༄༅།། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་གསར་འགྱུར་རྩོམ་འབྲི་མཁན་གྱི་གསར་འགྱུར་ལས་སྒོའི་གཅིག་བསྡུས་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས།
སྤེལ་དུས།  2018-01-13  རྡེབ་ཚད།   ཡོང་ཁུངས། ཁམས་པའི་དྲ་བ།  རྩོམ་པ་པོ། ཨོ་རྒྱན་གྱིས་བྲིས་ཤིང་པར་བླངས།  རྩོམ་སྒྲིག་པ། lobsang

1.jpgaPV

དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་གསར་འགྱུར་རྩོམ་འབྲི་མཁན་གྱི་གསར་འགྱུར་ལས་སྒོའི་གཅིག་བསྡུས་གསོ་སྦྱོང་ཚོགས་འདུ་དར་མདོར་འཚོགས།aPV

དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་གསར་འགྱུར་རྩོམ་འབྲི་མཁན་གྱི་གསར་འགྱུར་ལས་སྒོའི་གཅིག་བསྡུས་གསོ་སྦྱོང་ཚོགས་འདུ་དེ་སྤྱི་ལོ2018ལོའི་ཟླ་དང་པོའི་ཚེས12ཉིན་གྱི་སྔ་དྲོར་དར་མདོའི་གེ་སར་མགྲོན་ཁང་ཆེན་མོའི་གྲོས་ཚོགས་ཁང་ནས་འཚོགས་མགོ་བརྩམས།aPV

ཚོགས་འདུར་སི་ཁྲོན་ཞིང་ཆེན་གསར་འགྱུར་ལས་སྒྲུབ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ལིའུ་ཝེ་མིང་དང་ཧྭ་ཤིས་གྲོང་ཁྱེར་ཚགས་པར་ཁང་གི་སྤྱི་ཁྱབ་ལྟ་ཞིབ་པ་ཁྲེན་ཀྲང་ཕའེ། རང་ཁུལ་གྱི་མིང་དུ་གྲགས་པའི་ཤེས་ཡོན་པ། ཁུལ་བརྙན་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་ཀུའོ་ཁྲེང་ཕིང་བཅས་ཆེད་དུ་གདན་འདྲེན་བྱས་ཤིང་། ཁྱོན་ཉིན་གཉིས་ཀྱི་རིང་ལ་གོང་གི་དགེ་རྒན་གསུམ་པོས་གསར་འགྱུར་ལས་སྒོ་དང་དུས་རབས་གསར་བའི་འཕྲིན་སྦྱོར་གྱི་འཕེལ་ཕྱོགས་སྐོར་ནས་སློབ་ཁྲིད་གནང་རྒྱུ་ཡིན་པ་རེད།aPV

དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་དབུ་ཁྲིད་དག་དང་ལས་སྒྲུབ་མི་སྣ། གྲོང་ཁྱེར་དང་རྫོང་སོ་སོའི་དྲིལ་བསྒྲགས་པུའུ་ཡི་གསར་འགྱུར་དྲིལ་བསྒྲགས་ལས་ཀའི་པུའུ་ཀྲང་དང་པུའུ་ཀྲང་གཞོན་པ། ཁུལ་དང་རྫོང་། གྲོང་ཁྱེར་བཅས་ཀྱི་བོད་རྒྱ་ཡིག་གི་རྐང་འཛིན་གསར་འགྱུར་རྩོམ་འབྲི་མཁན་བཅས་ཁྱོན་ཚོགས་མི་བརྒྱ་ལ་ཉེ་བ་ཞིག་ཐེངས་འདིའི་གསར་འགྱུར་ལས་སྒོའི་གསོ་སྦྱོང་ཚོགས་འདུར་ཞུགས་པ་རེད།aPV

ཚོགས་ཐོག་ཏུ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གི་ཏང་ཨུའི་ཧྲུའུ་ཅི་དང་ཧྲེ་ཀྲང་དབལ་ཤུལ་ཕུན་ཚོགས་ལགས་ཀྱིས་དཀར་མཛེས་ཉིན་རེའི་ཚགས་པར་གསར་དུ་བཏོན་ནས་ལོ་འཁོར64རིང་གི་འཕེལ་རིམ་དང་ལོ་རྒྱུས་ཞིབ་པར་གསུངས་བ་དང་སྤྱི་ལོ2017ལོའི་གྲུབ་འབྲས་ལ་ཕྱོགས་བསྡོམས་བྱས་ཤིང་། སྤྱི་ལོ2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དུ་སྤེལ་དགོས་པའི་ལོ་ཞིག་ཡིན་པས་རང་རེའི་བོད་རྒྱ་ཡིག་གི་ཚགས་པར་དང་། འཕྲིན་སྦྱོར་གསར་པའི་དགོས་མཁོ་ཆེ་བའི་ལོ་ཞིག་ཡིན་པས་དེ་ལུགས་སོ་སོས་རང་རང་གི་ལས་རྐང་ཐོག་ནས་འབད་པ་ཆེར་བསྐྱེད་དེ་གྲུབ་འབྲས་སྔར་ལས་ལྷག་པ་འཐོབ་དགོས་ལུགས་སོགས་ཀྱི་སྐོར་ལ་གསུང་བཤད་གལ་ཆེན་གནང་།aPV

ཚོགས་ཐོག་ཏུ་དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས2017ལོར་རང་ཁུལ་གྱི་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཕུལ་བྱུང་གསར་འགྱུར་རྩོམ་འབྲི་མཁན་དང་རྫོང་ཏང་ཨུ་དང་གྲོང་ཁྱེར་ཏང་ཨུའི་ཕུལ་བྱུང་སྒྲོག་སྤེལ་ལྟེ་གནས་བཅས་ལ་བསྟོད་བསྔགས་དང་གཟི་བརྗིད་དཔང་ཡིག་བསྩལ་ཡོད་པ་དང་། གསར་འགྱུར་རྩོམ་འབྲི་མཁན་དང་གྲོང་ཁྱེར་དང་རྫོང་གི་སྒྲོག་སྤེལ་ལྟེ་གནས་བཅས་ཀྱི་འཐུས་ཚབ་མི་སྣས་གཏམ་བཤད་བྱས་ཡོད་པ་རེད།།aPV

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།