༄༅།། ཀློག་མི་ཚར་བའི་མི་ཚེའི་བསྟན་བཅོས། ------ཨ་མར་ཕུལ་བ། 【འགྲན་ཞུགས་རྩོམ་ཡིག】
སྤེལ་དུས།  2014-07-10  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། ཅོ་ནེ་རྫོང་བོད་རིགས་སློབ་འབྲིང་མཐོ་གཉིས་དང་བོའི་གདུགས་དཀར་ཚེ་རིང་།  རྩོམ་སྒྲིག་པ། lobsang

དྭངས་གསལ་ཆུ་རྒྱུན་གྱིས་ཆབ་རོམ་གྱི་སྦུབས་རྒྱ་གཏོར་ཏེ་ས་གཞི་བརྒྱན་ཅིང་།སྣང་བྱེད་ཀྱི་འཁོར་ལོས་སྨུག་སྤྲིན་གྱི་ཡོལ་བ་བརྟོལ་ཏེ་སྣོད་བཅུད་ཀྱི་ལང་ཚོ་གསོ།   གསེར་མདོག་མཆོད་མེའི་མར་ཁུ་ལྟ་བུའི་ཨ་མའི་ཞལ་གྱི་འོད་ཟེར་ནི་ལོ་ཟླའི་རླུང་འཚུབ་ཀྱི་འགག་འཕྲང་བརྒལ་ཞིང་མི་ཚེའི་གཙང་བོ་ཡི་ཁུགས་སོ་ན་འཁྱིལ་བའི་གསེར་ནག་གི་བུམ་པ་ཡིན། བུ་ངའི་སེམས་པའི་མཐིལ་གྱི་མེ་ལོང་ངོགས་ན།  ནམ་ཡང་ཀློག་མི་ཚར་བའི་མི་ཚེའི་བསྟན་བཅོས་ཏེ།  ཀྱག་ཀྱོག་གི་ཁུགས་སོ་མང་ལ་མཛེས་སྡུག་གི་ཡུལ་ལྗོངས་མཚར་བའི་ཡུམ་ཆེན་གྱི་མི་ཚེ་ཡིན། PLh
      ལྷན་པར་མ་བྲལ་བའི་ལྭ་བ་དང་ཆ་ཡ་མི་འགྲིག་པའི་ཨ་ཀྲད་ལ་འགྲོགས་པའི་ཨ་མ་སྟེ།  ཆར་བ་ཟམ་ཟིམ་གྱི་སྨུག་གསེང་ན། ཁ་བ་ལྷབ་ལྷུབ་ཀྱི་འབྲོག་ཐང་ན།   ཕུགས་བསམ་དང་འདུན་པ་ཞིག་གི་ཆེད་དུ་ཙག་རླུང་དང་གྲང་ངར་གྱི་གཡུལ་ས་དེ་ནས། མདུན་ནས་མདུན་དུ་བསྐྱོད།  ཞོགས་པའི་ཉི་མ་གཞོན་ནུ་དབང་ཕྱོགས་ས་འཛིན་སྒང་ལ་ཆགས་དུས། ཨ་མ་ནི་རྩྭ་རྩེའི་ཟིལ་བ་བཞིན་ཇེ་ཆུང་དུ་སྣང་ལ་རྩྭ་རྩེའི་ཟིལ་བ་བཞིན་དག་ཅིང་གཙང་།  དེ་བས།  ང་ཚོ་ནི་ཨ་མའི་མི་ཚེ་ལ་ཆེས་གཅེས་པའི་མི་དེ་ཡིན་འོས། PLh
      ཁེར་རྐྱང་དུ་ལུས་པའི་མཚེར་ཤུལ་རལ་བོ་དེ།  རྐེ་བོ་སྐྱོང་སྐྱོང་དང་སྐུད་པ་རྨེལ་རྨེལ་གྱིས་སྐྱོང་མཁན་དེ་ཨ་མ་ཡིན་ལ། གཡང་དཀར་ལུག་གི་འབའ་སྒྲ་རེ་རེ་ནི་ཨ་མའི་སེམས་ཀྱི་གས་ཁའི་བར་ནས་འཕྲོས་པའི་རྣམ་དཔྱོད་དང་ཤེས་རབ་ཡིན། དར་འཁྱག་ཞུགས་ལ་སྦྱར་བ་བཞིན་ངའི་ངོ་གདོང་གི་རི་ལུང་ན་འབབ་པ་ཡང་ཨ་མའི་རྟོགས་བརྗོད་ལ་བཅངས་པའི་སེམས་པ་དམར་པོའི་འོ་དོད་གཟུགས་ཅན་དུ་ཆགས་པ་དེ་ཡིན།  ད་ནི་ངས་ནམ་ཡང་ཨ་མའི་མི་ཚེ་དེར་དབུགས་དབྱུང་དང་གཞིས་ཆགས་ཀྱི་ཁང་བཟང་ཞིག་བསྐྲུན་ན་འདོད།  PLh
      ཞིང་ཁུགས་ཀྱི་འབྲས་བུ་སྡུད་སྐྱེལ་གྱི་ཁྲོད་ན།རྔུལ་ཆུས་བརྫིས་ཡོད་པའི་ཨ་མའི་སྐུ་ལུས་ཀྱི་ཐིགས་པ་རེ་རེ་སྐྲ་དཀར་གྱི་ལྗོན་གསེབ་ནས་ཟགས་བྱུང་།  རྒྱུ་འབྲས་མེད་པའི་གནམ་རྒན་མས་ཀྱང་རྔུལ་ཆུས་སྦགས་པའི་ཡུམ་གྱི་མི་ཚེ་སྐམ་བཞིན་ཡོད་མོད། ཨ་མའི་ལྷག་བསམ་དཀར་བོ་གངས་རི་བཞིན་བརྗིད་ཅིང་ཆུ་གཏེར་བཞིན་སྒམ།ནམ་ཡང་ངེད་ཅག་གི་བདེ་སྐྱིད་ཀྱི་སྐྱ་རེངས་བསུ་སླད་བརྩེ་བའི་འོད་མདའ་ཕྱོགས་བཅུའི་ལྟོང་ལ་སྤྲད།ད་ནི།ངས་སྔོན་ཆད་བཞུར་ཟིན་པའི་ཨ་མའི་མི་ཚེ་ཡི་བསྟན་བཅོས་ཀྱི་མཛེས་སྡུག་གི་མངར་ཁ་ཉིད་སེམས་དང་ལག་པའི་བར་ནས་ལག་ལེན་གྱི་ཀོ་ཁྲབ་ལུས་ལ་བགོས་ཏེ་ལྗང་མདོག་གི་ལམ་ལ་ཆས་ ངེས།  PLh
      དྭངས་གཙང་གི་ཆུ་ཕྲན་དག་རི་ལུང་གི་ཕག་ལ་ཡིབ་ཅིང་ཆབ་རོམ་གྱི་སྒུག་རར་སྦ་དུས།ཕྱི་ཡུལ་གྱི་འཇིག་པས་ས་ལ་བྱི་རྒྱ་དང་དང་གནམ་ལ་བྱ་རྒྱ་བཏབ་ཀྱང་།  ང་ལ་མི་ལའི་རྣམ་ཐར་ལྟ་བུའི་མོའི་མི་ཚེའི་བསྟན་བཅོས་ཀྱི་བསླུ་བྲིད་དང་སྐུལ་ལྕག་ཡོད་པས།སྟག་མོའི་སྙིང་རྩ་འདར་བའི་འགག་འཕྲང་ལ་ང་རང་འཇིག་མྱོང་མེད་ལ།  བྱ་རྒྱལ་གྱི་གཤོག་རྩ་འདར་བའི་གེགས་གདོན་དགྲ་རུ་བརྩིས་མེད།  PLh
      ང་ཚོས་ཨ་མའི་ནུ་ཞོ་ལ་རོལ་ནས་ལུས་པོ་རྒྱས་ཤིང་། ཨ་མའི་མི་ཚེའི་ཀློག་བཞིན་མདུན་དུ་བསྐྱོད་འོས།PLh

མཛུབ་སྟོན་དགེ་རྒན།  ཚེ་རིང་དོན་གྲུབ།PLh
      རྩོམ་གྱི་དཔྱད་གཏམ།   ༡ ལྷུག་རྩོམ་འདིར་བལྟས་མ་ཐག་དྲིན་ཆེན་ཨ་མའི་རླབས་ཆེན་གྱི་ཐུགས་གཤིས་ལ་བསྟོད་པའི་སེམས་འགྱུ་བྲིས་པ་དང་ཤིན་ཏུ་འདྲ་མོད། དེ་བས་ཀྱང་གཙོ་བོ་ཞིག་ནི་ཤུགས་ནས་རྩོམ་པ་པོས་ང་ཚོར་མི་རིགས་ཤིག་གི་ངོ་བོར་བདག་པོ་རྒྱག་འོས་ཚུལ་གྱི་གོ་བ་བསྐོན་ཡོད།  འདི་ལས་སློབ་འབྲིང་སློབ་མ་ཞིག་ལ་ཡོད་འོས་པའི་མི་ཚུལ་བསམ་བློའི་གོ་རྟོགས་མཚོན་གྱིན་ཡོད་པས་རྩོམ་ལ་དཔྱད་བརྗོད་ལྷུག་རྩོམ་གྱི་བྲོ་བ་ཡང་འདུག   འདི་ནི་རྩོམ་འདིའི་ལེགས་ཆ་གཙོ་བོ་ཞིག་ཏུ་ངོས་བཟུང་ཆོགPLh
༢ རྗོད་བྱེད་ཀྱི་ཆ་ནས་སྤྱི་ཆ་ནས་ལེགས་མོད།རེ་བ་མཐོན་པོ་ཞིག་གིས་གཞལ་བ་ཡིན་ན།ཚིག་རྐང་ལ་ལ་ཅུང་རིང་ཐལ་བས་ཀློག་པ་པོར་ངལ་བ་ སྟེར་ལ་དབྱངས་ཀྱི་མཛེས་པ་རྨ་ཅུང་བཏང་འདུགPLh
༣ རྩོམ་ལས་རང་ཉིད་ཀྱི་ཨ་མ་ལས་ཡིད་འཕྲོས་ཏེ་མི་རིགས་ཤིག་སྟེང་དུ་བབས་པའིཚིག་ཅུང་ཉུང་བས་མངོན་ཆུང་གི་རྣམ་པར་ཆགས་ཡོད་པས་དེ་འབྲེལ་གྱི་ནང་དོན་ཇེ་མང་དང་དཔྱད་བརྗོད་ཀྱི་བྲོ་བ་ཇེ་རྒྱས་སུ་བཏང་ཆོག
PLh

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།