༄༅།། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་བརྟག་དཔྱད་ཞིབ་འཇུག་ཐེངས་གཉིས་པ་མགོ་བརྩམས།
སྤེལ་དུས།  2017-08-20  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིག་ཡན་ཏུང་གིས་བརྟག་དཔྱད་ཞིབ་འཇུག་བྱ་བ་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྒྲོག་འདོན་བྱས་པ་དང་། མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་བརྟག་དཔྱད་ཞིབ་འཇུག་ཐེངས་གཉིས་པ་མགོ་བརྩམས་པ་ཁྱབ་སྒྲོག་བྱས།eMB

ལིག་ཡན་ཏུང་གིས་བཤད་རྒྱུར། ཚན་རིག་བརྟག་དཔྱད་བྱ་བར་ཞུགས་པའི་ལས་ཁུངས་དང་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་དང་ལག་ལེན་མཐར་ཕྱིན་བྱས་ནས། སྲོལ་རྒྱུན་བཟང་བོ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་འཐབ་ཇུས་ལ་ཞབས་ཕྱི་སྒྲུབ་པ། རྒྱུད་རིམ་ལྡན་པའི་ངང་ཚན་རིག་བརྟག་དཔྱད་བྱ་བ་སྒྲུབ་པ། ཕྱོགས་བསྡུས་ཞིབ་འཇུག་ལ་གཙིགས་འཛིན་བྱེད་པ། མཉམ་འབྲེལ་སྒོས་གསར་གཏོད་བྱེད་པ་དང་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ལ་ཤུགས་བསྣན་ཏེ། ཚན་རྩལ་ཞིབ་འཇུག་གི་གྲུབ་འབྲས་གལ་ཆེན་ལེན་པར་འབད་བརྩོན་བྱས་ནས། མཚོ་བོད་མཐོ་སྒང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་ཟེར།eMB

མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་བརྟག་དཔྱད་ཞིབ་འཇུག་ཐེངས་གཉིས་པ་དེ་ཀྲུང་གོ་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གིས་སྣེ་ཁྲིད་བྱས་ནས། མཚོ་བོད་མཐོ་སྒང་གི་ཆུ་དང་སྐྱེ་ཁམས། མིའི་རིགས་ཀྱི་བྱ་འགུལ་བཅས་ཁོར་ཡུག་གནད་དོན་ལ་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་ཡིན་ལ། མཚོ་བོད་མཐོ་སྒང་གི་ཁོར་ཡུག་འགྱུར་ལྡོག་དེའི་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་ཤུགས་རྐྱེན་ལ་དབྱེ་ཞིབ་བྱས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ལྕགས་རི་ནུས་པར་སྲུང་སྐྱོབ་བྱེད་པ་དང་གླིང་སྣེ་གསུམ་པའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཇུས་གཞི་གཏན་འཁེལ་བྱེད་རྒྱུ་རེད། དུས་རབས་སྔོན་མའི་ལོ་རབས་བདུན་ཅུར་རང་རྒྱལ་དུ་མཚོ་བོད་མཐོ་སྒང་གི་ཕྱོགས་བསྡུས་བརྟག་དཔྱད་ཞིབ་འཇུག་ཐོག་མ་སྤེལ་བ་དང་། སྔ་གཞུག་ཏུ་ལོ་ཉི་ཤུ་ལྷག་བརྒྱུད་དེ། ཚན་རིག་གི་དཔྱད་གཞིའི་ཡིག་རིགས་མང་པོ་བསགས་ནས། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་། སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་ཚན་རིག་གི་གཞིར་འཛིན་ས་བརྟན་པོ་འདོན་སྤྲོད་བྱས་ཡོད་ཟེར།  །eMB

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།