༄༅།། འཛམ་གླིང་བྱིས་གླུའི་ཉིན་མོ་དང་བོད་ཀྱི་བྱིས་གླུ།
སྤེལ་དུས།  2015-03-23  རྡེབ་ཚད།   ཡོང་ཁུངས། ལུག་ཚང་དཔལ་ཡོན།  རྩོམ་པ་པོ། རིན་སྤུངས་བསྟན་ཆོས།  རྩོམ་སྒྲིག་པ། རླུང་དར་སྣ་ལྔ།

         ་་་་་་་་་་་་་་་་འཛམ་གླིང་བྱིས་གླུའི་ཉིན་མོ་དང་བོད་ཀྱི་བྱིས་གླུའི་གཞས་གདངས་རྩོམ་པ་པོ་མཁས་ཅན་རྒན་ཟླ་བ་ལགས།hUd

འཛམ་གླིང་བྱིས་གླུའི་ཉིན་མོ།hUd

       འཛམ་གླིང་བྱིས་གླུའི་ཉིན་མོ་ནི་སྤྱི་ལོ་1976ལོར་སྦེ་ལི་ཧྲེ་རྒྱལ་སྤྱིའི་སྙན་ངག་ཚོགས་འདུའི་ཐོག་གསར་འཛུགས་བྱས་ཤིང་། ལོ་རེའི་དཔྱིད་ཀྱི་ཕོ་ཉ་སླེབས་པའི་དུས། ལོ་13མན་ཆད་ཀྱི་བྱིས་པ་རྣམས་ཀྱིས་བརྗོད་དོན་མཚོན་པའི་རྟེན་འབྲེལ་བྱེད་སྒོ་སྣ་ཚོགས་སྤེལ་གྱི་ཡོད།བྱེད་སྒོ་འདིར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིགས་རྩ་འཛུགས་ཀྱིས་ཁས་ལེན་དང་རྒྱབ་སྐྱོར་ཐོབ་ནས་སྤྱི་ལོ་1999ལོར་ལོ་རེའི་ཟླ་བ་3པའི་ཚེས་21ཉིན་ནི་འཛམ་གླིང་བྱིས་གླུའི་ཉིན་མོར་གཏན་འཁེལ་བྱས།hUd

1.JPGhUd

བོད་ཀྱི་བྱིས་གླུ་དང་དེ་ལ་བཀའ་དྲིན་ཆེ་བའི་རྒན་ཟླ་བ་ལགས།hUd
        བོད་ཀྱི་བྱིས་གླུ་<སྤོ་བོ་ཟླ་དཀར་ལགས་><ཀ་མད་སུམ་ཅུའི་གླུ་གཞས་>སོགས་ནི་ང་ཚོ་ཆུང་དུས་ཀྱི་སྤྲོ་སྣང་འདུས་པའི་གླུ་དབྱངས་ཡིན་ཞིང་། གླུ་དབྱངས་དེ་ཚོ་ནི་རྒན་ཟླ་བ་ལགས་ཀྱིས་གསར་རྩོམ་གནང་བའི་བྱིས་གླུ་ཤ་སྟག་ཡིན།hUd
       ཟླ་བ། མཚན་དངོས་ལ་བློ་བཟང་ཟླ་བ་ཞུ་ཞིང་། སྤྱི་ལོ་༡༩༥༧ལོར་གནས་མཆོག་ལྷ་སར་འཁྲུངས། དགུང་ལོ་བཅུ་གཉིས་ནས་དངོས་སུ་རིག་རྩལ་ལས་དོན་ལ་བཞུགས།སྔ་ཕྱིར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གཞས་ཉིས་བརྒྱ་ལྷག་ཙམ་གསར་གཏོད་གནང་ཡོད་ཅིང་ལྷག་པར་དུ་བོད་ཀྱི་བྱིས་གླུའི་ཐད་ལ་ལེགས་སྐྱེས་ཤིན་ཏུ་ཆེ་བ་ཡིན།hUd

དྲི་བ། རྒན་ལགས་ཁྱེད་རང་གི་བྱིས་གླུའི་བརྩམ་བྱ་ཐོག་མ་གང་ཡིན་ནམ།hUd
      དེ་ནི་ལོ་རབས་བརྒྱད་བཅུའི་ནང་དུ་བྲིས་པའི་ཀ་མད་སུམ་ཅུའི་གླུ་གཞས་ཡིན། སྐབས་དེར་བོད་ལྗོངས་སློབ་ཆེན་གྱི་གྲོངས་ཟིན་པའི་རྒན་ཀུན་རྣམ་ལགས་སོགས་ཀྱིས་རེ་སྐུལ་ཐེངས་མང་གནང་བ་ལ་བརྟེན་ནས་ཀ་མད་སུམ་ཅུའི་གླུ་གཞས་འདི་དངོས་སུ་འདོན་ཐུབ་པ་བྱུང་ཅིང་། དེ་ལ་རྒྱ་ཆེའི་དགེ་རྒན་དང་ཁྱིམ་བདག་སོགས་ཀྱིས་ཧ་ཅང་མཉེས་པོ་གནང་བ་མ་ཟད་ས་ཕྱོགས་གང་ས་ནས་དེ་ལ་བསྟོད་པ་དང་། བཀའ་དྲིན་མཚོན་པའི་ཡི་གེ་མང་པོ་འབྱོར་བ་ལ་བརྟེན་ནས་དངོས་སུ་བྱིས་གླུའི་གཞས་གདངས་རྩོམ་པའི་བྱ་བར་བཞུགས་པ་ཡིན། དེ་རྗེས་དགོས་མཁོ་དང་བསྟུན་ནས་བྱིས་པའི་གཙང་སྦྲར་ཕན་པའི་སྤོ་བོ་ཟླ་དཀར་ལགས་ཞེས་པ་དང་།བོད་ཡིག་འབྲི་སྦྱོངས་ལ་ཕན་པའི་ཀ་མད་སུམ་ཅུ་དང་སྒྲ་དྲག་ཞན། དགུ་མཐའ། བརྡ་སྤྲོད་གླུ་གཞས་སོགས་དང་། ཀུན་སྤྱོད་ལ་ཕན་པའི་ཞེ་ས་དང་སློབ་དཔོན་ལ་བསྟོད་པ།ས་སྐྱ་ལེགས་བཤད། དེ་མིན་རྩེད་མོའི་གླུ་གཞས་མཛུབ་མོ་ལྔ་ཡི་བཤད་པ་སོགས་མང་དུ་བརྩམས་ཡོད།hUd

དྲི་བ། ཁྱེད་རང་ཐོག་མ་ནས་བྱིས་གླུའི་གདངས་རྩོམ་པ་པོ་མ་རེད་དམ།hUd
      མ་རེད། ང་ནི་གྲོང་ཁྱེར་ཟློས་གར་གྱི་རོལ་ཆ་གཏོང་མཁན་ཞིག་ཡིན་ཅིང་ཨོག་ལེན་དང་པི་ཝང་། གླིང་བུ་སོགས་སྣ་ཚོགས་གཏོང་མྱོང་ཡོད། དེ་རྗེས་རོལ་མོ་བའི་བཀོད་འདོམས་པ་བྱས་པ་དང་།མཐའ་མཇུག་གཞས་གདངས་རྩོམ་པའི་ལས་ཀར་བཞུགས་པ་ཡིན། གཞས་གདངས་རྩོམ་པའི་ལས་ཀའི་རིང་བྱིས་གླུ་ཕུད། ཁྱེད་ཚོས་རྒྱུས་མངའ་ཆེ་བའི་<སངས་དེ་རྒྱལ་མཚན་རི་><བར་སྐོར་><པ་སངས་བུ་ཁྲིད་>སོགས་ཀྱི་བརྩམ་བྱ་མང་པོ་ཞིག་ང་རང་གིས་བྲིས་པ་ཡིན་ལ་ཞབས་བྲོའི་གླུ་དབྱངས་མང་པོ་ཞིག་ཀྱང་ང་རང་གིས་བྲིས་པ་ཡིན།hUd

དྲི་བ། ཕྱིས་འབྱུང་མི་གཞན་གྱིས་བྱིས་གླུའི་ཐད་ལ་ལེགས་སྐྱེས་འབུལ་འདོད་ན་ཁྱེད་རང་ལ་ཉམས་མྱོང་གསུངས་རྒྱུ་ཡོད་དམ།hUd
        ང་མི་གཅིག་གིས་བྱིས་གླུའི་གསར་རྩོམ་བྱེད་དུས་མ་འདང་བའི་ཆ་མང་པོ་ཡོད་སྲིད་པས་ད་ལྟའི་ཆར་ས་ཕྱོགས་གང་ས་ནས་བྱིས་གླུའི་ཐད་ལ་གསར་རྩོམ་བྱས་པའི་བརྩམ་བྱ་མཐོང་རྒྱུ་མང་དུ་འགྲོ་གིན་འདུག་ཅིང་།དེ་ནི་དགའ་འོས་པའི་གནས་ཚུལ་ཞིག་རེད། བྱིས་གླུ་གསར་རྩོམ་ཐད་ང་ཚོའི་མེས་པོས་དུས་རབས་ཀྱི་ཁྱད་ཆོས་དང་མཐུན་པའི་བྱིས་གླུ་སྣ་ཚོགས་གསར་རྩོམ་གནང་ཡོང་ཅིང་།ཐག་མཆོང་གླུ་གཞས་དང་ཐེ་བེད་གླུ་གཞས་སོགས་མང་པོ་ཡོད། ང་ཚོས་ཀྱང་དུས་རབས་དང་བསྟུན་ནས་ཕྲུ་གུའི་སེམས་ཁམས་དང་ཀུན་སྤྱོད་ལ་ཕན་པའི་བརྩམ་བྱ་འདོན་རྒྱུ་ནི་ང་ཚོའི་འགན་འཁྲི་རེད། སྔོན་ཆད་ངས་དུས་དེབ་སྣ་ཚོགས་ལ་བྱིས་གླུའི་སྐོར་མང་པོ་ཞིག་བྲིས་ཡོད་ཀྱང་ད་ལྟ་ནང་བཞིན་གི་ཕན་ནུས་ཤུགས་ཆེར་མི་འདུག ད་ཆ་ང་ཚོས་གློག་ཀླད་དང་བརྙན་འཕྲིན་བརྒྱུད་ནས་དེ་ལ་ཁྱབ་སྤེལ་གང་ལེགས་གཏོང་ཐུབ་གྱི་འདུག་པས་ང་ཚོས་གོ་སྐབས་དམ་འཛིན་གནང་གལ་ཆེ།hUd

དྲི་བ། ད་སྐབས་རྒན་ལགས་ཁྱེད་རང་ཅི་ཞིག་གནང་གིན་ཡོད་དམ།hUd
        ངར་བྱིས་གླུའི་གསར་རྩོམ་ལ་གྲུབ་འབྲས་ཆུང་ངུ་ཞིག་ཐོབ་ཡོད་རུང་གསར་རྩོམ་ཁོ་ན་མ་ཡིན་པར་ད་ལྟ་ངས་བོད་ཀྱི་བྱིས་གླུའི་བསྡུ་རུབ་ལས་དོན་ལ་ཤུགས་སྣོན་རྒྱབ་བཞིན་ཡོད། རིམ་ཁག་དབུ་ཁྲིད་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་འོག་གུས་པའི་བྱིས་གླུའི་བརྩམ་བྱ་ཆེད་བསྒྲིགས་འདི་2014ལོར་འདོན་ཐུབ་པ་བྱུང་། བསྡུ་རུབ་བྱས་པའི་བརྩམ་བྱ་དེ་དག་ཀྱང་གང་མགྱོགས་རྣམ་པ་ལྷན་རྒྱས་ཚོའི་སྤྱན་ལམ་དུ་འབུལ་ཐུབ་རྒྱུའི་སེམས་ཤུགས་ཆེན་པོ་ཡོད།hUd

3.JPGhUd
རྩོམ་པ་པོ་དང་རྒན་ཟླ་བ་ལགས།hUd

2.JPGhUd

གངས་ལྗོངས་བྱིས་པའི་སྙན་དབྱངས་པར།hUd
གངས་ལྗོངས་བྱིས་པའི་སྙན་དབྱངས་གཟིགས་འདོད་ཡོད་ན་ལྷ་ས་ཕུ་ཁང་སྨན་ཁང་ཁ་སྤྲོད། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དཔེ་ཁང་དུ་གཟིགས་པར་ཕེབས།hUd
购买地址:拉萨阜康医院对面,读者之音书店hUd

 hUd

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།