༄༅།། སྤུ་རྒྱལ་ཤེས་རིག་དཔྱད་གླེང་སྤྱི་དེབ་དང་པོ་པར་དུ་བསྐྲུན་པ།
སྤེལ་དུས།  2018-01-29  རྡེབ་ཚད།   ཡོང་ཁུངས།  ཧི་མ་ལ་ཡའི་བོན།  རྩོམ་པ་པོ། «སྤུ་རྒྱལ་ཤེས་རིག་དཔྱད་གླེང»གོ་སྒྲིག་ཚན་ཆུང་།  རྩོམ་སྒྲིག་པ། lobsang

1.jpgSff

སྔོན་དུ་གླེང་བའི་གཏམ།Sff

དུས་རབས་ཉེར་གཅིག་པའི་དབུ་ཁྱུང་གསར་དུ་བྲིས་པ་དང་ལྷན། ས་ལྒང་འདིའི་ཐོག་འཚོ་ཞིང་གཞེས་པའི་དཔྱོད་ཤེས་ཀྱི་མི་བུ་རླབས་ཆེན་དག་གིས་ཆེན་པོ་ལུགས་གཉིས་ཀྱི་བླང་དོར་གང་གི་ཆ་ལའང་གནའ་སྲོལ་རིག་པའི་གཞུང་ལམ་ཐོག་དེང་རབས་སྔོན་ཐོན་གྱི་འཕྲུལ་འཁོར་ཅི་དགར་བསྒྱུར་བའི་ལེའུ་གསར་པ་ཞིག་ཁ་ཕྱེས་པ་ནི་ཅི་འདྲའི་འཁྲུག་ཆ་དོད་ལ།  ཡར་བརྩོན་མདུན་སྐྱོད་ཀྱི་རྡོག་སྒྲ་གསོན་པོ་ཞིག་དང་། བཟློག་ཏུ་མེད་པའི་དུས་ཀྱི་འགྱུར་འགྲོས་ཤིག་ཡིན་པ་ནི་འདས་མ་ད་གསུམ་ལ་དཔྱོད་ཤེས་ཅན་གྱི་བློ་དང་ལྡན་པ་སུ་ཞིག་ཚོམ།  མི་རིགས་ཤིག་གམ་སྤྱི་ཚོགས་ཤིག་སྔོན་ཐོན་ནམ་རྗེས་སུ་ལུས་མིན་ཡང་སྐབས་ཐོག་དེའི་སྣེ་ཁྲིད་མི་སྣ་རྣམས་ཀྱི་གཞི་རྩའི་ཤེས་ཡོན་གྱི་ཆུ་ཚད་མཐོ་དམན་དང་།  སྤྱི་ཡོངས་ཀྱི་གཟིགས་རྒྱ་ཡངས་དོག  སྐབས་དང་དུས་ལ་བསྟུན་པའི་བྱ་གཞག་བླང་དོར་མཁས་མིན་གྱི་རྗེས་སུ་འགྲོ་བ་ཡང་རྟེན་འབྲེལ་ལྟོས་གྲུབ་ཀྱི་བདེན་དཔང་ཡིན།  དེ་མཚུངས་སྨྲ་ཤེས་ཤིང་དོན་གོ་བའི་མི་བུ་རིན་ཐང་ཅན་སུ་ཞིག་ལ་མཚོན་ན་ཡང་ཕྱོགས་སུ་མ་ལྷུང་བའི་སློབ་གསོའི་མཐུན་རྐྱེན་འོག  འགན་ཁུར་དང་ཕུགས་བསམ་ཡོད་པའི་ཐོག་ནས་གལ་ཆེའི་གནད་དོན་ཁག་ལ་བསམ་གཞིག་དང་།  དཔྱད་འཚོལ།  བགྲོ་གླེང་བཅས་གུ་ཡངས་རིས་མེད་ཀྱི་ལམ་ནས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་དགོས་པའི་ཁར།  ཕྱོགས་གཞན་ནས་ཀྱང་དེ་འདྲའི་གནས་བབ་དང་མཐུན་པའི་ཁོར་ཡུག་ཚད་མཐུན་ཞིག་ཀྱང་བསྐྲུན་དགོས་ཞིང་།  དེ་ལ་སྤྱི་ཚོགས་ཐུན་མོང་གིས་རྒྱབ་སྐྱོར་ངེས་ཅན་ཞིག་ཀྱང་ཅི་ལ་མི་དགོས་ཏེ་ངེས་པར་དགོས་སོ།  །Sff

ང་ཚོ་མ་འོངས་པའི་ལམ་ཕྱོགས་བཟང་ངན་གང་ཞིག་ཏུ་འགྲོ་རྒྱུ་ནི་ད་ལྟའི་གཞོན་སྐྱེས་རྣམ་པའི་ལག་མཐིལ་དུ་ཡོད་ལ།  དེ་དག་མི་སྣ་བཟང་ངན་གང་འདྲ་ཞིག་བསྐྱེད་བསྲིངས་བྱེད་པའི་ནུས་པ་དང་འགན་འཁྲི་ཡང་ད་བཞུགས་འབྲེལ་ཡོད་ཀྱི་རྒན་རབས་རྣམས་ལ་འབྲེལ་བ་ངེས་ཅན་ཆགས་ཡོད།  གནས་བབ་དེ་འདྲའི་སྒུལ་ཤུགས་དང་འབྲེལ་ད་ལྟའི་གཞོན་སྐྱེས་སེར་སྐྱ་གང་མང་ཞིག་གིས་སྤྱི་ཚོགས་དང་།  རིག་གཞུང་།  ཤེས་ཡོན་སོགས་ལ་རང་འགན་རང་ཁུར་དང་། མི་ཚེ་དོན་ཡོད་བྱ་བའི་འདུ་ཤེས་འོག བསླབ་པ་སློབ་གཉེར་དང་།  འཆད་རྩོད་རྩོམ་པ།  དཔྱད་ཞིབ་བགྲོ་གླེང་སོགས་ཀྱིས་མཚོན། དུས་དང་འཚམས་ལ་སྐབས་སུ་བབ་པའི་ལུགས་གཉིས་གང་གི་ཆ་ལའང་གསོན་ཤུགས་རྒྱས་པའི་འབད་བརྩོན་གྱི་ཚ་རླབས་གསར་པ་ཞིག་འཕྱུར་དང་འཕྱུར་བཞིན་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་མ་ཡིན་ནམ། Sff

༧ ཁྱུང་ཡུལ་སྤུ་རྒྱལ་ཁུལ་གྱི་སྤྱི་རིམ་སྨན་སྒྲུབ་ཆེན་མོའི་འབྲེལ་ཡོད་མཁྱེན་ལྡན་མི་སྣ་རྣམ་པས་ཀྱང་དུས་སུ་བབས་པའི་ཆར་དང་། སྐབས་སུ་བབ་པའི་གཏམ་བཞིན་དགོས་པ་དང་དམིགས་ཡུལ་ཉི་ཚེ་ཙམ་ཞིག་མ་ཡིན་པར།  མི་རིགས་ཤིག་དང་།  སྤྱི་ཚོགས་ཤིག  དུས་རབས་ཤིག་གི་འགན་འཁྲི་ཡོད་པའི་ཐོག་ནས་སྤྱི་ཕན་ཡོངས་ཁྱབ་རང་བཞིན་གྱི་མཛད་འཕྲིན་སྤེལ་དང་སྤེལ་མུས་ལྟར། རབ་མཛོད་མེ་བྱ་ལོའི་དབྱར་དུས་སུ་རིས་མེད་སྤྱི་ཚོགས་ལས་རིགས་ཁག་གི་མཁྱེན་ལྡན་སྐྱ་སེར་དུ་མ་ཞིག་མཉམ་འདུས་ཀྱིས༼སྐབས་དང་པོའི་སྤུ་རྒྱལ་ཤེས་རིག་དཔྱད་གླེང༽ཞེས་པའི་ཁ་བྱང་ཅན་གྱི་དཔྱད་རྩོམ་བགྲོ་གླེང་གྲོས་ཚོགས་ཤིག་བསྡུས་པ་ལྟར།  འབྲེལ་ཡོད་རི་དགོན་ཁག་གི་དབུ་འཛིན་དང་།  དཔྱོད་ལྡན་གྱི་རྩོམ་པ་པོ།  མོས་ལྡན་གྱི་གསན་གཟིགས་པ་བཅས་ལྷན་འཛོམ་གྱིས་བགྲོ་གླེང་དེ་བཞིན་གཟབ་རྒྱས་རྒྱལ་ཁའི་ངང་ནས་ལེགས་གྲུབ་བྱུང་།  དེ་འདྲའི་བགྲོ་གླེང་གནང་བའི་རྩོམ་ཡིག་རྣམས་ནང་གསེས་ཁག་བཞི་རུ་དབྱེ་བ་སྟེ།  ༡  རྒྱལ་རབས་ལོ་རྒྱུས་ཏེ། ཞང་བོད་ལོ་རྒྱུས་གཙོར་བྱས་པའི་འབྲེལ་ཡོད་ཀྱི་ལོ་རྒྱུས། ༢ གཞུང་ལུགས་ཏེ།  མདོ་སྔགས་སེམས་གསུམ་དང་རིག་པའི་གནས་ཆེན་སྐོར།  ༣  སློབ་གསོ་སྟེ།  མཐུན་སྒྲིལ་དང་ཤེས་ཡོན་གཙོར་བྱས་པའི་ལུགས་གཉིས་ཀྱི་བསླབ་བྱ། ༤  རིག་གནས་ཏེ།  སྲོལ་རྒྱུན་དང་དམངས་ཁྲོད་ཀྱི་རིག་གནས་སྐོར་བཅས་ལས་གྲུབ་པའི་རྩོམ་སྣ་མི་འདྲ་བ་ཉི་ཤུ་ལྷག་ཅིག་བྱུང་དོན་ལྟར། དེ་དག་སྐབས་ཀྱི་འགན་འཛིན་མི་སྣ་རྣམས་ཀྱིས་ཞུ་དག་དང་ཕྱོགས་བསྒྲིགས་ཀྱིས«སྤུ་རྒྱལ་ཤེས་རིག་དཔྱད་གླེང»ཞེས་པའི་ཁ་བྱང་ཅན་གྱི་དེབ་འདི་རྒྱ་ཆེའི་གཟིགས་མོ་བ་ཡོངས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་པ་བྱུང་ཡོད།  དེ་ལྟ་བུའི་བགྲོ་གླེང་འདི་ལ་བསམ་ཚེ་བརྗོད་དོན་གནད་ཆེ་ལ་ཁྱབ་ཁོངས་རྒྱ་ཆེ་བ། བྱ་གཞག་གོ་རིམ་ལྡན་ཞིང་སྒོ་ཀུན་ནས་གཟི་བརྗིད་ཀྱི་དཔལ་འབར་བའི་བགྱི་བ་འདི་འདྲ་ནི། ང་ཚོའི་ཁོར་ཡུག་ལ་ལྟོས་ན་ད་སྔོན་ལོ་རྒྱུས་ཐོག་ཏུ་ཧ་ལམ་བྱུང་མ་མྱོང་བའི་ཟིན་ཐོ་གསར་པ་ཞིག་ཡིན་ཟེར་ནའང་ཐལ་ཆ་རུ་མ་མཐོང་ལ།  དེ་ལྟའི་བདག་རྐྱེན་བཟང་པོས་ཆེན་པོ་ལུགས་གཉིས་གང་གི་ཐད་ནས་ཀྱང་སྔར་མེད་གསོན་ཤུགས་གསར་པ་ཞིག་སྦྱིན་པའི་ཡིད་ཆེས་དང་རེ་སྨོན་གྱིས་ཁེངས་བཞིན་ཡོད།  རྩོམ་སྒྲིག་ཐད་ལ་བརྡ་དག་སྐོར་འགའ་ཙམ་ལས་མ་རྩོམ་སོར་བཞག་གི་རྩ་དོན་བཟུང་ཡོད་པའི་ཁུལ་དུ་མཆིས་རུང་ང་ཚོ་རྩོམ་སྒྲིག་པའི་ཡོན་ཚད་དང་དུས་དབང་སོགས་ཀྱིས་ད་དུང་སྐྱོན་དང་ནོར་བ་གང་མང་ཡོད་སྲིད་པས་དེ་ལུགས་དགོངས་ཡངས་དང་།  འདིས་ཀྱང་རིས་མེད་ཁ་བ་གངས་ཅན་པའི་ཉག་ཕྲ་བའི་སྐད་ཡིག་གཉིས་ཀྱི་གཙོས་ལུགས་གཉིས་ཆར་སྲི་ཞུའི་ཞབས་འདེགས་ཕྲན་བུ་རེ་ཡོང་བའི་སྨོན་འདུན་དང་བཅས།Sff

«སྤུ་རྒྱལ་ཤེས་རིག་དཔྱད་གླེང»གོ་སྒྲིག་པས་སྤོས་ངད་ལྡན་པའི་གྲོང་ཁྱེར་ནས།  ༢༠༡༨་༡་༡༦Sff

2.jpgSff

3.jpgSff

4.jpgSff

5.jpgSff

དཀར་ཆགSff

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།