཟུང་ན། རང་བཞིན་གྱིས་ཁྱོད་ལ་བཀུར་བརྩི་དང་ཁ་ལེན་ཚིག་བརྩི་བྱེད་ངེས་ཡིན། ཁྱོད་ཀྱིས་སློབ་མ་ཚོར་དྲང་ཕྱོགས་ཀྱི་སློབ་གསོ་འཚོ་བ་དངོས་འབྲེལ་ལས་གཏོང་བ་ལས། ཕྱོགས་ཞེན་དང་དགག་སྒྲུབ་སོགས་སློབ་མའི་སེམས་ཁམས་དང་མི་གཤིས་ལ་གནོད་པ་གཏོང་བའི་སྐད་ཆ་ལབ་མི་ཉན། དེའི་བྱིས་པའི་མི་གཞིའི་ལྟ་བ་ལའང་གནོད་འཚེ་འཕོགས་ངེས་ཡིན། སློབ་མ་ནི་དཀར་གཙང་གི་ཤོག་བུ་ཞིག་ཡིན་པའི། ཁྱོད་ཀྱིས་དེར་རི་མོ་ཡག་པོ་ཞིག་འབྲི་མི་ཤེས་ན། ནག་ཐིག་འབྲི་མི་རུང་། རྒྱུ་མཚན་བྲིས་ཟིན་པ་དག་གསུབ་དཀའ།སློབ་མ་དཀར་གཙང་གི་ཤོག་བུ་ཞིག་ཡིན། ཤོག་བུ་དེ་ནི་ཁྱོད་ཀྱི་མིན། དེ་ནི། རེ་བ་དང་ཡིད་ཆེས་ཀྱིས་ཅེར་གྱིན་པའི་ཕ་མ་མང་པོའི་མིག་འབྲས་ཡིན།ས་ཁུལ་དང་མེས་རྒྱལ་གྱི་མ་འོངས་བའི་བདག་པོ་ཡིན།ལས་ཚོགས་དང་སློབ་ཁྲིད་ཀྱི་སྐབས་སུ། ཁྱོད་ཀྱིས་སློབ་གསོ་ཁོ་ན་གླེང་བ་ལས། གཞན་མ་གླེང་། དེའི་དགེ་རྒན་གཞན་ལའང་གནོད་འཚེ་འཕོག་སྲིད། YFh

དགེ་རྒན་གྱི་ཁྲིད་གཞི་ནི་གཏན་ཁེལ་གྱི་བསླབ་དེབ་ལས་རྒལ་མི་ཆོག་པ་ཞིག་གཏན་ནས་མིན་ལ། སློབ་མར་ཡར་རྒྱས་ཀྱི་ནུས་པ་ཐོན་པའི་དཔེ་ཁྲིད་ཡིན་ན་ཁྲིད་ཆོག་པ་ཞིག་རེད།YFh

དགེ་རྒན་ནི་གཙོ་བོ་ཁྲིད་གཞི་ལ་བྱང་ཆ་དང་ཉམས་མྱོང་ཕུན་སུམ་ཚོགས་པ་ལྡན་དགོས་པ་ཞིག་རེད།དགེ་རྒན་བཟང་པོ་ཞིག་ཡིན་ན། རང་ཉིད་ཀྱི་ཁྲིད་གཞི་དག་བཅོས་བསྒྱུར་དང་བྱེད་ཐབས་གསར་བ་གང་ལེགས་སྔོག་འདོན་བྱེད་དགོས། རྒྱུ་མཚན།  ཁྱོད་ཀྱི་ཁྲིད་སྟངས་ཀྱི་རྣམ་པ་ཅི་ཙམ་ཕུན་སུམས་ཚོགས་པ་ཡིན་ན། སློབ་མ་ཚོས་འཕེལ་རྒྱས་ཀྱང་དེ་བཞིན་མགྱོགས་ལ། ཁྱོད་རང་ཉིད་འང་ཉི་མ་རེ་རེར་བྱིས་པ་ཚོ་དང་ལྷན་དུ་འཕེལ་རྒྱས་འབྱུང་གིན་ཡོད། སློབ་ཆེན་ནས་མཐར་ཕྱིན་པའི་དགེ་རྒན་གསར་བ་དག་ལ་ཞུ་འདོད། ཁྱེད་ཅག་གི་གྲལ་ནས་ལ་ཤས་ཤིག་དངོས་སྦྱོང་དང་ཡང་ན་ལས་གནས་གསར་ཞུགས་སྐབས་སུ། སློབ་མ་ལ་ཤ་ཚ་སྙིང་ཉེ་དང་ནན་ཏན་འབད་འབོངས་བྱེད་ཀྱང་།  ཟླ་ཕོགས་རེག་རྗེས་རིམ་བཞིན་འགྱུར་འགྲོ་བའང་ཡོད་པའི། དགེ་རྒན་ཞིག་ཡིན་ན། ཆེས་ཐོག་མའི་རྣམ་འགྱུར་དེ་ག་འདྲ་ཞིག་ཡིན་ན། དེ་བཞིན་འབད་འབོངས་བྱས་ན་འགྲིག སློབ་གཙོས་དུས་རྒྱུན་དུ། སློབ་མ་གཅེས་བའི་དགེ་རྒན་ལ་གཞན་ཕན་ཅན་དང་མི་དམངས་དགེ་རྒན་གྱི་མཚན་སྩོལ་དགོས་པ་དང་། ཟླ་ཕོགས་གཅེས་བའི་དགེ་རྒན་དེ་དག་སྔ་མོ་ནས་ལས གནས་གཞན་ལ་བསྒྱུར་ན་འགྲིག རྒྱུ་མཚན། ཁྱོད་ཀྱིས་མི་དམངས་དང་རྒྱལ་ཁབ་ཀྱི་རེ་བ་ཆེན་པོ་ཞིག་ཁུར་ཡོད་པའི་རྐྱེན་གྱིས་ཡིན།སློབ་གཙོས་དགེ་རྒན་བདམས་དུས། ལྷག་བསམ་ཅན་དང་གཞན་ཕན་ཅན། ཡོན་ཏན་ཅན་བདམས་དགོས་པ་ལས། ལག་རྟགས་ཡོད་པ་ཙམ་དང་ཕྱི་ཡི་རྣམ་པ་ཡག་པ་ཙམ་དག་བདམས་མི་རུང་། དེ་དག་གིས་ཁྱོད་ཀྱི་འཆར་གཞི་དང་ནུས་པ་ལ་གཏོར་བརླགས་གཏོང་ངེས་ཡིན། སློབ་ཆུང་དང་སློབ་འབྲིང་སློབ་མར་དུས་རྒྱུན་སློབ་གསོ་གཏོང་དུས། ཆེས་མཁོ་བ་ནི་སྤྱི་ཚོགས་སློབ་གསོ་ཡིན། རྒྱུ་མཚན་ཁོ་ཚོའི་སེམས་ཀྱི་འཚོ་བ་ནི་འཚོ་བ་དངོས་ལས་ལྡོག་ཕྱོགས་ཡིན།  སློབ་གྲྭ་ཆུང་འབྲིང་གི་སློབ་མར་ཆེས་མཁོ་བ་ནི་རྨང་གཞིའི་ཤེས་བྱ་ཡིན། རྒྱུ་མཚན། མ་འོངས་པར་ཁོ་ཚོ་གཤོག་པ་བརྐྱང་ནས་འཕུར་དགོས། སློབ་མ་ཚོར་དུས་རྒྱུན་འགན་འཁྲིའི་གལ་ཆེན་རང་བཞིན་ཤོད། རྒྱུ་མཚན། དམིགས་ཡུལ་མེད་པའི་སློབ་སྦྱོང་ལ་གྲུབ་འབྲས་དང་འཕེལ་རྒྱས་མེད། སློབ་མ་ཚོར་མཁོ་བ་ནི་ཁྱོད་རང་མཁས་མིན་གྱི་དུས་ཚོད་གཏོང་བའི་གཏམ་མིན་པར། ཁོ་ཚོར་འཕེལ་རྒྱས་ཀྱི་བགྲོད་ལམ་ཞིག་སྟོན་རྒྱུ་དེ་ཡིན། YFh

ཁྱོད་ཀྱི་སེམས་ཀྱིས་སློབ་མར་སློབ་གསོ་བཏང་ནས་གཅེས་ན། ལག་པ་འགུལ་ནས་གཅར་བ་ལས་ཀྱང་སྐྲག མདོར་ན། སློབ་གསོའི་ལས་ཀ་གཉེར་བའི་མི་སུ་ཡིན་ཡང་འདང་རྒྱག་ས་མང་པོ་ཡོད།  བློ་བསྒྲིམས་སའང་མང་། དེ་བས་ཚང་མས་མེས་རྒྱལ་དང་མི་དམངས་ཀྱི་དོན་དུ་ནམ་ཡང་བརྩོན་པ་བྱེད་དགོས།     YFh

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།