༄༅།། ཨ་མདོ་བརྙན་འཕྲིན་གྱི་ལོ་སར་ཆེད་སྒྲིག་དགོང་ཚོགས«སེར་པོ་གསེར་གྱི་གར་སྟེགས»ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་།
སྤེལ་དུས།  2017-12-31  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་།   རྩོམ་པ་པོ། ནང་དོན་འདི་སྤེལ་མཁན། ལྕགས་ཐར་ཚེ་རིང་།  རྩོམ་སྒྲིག་པ། lobsang

མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱིས་མི་རིགས་ཀྱི་རིག་གནས་དར་སྤེལ་དང་། དམངས་ཁྲོད་ཀྱི་སྒྱུ་རྩལ་སྔོག་འདོན་ལ་སྔར་ལས་ལྷག་པར་ཤུགས་སྣོན་པ་དང་། ལོ་སར་སྐབས་ཀྱི་རིག་རྩལ་འཚོ་བ་སྔར་ལས་ཕུན་སུམ་ཚོགས་པར་གཏོང་བ་བཅས་ཀྱི་དམིགས་བྱ་གཞིར་བཟུང་ནས་བསྒྲུབས་པའི་རིག་རྩལ་དགོང་ཚོགས་ཆེན་མོ«སེར་པོ་གསེར་གྱི་གར་སྟེགས»ཞེས་པ་ཟླ12པའི་ཚེས28ཉིན་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་སྟོན་ཚོམས་ཆེན་ནས་ཕབ་སྐྲུན་ལེགས་འགྲུབ་བྱུང་། དགོང་ཚོགས་འདི་ཟླ9བ་ནས་ཟླ11པའི་བར་མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་སོགས་ཀྱི་ཁུལ་བདུན་དང་རྫོང་ཁག་སུམ་ཅུ་ལྷག་ནས་ཕབ་སྐྲུན་བྱས་པའི«ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན»དང་གཞི་གཅིག་ཏུ་གྲུབ་ནས་སྟེགས་གཅིག་ལམ་གཅིག་ཅེས་པའི་མུ་འབྲེལ་རིག་རྩལ་ལེ་ཚན་ཡོངས་སུ་མཇུག་རྫོགས།fwC

ལེ་བར་ཁྲི་ཡི་ལམ་ནས་སྒྱུ་རྩལ་སྔོག་འདོན་བྱེད་པའི་སྒྱུ་རྩལ་ཁོ་ནར་བཅངས་པའི་འཚོལ་ལམ་རིང་མོ་གཅིག་དང་། སྒྱུ་རྩལ་གྱི་འཇོན་ནུས་ཡོངས་སུ་མངོན་པར་བྱེད་པའི«སེར་པོ་གསེར་གྱི་གར་སྟེགས»གཅིག་བཅས་མདོར་ན་སྟེགས་གཅིག་ལམ་གཅིག་ཅེས་པའི་མུ་འབྲེལ་རིག་རྩལ་ལེ་ཚན་འདི་ནི་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱིས་ད་ལོར་གསར་དུ་སྒྲུབ་པའི་མུ་འབྲེལ་སྣ་འཛོམས་རིག་རྩལ་ལེ་ཚན་ཆེན་མོ་ཞིག་ཡིན་ལ། སྤྱི་ལོ2017ལོའི་ཟླ9བ་ནས་བཟུང་འཁྲབ་ཁྲིད་པ་རྡོ་གྲགས་སོགས་མི་བཅུ་གཉིས་ལས་གྲུབ་པའི་བརྙན་ཕབ་ཚན་ཁག་གིས་ཉིན་ལྔ་བཅུ་ལྷག་གི་དུས་ཚོད་བཀོལ་ནས་མཚོ་སྔོན་དང་ཟི་ཁྲོན། ཀན་སུའུ་སོགས་ཀྱི་ཁུལ་བདུན་དང་རྫོང་ཁག་སུམ་ཅུ་ལྷག་གི་ལེ་བར་ཁྲི་ལ་ཉེ་བ་ཙམ་གྱི་ས་ཆར་བསྐྱོད་ནས་དམངས་ཁྲོད་དུ་བག་ལ་ཉལ་བའི་སྒྱུ་རྩལ་གྱི་རྣམ་པ་མང་བོ་འཚོལ་སྙེག་སྔོག་འདོན་བྱས་པ་དང་། སྒྱུ་རྩལ་གྱི་འཇོན་ནུས་ཡོད་ཀྱང་ད་བར་དུ་གར་སྟེགས་ཆེན་པོར་འགྲིམས་པའི་གོ་སྐབས་མ་ལྡན་པའི་གླུ་བ་གླུ་མ་བརྒྱ་ལྷག་བརྙན་ལེན་སྒྲ་ཕབ་བྱས་ནས་ས་འོག་ཏུ་ཡུན་རིང་ལུས་པའི་གསེར་དང་འདྲ་བའི་སྒྱུ་རྩལ་པ་མང་བོ་ཞིག་ལ་འོད་ཟེར་ནམ་མཁར་འཕྲོ་བའི་གོ་སྐབས་ལྡན་པར་བྱས།fwC

དགོང་ཚོགས་ཧྲིལ་བོར་སྔོག་འདོན་དང་འཚོལ་སྙེག གསར་གཏོད་བཅས་ཀྱི་རྣམ་པ་འབུར་དུ་ཐོན་ཡོད་ལ། ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན་ནས་རྙེད་པའི་མི་རིགས་རང་གི་སྲོལ་རྒྱུན་གྱི་མར་དྲི་རྩམ་དྲི་མ་ཡལ་བའི་སྒྱུ་རྩལ་གྱི་རྣམ་པ་རེ་རེས་ཡུལ་དངོས་ལ་ཕེབས་པའི་ལྟད་མོ་བ་རྣམས་ཀྱི་ཡིད་སེམས་དབང་མེད་དུ་བཀུག་ཅིང་། ལེ་བར་ཁྲི་ཡི་ལམ་ཆེན་ནས་རྙེད་པའི་སྒྱུ་རྩལ་གྱི་རྣམ་པ་གཞིར་བཟུང་ནས་གསར་རྩོམ་བྱས་པའི་བརྩམས་ཆོས་དག་དགོང་ཚོགས་ཀྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཡོད། གླུ་སྒོ་ཕྱེ་མཁན་གླུ་བ་གྲགས་ཅན་གུ་རུའི་གླུ་སྐད་སྙན་མོ་དང་། རྨ་ལྷོ་སོག་རྫོང་ནས་ཕེབས་པའི་གླུ་མ་གྲགས་ཅན་ཚེ་རིང་སྒྲོལ་མའི་ངག་གི་འགྱུར་ཁུགས། ད་དུང་རྨ་ཆུ་རྫོང་བྲག་སྒོམ་པ་རོལ་མོ་ཚོགས་པས་ཡུལ་དངོས་ནས་དཀྲོལ་བའི«ཇ་མཆོད་དབྱངས་རྟ་སྙན་མོ»། རྒྱལ་མོ་ཚ་བ་རོང་ནས་ཕེབས་པའི་གླུ་མ་ཨ་ཡིན་གྱི་རྒྱལ་རོང་དམངས་གླུ་སོགས་ལ་ཡུལ་དངོས་སུ་ཕེབས་པའི་ལྟད་མོ་བ་ཡོངས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པ་མ་ཟད། ཟི་ཁྲོན་ཞིང་ཆེན་སེར་ཤུལ་རྫོང་མང་དགེ་སྡེ་བའི་ཞབས་བྲོ་ཆེན་མོ«རྡོག་རྩལ་གཞོན་ནུའི་གོམ་སྒྲ»དང་། བརྗོད་དོན་གླུ་དབྱངས་ངག་ལ་འགུགས་མཁན་གླུ་བ་གྲགས་ཅན་བསམ་འགྲུབ་ཚེ་རིང་གི«ལེ་བར་ཁྲི་ལམ་རིང་མོའི་འགྱུར་ཁུགས»། ལས་གླུའི་དབྱངས་རྟ་གཞིར་བཟུང་ནས་གསར་དུ་བརྩམས་པའི་ཞབས་བྲོ་ཆེན་མོ«ལག་ལས་ཀའི་བར་གྱི་སྟངས་སྟབས»ཞེས་པ་སོགས་ཀྱིས་དགོང་ཚོགས་ཧྲིལ་བོར་གསོན་ཤུགས་གསར་བ་ཞིག་རྒྱས་པར་བྱས།fwC

སྟེགས་གཅིག་ལམ་གཅིག་ཅེས་པའི་མུ་འབྲེལ་རིག་རྩལ་ཆེན་མོ་འདི་ལ་བསྡོམས་པས་སྐར་མ་སྟོང་ལྷག་ཡོད་ལ། «ལེ་བར་ཁྲི་ཡི་སྒྱུ་རྩལ་ལམ་ཆེན»ནི་ཆེས་མཇུག་མཐའི་ཚན་པ་ཡིན། ཤེས་གསལ་ལྟར་ན་མུ་འབྲེལ་རིག་རྩལ་འདི་ལོ་སར་སྐབས་སུ་ཨ་མདོ་བརྙན་འཕྲིན་བརྒྱུད་ནས་གཏང་རྒྱུ་རེད།fwC

1.jpgfwC

ཐེངས་འདིའི་དགོང་ཚོགས་སྟེང་ཕེབས་པའི་མགོ་ཁྲིད་དང་ལྟད་མོ་བ་ལྷན་རྒྱས།fwC

2.jpgfwC

མདོ་འཛིན་པ།fwC

3.jpgfwC

གླུ་བ་གུ་རུས་གླུ་སྒོ་འབྱེད་བཞིན་པ།fwC

4.jpgfwC

གླུ་མ་ཚེ་རིང་སྒྲོལ་མས་གླུ་སྙན་མོ་ངག་ལ་འགུག་བཞིན་པ།fwC

5.jpgfwC

གར་གྱི་སྟངས་སྟབས།fwC

6.jpgfwC

གར་གྱི་སྟངས་སྟབས།fwC

7.jpgfwC

གར་ཆུང་འཁྲབ་སྟོན་བྱེད་བཞིན་པ།fwC

8.jpgfwC

རྨ་ཆུ་རྫོང་བྲག་སྒོམ་པ་རོལ་མོ་ཚོགས་པས་འཁྲབ་སྟོན་བྱེད་བཞིན་པ།fwC

9.jpgfwC

རྒྱལ་རོང་ས་ཆའི་དམངས་གླུ་ལེན་བཞིན་པ།fwC

10.jpgfwC

གར་གྱི་སྟངས་སྟབས།fwC

11.jpgfwC

སྐད་ངག་གི་འགྱུར་ཁུགས་སྙན་མོ།fwC

12.jpgfwC

དམངས་ཁྲོད་རྩེད་རིག་འཁྲབ་སྟོན་བྱེད་བཞིན་པ།fwC

13.jpgfwC

གླུ་བ་བསམ་གྲུབ་ཚེ་རིང་གིས་ཐེངས་འདིའི་དགོང་ཚོགས་ཀྱི་བརྗོད་དོན་གླུ་དབྱངས་ལེན་བཞིན་པ།fwC

14.jpgfwC

སྒྲ་སྙན་གྱི་རྒྱུད་སྐུད་དང་འགྲོགས་པའི་སྐད་ངག་སྙན་མོ།fwC

15.jpgfwC

དགོང་ཚོགས་བདེ་ལེགས་ངང་མཇུག་རྫོགས་པ།fwC

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།