༄༅།། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་60འཁོར་བར་རྟེན་འབྲེལ་ཞུ་བ།
སྤེལ་དུས།  2017-09-15  རྡེབ་ཚད།   ཡོང་ཁུངས། མི་དམངས་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1.jpgWHS

མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་13ཉིན། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ཏེ་བདེ་ཆེན་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ཁང་དུ་གླུ་ལེན་གར་འཁྲབ་ངང་ནས་རང་སྐྱོང་ཁུལ་བཙུགས་ནས་ལོ་60འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུས་པ་རེད།WHS

2.jpgWHS

རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ་རེད། རྟེན་འབྲེལ་ཞུ་བའི་གློག་འཕྲིན་དུ། ལོ་ངོ་60ཡི་རིང་ལ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བསྟུད་མར་ཇེ་ལེགས་སུ་ཕྱིན་པ། བྱ་གཞག་ཁག་ཕྱོགས་ཡོངས་ནས་སྐུལ་འདེད་བྱས་ཏེ་གྲུབ་འབྲས་རླབས་པོ་ཆེ་བླངས་ཡོད་པ་རེད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་ནས་བདེ་ཆེན་ཁུལ་གྱིས་མཐུན་སྒྲིལ་སྔར་ལས་ལྷག་པར་མཐུན་སྒྲིལ་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་བསྒྲེངས་ཏེ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་། བཞི་པ། ལྔ་པ། དྲུག་པ་བཅས་དང་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཞའོ་ཕིང་གི་གཞུང་ལུགས་དང་། "མཚོན་བྱ་གསུམ"གྱི་དགོངས་དོན་གལ་ཆེན། ཚན་རིག་གྱི་འཕེལ་རྒྱས་ལྟ་བ་བཅས་སློབ་སྟོན་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་རབ་དང་རིམ་པ་དང་རྒྱལ་སྲིད་སྐྱོང་ལུགས་ཀྱི་འདུ་ཤེས་གསར་པ་དང་བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་སློབ་སྦྱོང་གཏིང་ཟབ་བྱས་པ། "སྣ་ལྔ་གཞི་གཅིག"གི་སྤྱི་ཡོངས་ཀྱི་བཀོད་པ་གཅིག་གྱུར་ངང་སྐུལ་འདེད་གཏོང་བ་དང"ཕྱོགས་ཡོངས་བཞི"ཡི་འཐབ་ཇུས་ཀྱི་བཀོད་པའི་བླང་བྱ་མཐུན་སྦྱོར་ངང་སྐུལ་འདེད་བྱས་པ། གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་ལྟ་བ་བརྟན་པོར་ཆགས་སུ་བཅུག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་གི་ཡུན་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་སྔར་བས་ལྷག་པའི་ངང་ལག་ལེན་དོན་འཁྱོལ་བྱས་པ། མི་རིགས་ཁག་གིས་མཉམ་དུ་མཐུན་སྒྲིལ་འབད་འབུངས་དང་། མཉམ་དུ་སྟོབས་འབྱོར་དར་རྒྱས་ཡོང་བ་རྒྱུན་འཁྱོངས་བྱས་པ། རང་སྐྱོང་ཁུལ་བཙུགས་ནས་ལོ་60འཁོར་བར་རྩ་བ་ཚུགས་གཞི་གསར་པ་ཞིག་བྱས་ཏེ་བསམ་བློ་བཅིངས་འགྲོལ་དང་སྒྱུར་བཅོས་སྒོ་འབྱེད། སྟོབས་ཤུགས་གཅིག་སྒྲིལ། དཀའ་སྤྱད་འགག་སྒྲོལ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་བྱས་རྗེས་གསར་པ་སྔར་ལས་ལྷག་པ་ཞིག་འཇོག་དགོས་ཞེས་བསྟན་ཡོད་པ་རེད།WHS

3.jpgWHS

1957ལོའི་ཟླ་9ཚེས་13ཉིན། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་དངོས་སུ་བཙུགས་པ་ཡོངས་བསྒྲགས་བྱས་པ་རེད། ལོ་ངོ་60ཡི་རིང་ལ། བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་མགྱོགས་ལ། སྡོད་དམངས་ཀྱི་འཚོ་བའི་ཆུ་ཚད་བསྟུད་མར་ཇེ་ལེགས་སུ་ཕྱིན་པ། སྤྱི་ཚོགས་འགན་སྲུང་ཕྱོགས་ཡོངས་ལ་ཁེབས་ཡོད་པ་རེད། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་གྲངས་1957ལོ་ཡི་མི་དམངས་ཤོག་སྒོར་ཁྲི་1272ནས་2016ལོ་ཡི་མི་དམངས་ཤོག་སྒོར་དུང་ཕྱུར་180.6བར་དུ་འཕེལ་ཡོད་པ་རེད།WHS

4.jpgWHS

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།