༄༅།། མཚོ་ནུབ་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་བཞུགས་མོལ་གྲོས་ཚོགས་མཚོ་ནུབ་གྲོས་ཚོགས་ལྟེ་གནས་སུ་བསྡུས།
སྤེལ་དུས།  2017-12-24  རྡེབ་ཚད།   ཡོང་ཁུངས། ཚྭ་འདམ་བོད་ཡིག་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1.jpgWxc

མཚོ་ནུབ་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་བཞུགས་མོལ་གྲོས་ཚོགས་མཚོ་ནུབ་གྲོས་ཚོགས་ལྟེ་གནས་སུ་བསྡུས།Wxc

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་བསམ་བློ།《མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་སྐད་ཡིག་ལས་དོན་ཐད་ཀྱི་ལོ་ལྔའི་འཆར་འགོད་བཅུ་གསུམ》གྱི་འཆར་གཞི་ལག་ལེན་དོན་འཁྱོལ་དང། ནན་ཏན་སྒོས《མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་སོག་བོད་སྐད་ཡིག་ལས་དོན་སྲོལ་ཡིག》ལག་བསྟར་དང་ཁུལ་ཡོངས་ཀྱི་མི་རིགས་སྐད་ཡིག་ལས་དོན་རྣམ་པ་གསར་བར་འཕྲོད་པ་དང་གྲུབ་འབྲས་གསར་བ་ལོན་པ།འཕེལ་རྒྱས་གསར་བ་མངོན་པའི་ནུས་ལྡན་བྱེད་ཐབས་ལ་མུ་མཐུད་དུ་ཞིབ་འཇུག་དང་སྐུལ་འདེད་བྱེད་ཆེད།ཟླ༡༢པའི་ཚེས༢༡ཉིན་གྱི་ཕྱི་དྲོ།མཚོ་ནུབ་ཁུལ་གྱི་མི་རིགས་སྐད་ཡིག་ལས་དོན་བཞུགས་མོལ་གྲོས་ཚོགས་མཚོ་ནུབ་གྲོས་ཚོགས་ལྟེ་གནས་སུ་བསྡུས།ཁུལ་ཡོངས་ཀྱི་ས་ཁུལ་བརྒྱད་ཀྱི་ལས་བགོས་འགན་ཁུར་འགོ་ཁྲིད་དང་མི་རིགས་སྐད་ཡིག་སྡེ་ཁག་གི་འགན་འཛིན་པ།ཁུལ་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཁག༡༩ཡི་འགན་འཛིན་པ་གཙོ་བོ། མི་རིགས་ལས་དོན་ཐད་ཀྱི་འབྲེལ་ཡོད་ཆེད་མཁས་པ་དང་གསར་འགྱུར་སྨྱན་བྱད་ལས་རིགས་ཁག་གི་གསར་འགོད་པ་སོགས་མི༥༢ལྷག་བཞུགས་མོལ་ཚོགས་འདུར་ཞུགས།གྲོས་ཚོགས་ལ་ཁུལ་མི་དམངས་སྲིད་གཞུང་གི་དྲུང་ཡིག་གཞོན་པ་ཝང་ཅཱ་རོང་གིས་མདོ་འཛིན་མཛད།ཁུལ་དཔོན་གཞོན་པ་ཆན་གའོ་ཆིན་གྲོས་ཚོགས་སུ་ཟུར་ཞུགས་བྱས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།Wxc

2.jpgWxc

ཚོགས་རའི་ཡུལ་དངོས།Wxc

གྲོས་ཚོགས་སྐབས་སུ།མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་ཆིན་ཅན་ཝུན་གྱིས་ཉེ་བའི་ལོ་ལ་ཁུལ་ཡོངས་ཀྱི་མི་རིགས་ལས་དོན་སྤེལ་བའི་གནས་ཚུལ་སྙན་ཞུ་ཕུལ།ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར། ཐེམ་ཆེན་རྫོང་།ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས། ཚྭ་འདམ་ཉིན་རེའི་ཚགས་པར་ཁང་།བརྙན་འཕྲིན་བསྒྱུར་སྐྲུན་ས་ཚིགས།གྲོང་ཁྱེར་དང་རྫོང་། དེ་མིན་སྡེ་ཁག་སོ་སོས་ཉམས་མྱོང་བརྗེ་རེས་ཀྱི་གཏམ་བཤད་གནང་།གྲོས་ཚོགས་སུ་དུས་རབས་གསར་བར་མི་རིགས་སྐད་ཡིག་ལས་དོན་ཅི་ལྟར་སྤེལ་དགོས་པའི་ཕྱོགས་ལ་དམིགས་ཏེ་གྲོས་མོལ་ཕུན་སུམ་ཚོགས་པ་མཛད།Wxc

མཇུག་མཐར།ཁུལ་དཔོན་གཞོན་པ་ཆན་གའོ་ཆིན་གྱིས་ཁུལ་ཡོངས་ཀྱི་མི་རིགས་ལས་དོན་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བའི་དུས་མཚུངས་སུ།སྔར་ལས་ལྷག་པའི་སྒོ་ནས་ཁུལ་ཡོངས་མི་རིགས་སྐད་ཡིག་ལས་དོན་ལ་ཅི་ལྟར་སྐུལ་འདེད་དགོས་པར་ཕྱོགས་དྲུག་ནས་བྱེ་བྲག་གི་བླང་བྱ་བཏོན་ཡོད་དེ། གཅིག་ནི་ངོས་ཟིན་ཟབ་མོ་དང་བསམ་བློ་གཅིག་གྱུར་སྒོས་མི་རིགས་སྐད་ཡིག་ལས་དོན་དམ་དུ་འཛིན་པར་ཁག་ཐེག་བྱ་དགོས།གཉིས་ནི་ཁ་ཕྱོགས་ངེས་གཏན་དང་རིག་ལམ་དོད་པོའི་སྒོ་ནས་མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དགོས།གསུམ་ནི་འོས་འགན་གསལ་བོ་དང་ལྟ་སྐུལ་ལ་ཤུགས་བསྣན་ནས་མི་རིགས་སྐད་ཡིག་ཚད་ལྡན་དུ་བེད་སྤྱོད་པར་ཁག་ཐེག་དགོས།བཞི་ནི་རིག་ལམ་གསར་གཏོད་དང་དོན་དམ་གྱི་གྲུབ་འབྲས་ལོན་པར་ཇུས་འགོད་བྱས་ཏེ། ཁྲིམས་ལྟར་རིགས་སོ་སོས་རང་སྐད་རང་ཡིག་སློབ་པ་དང་བེད་སྤྱོད།འཕེལ་རྒྱས་སུ་གཏོང་བའི་ཁེ་དབང་ལ་ཁག་ཐེག་དགོས། ལྔ་ནི་སྤྱི་ཁྱབ་དམ་འཛིན་དང་རྨང་གཞི་བརྟན་པོར་བཏིང་ནས།སྐད་གཉིས་ལས་བྱེད་དཔུང་སྡེ་སྤྱིའི་བྱང་ཚད་མཐོར་འདེགས་སུ་གཏོང་བར་དམིགས་དགོས།དྲུག་ནི་འགོ་ཁྲིད་ལ་ཤུགས་སྣོན་དང་རྐྱེན་སྲོལ་ཚང་སྐྲུན་བྱས་ཏེ།མི་རིགས་ལས་དོན་གྱི་རྣམ་པ་གསར་བ་བཏོད་དགོས།Wxc

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།