༄༅།། རྒྱལ་རོང་གི་རིག་གནས་དཔེ་ཚོགས་ཀྱི་དཔེ་སྐྲུན་དང་དཔེ་ཆ་འབུལ་བའི་མཛད་སྒོ་དེ་ཁྲི་འདུ་རུ་གཟབ་རྒྱས་ངང་འཚོགས།
སྤེལ་དུས།  2017-12-19  རྡེབ་ཚད།   ཡོང་ཁུངས། རྒྱལ་རོང་།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

640.webp.jpg ynA

སྤྱི་ཟླ་༡༢པའི་ཚེས་༡༥ཉིན། རྔ་བ་ཁུལ་བོད་ཀྱི་ལོ་རྒྱུས་རིག་གནས་དང་གནའ་དཔེ་ཞིབ་འཇུག་མཐུན་ཚོགས་ཀྱིས་སྡུད་སྒྲིག་དང་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་པའི་《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་དཔེ་སྐྲུན་བཞུགས་མོལ་ཚོགས་འདུ་དང་དཔེ་ཆ་འབུལ་བའི་མཛད་སྒོ་དེ་ཁྲི་འདུ་རུ་གཟབ་རྒྱས་ངང་འཚོགས།  ynA

640.webp (1).jpg ynA

བཞུགས་མོལ་ཚོགས་འདུའི་ཡུལ་དངོས།ynA

དཔེ་ཚོགས་འདིའི་ནང་དུ་རྒྱལ་རོང་ཡུལ་གྱི་ལོ་རྒྱུས་དང་ཆབ་སྲིད། དཔལ་འབྱོར། བན་བོན་གྱི་ཆོས་ལུགས། མི་སྣའི་རྣམ་ཐར། དམངས་ཁྲོད་སྒྱུ་རྩལ། སྐར་རྩིས། མོ་རྩིས། གཞུང་ཡིག གནས་རི་དང་བན་བོན་དགོན་སྡེ་ཁག་གི་རིག་གནས་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་རྩ་ཆེན་མང་པོ་ཕྱོགས་བསྒྲིགས་བྱས་ཡོད།ynA

640.webp (2).jpgynA

640.webp (3).jpgynA

ཐེངས་འདིའི་ཚོགས་ཐོག་ཏུ་དཔེ་ཚོགས་འདི་ཉིད་སྒྲིག་སྒྱུར་གནང་མཁན་གྱི་མི་སྣ་རྣམས་དང་། རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་རིག་གནས་སྐོར་གྱི་ཆེད་མཁས་པ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས། འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར། དེ་བཞིན་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་ཡོངས་བཅས་ཁྱོན་མི་གྲངས་ལྔ་བཅུ་ལྷག་ཞུགས་ཡོད།ynA

640.webp (4).jpgynA

640.webp (5).jpgynA

བཞུགས་མོལ་ཚོགས་འདུའི་ཡུལ་དངོས།ynA

བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་ལགས་ཀྱིས་གཙོ་སྐྱོང་གནང་སྟེ་འགོ་ཁྲིད་དང་ཆེད་མཁས་པ། སྐུ་མགྲོན་བཅས་ངོ་སྤྲོད་གནང་རྗེས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ཐེངས་འདིའི་《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཞེས་པ་དཔེ་སྐྲུན་གནང་བའི་བརྒྱུད་རིམ་དང་། དོན་སྙིང་བཅས་ཀྱི་ཐད་ནས་གསུང་བཤད་གལ་ཆེན་གནང་།ynA

640.webp (6).jpgynA

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོ། སྤྱི་ཁྱབ་རྩོམ་སྒྲིག་པ་ཨ་སྔགས་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (7).jpgynA

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་འགོ་གཙོའི་ལག་རོགས་པ། བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་ཀྲུའུ་རེན་འོད་ཟེར་གྱིས་ཚོགས་འདུའི་གཙོ་སྐྱོང་གནང་བཞིན་པ།ynA

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱིས་སི་ཁྲོན་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་ཁང་དང་། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ། དཀར་མཛེས་ཁུལ་དཔེ་མཛོད་ཁང་། རོང་བྲག་རྫོང་གུང་གཞོན་ཚོགས་ཨུ། རོང་བྲག་རྫོང་རྒྱལ་རོང་རིག་གནས་འཕེལ་རྒྱས་ལྟེ་གནས་སོགས་ལས་ཁུངས་ཁག་ལ་པོད་བཅུའི་བདག་ཉིད་ཅན་གྱི་དཔེ་ཚོགས་འདི་ཉིད་ལེགས་སྐྱེས་སུ་ཕུལ།ynA

640.webp (8).jpgynA

དཔེ་ཆ་འབུལ་བའི་མཛད་སྒོའི་མཉམ་པར།ynA

དེར་མཐུད་ནས་ཐེངས་འདིའི་ཚོགས་ཐོག་ཏུ་ཕེབས་པའི་མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་དཔེ་ཚོགས་འདི་རྩོམ་སྒྲིག་གནང་བའི་དམིགས་ཡུལ་དང་། ནང་དོན། ཡིག་ཆའི་ཡོང་ཁུངས། རིན་ཐང་བཅས་ཀྱི་ཐད་ནས་གསུང་བཤད་ལྷུག་པོར་གནང་བ་དང་། རིམ་བཞིན་རྒྱལ་མོ་ཚ་བ་རོང་གི་ཤེས་རིག་སྐོར་གྱི་ཆེད་ལས་མཁས་པ་རྣམས་ཀྱིས་དཔེ་ཚོགས་འདི་ཉིད་པར་སྐྲུན་གནང་བ་ཡིས་བོད་ཀྱི་ཤེས་རིག་སྤྱི་དང་སྒོས་སུ་རྒྱལ་རོང་གི་ཤེས་རིག་ཐད་ནས་སྔར་མེད་པའི་དཔྱད་གཞིའི་ཡིག་ཆ་དང་ལོ་རྒྱུས་ཀྱི་སྟོང་ཆ་གསར་པ་ཞིག་བསྐངས་ཡོད་པ་དང་། འདིས་ཕྱིས་འབྱུང་གི་རྒྱལ་རོང་ཡུལ་གྱི་ཆོས་ལུགས་རིག་གནས་དང་། ལོ་རྒྱུས། སྐད་བརྡ། ཡུལ་སྲོལ་གོམས་གཤིས་བཅས་རྒྱུན་འཛིན་དང་དར་སྤེལ། ཡང་ན་ཞིབ་འཇུག་བྱེད་པ་སོགས་ལ་རྒྱུ་ཆ་ཕུན་སུམ་ཚོགས་པ་མཁོ་འདོན་གནང་ཡོད་ཚུལ་ཐད་ནས་གདེང་འཇོག་ཆེན་པོ་གནང་།ynA

640.webp (9).jpg ynA

སྔོན་རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི། 《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་གཙོ་སྒྲིག་པ་སེང་གེ་འབུམ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (10).jpgynA

《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་གཙོ་སྒྲིག་པ། མཁས་དབང་ཆེན་མོ་བཙན་ལྷ་ངག་དབང་ཚུལ་ཁྲིམས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (11).jpgynA

རྒྱལ་རོང་ཆུ་ཆེན་མཚོ་སྟེང་དགོན་པའི་སྤྲུལ་སྐུ།《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་བློ་འདྲི་ཡུལ་གཤེན་རྒྱལ་བསྟན་འཛིན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (12).jpgynA

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། བོད་རིག་པའི་མཁས་དབང་ཆེན་མོ་ཐུབ་བསྟན་ཕུན་ཚོགས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (13).jpgynA

《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་གཙོ་སྒྲིག་པ་གཞོན་པ་ཚེ་དབང་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (14).jpgynA

རོང་བྲག་གཡུང་དྲུང་དར་རྒྱས་གླིང་གི་སྤྲུལ་སྐུ། 《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་གཙོ་སྒྲིག་པ་གཞོན་པ་ནམ་མཁའ་ཚུལ་ཁྲིམས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (15).jpgynA

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ། རྒྱལ་རོང་ལོ་རྒྱུས་རིག་གནས་ཞིབ་འཇུག་པ་ཤར་པ་ཐོགས་མེད་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (16).jpgynA

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཚེ་རིང་འགྱུར་མེད་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (17).jpg ynA

སི་ཁྲོན་ཞིང་ཆེན་རྒྱལ་ཁོངས་ཐོན་ཁུངས་ཐིང་གི་ཚན་རྩལ་དང་སྤྱི་ཕྱོགས་མཉམ་འབྲེལ་ཁྲུའུ་ཡི་ཁྲུའུ་ཀྲང་།《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་རྩོམ་སྒྲིག་ཚོགས་མི་ཏཱ་རེ་སྐྱིད་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (18).jpgynA

རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ།《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་རྩོམ་སྒྲིག་ཚོགས་མི་སྒྲོལ་དཀར་སྐྱིད་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (19).jpgynA

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སློབ་གཙོ་གཞོན་པ། 《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་རྩོམ་སྒྲིག་ཚོགས་མི་ཚེ་རིང་རྡོ་རྗེས་གསུང་བཤད་གནང་བཞིན་པ།ynA

640.webp (20).jpgynA

སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཆེན་མོ།《ཤར་རྒྱལ་མོ་ཚ་བ་རོང་གི་ལོ་རྒྱུས་དང་རིག་གནས་དཔེ་ཚོགས》ཀྱི་རྩོམ་སྒྲིག་ཚོགས་མི་ཆོས་ཉིད་རྡོ་རྗེ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (21).jpgynA

སི་ཁྲོན་མི་རིགས་སློབ་ཆེན་གྱི་བོད་རིག་པའི་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་གཡུ་འབྲུག་མཚོ་མོ་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (22).jpgynA

ལྷོ་ནུབ་མི་རིགས་སློབ་ཆེན་གྱི་དགེ་རྒན། རྒྱལ་རོང་ལོ་རྒྱུས་རིག་གནས་ཞིབ་འཇུག་པ་ཆོས་ནོར་ལགས་ཀྱིས་གསུང་བཤད་གནང་བཞིན་པ།ynA

640.webp (23).jpgynA

སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་སྐྲུན་ལྟེ་གནས་ཀྱི་རྩོམ་སྒྲིག་པ་རྣམས་ཚོགས་ཞུགས་བྱས་པའི་རྣམ་པ།ynA

དཔེ་ཚོགས་འདིར་དེ་ཡང་བོད་རིག་པ་ཞིབ་འཇུག་ཅེས་གྲགས་སྙན་འཛམ་གླིང་གི་ཐ་གྲུ་ཀུན་ལ་ཁྱབ་ཡོད་ཀྱང་། བོད་ཀྱི་གནའ་བོའི་ཞང་ཞུང་རིག་གནས་དར་བའི་ལུང་པ་སྟེ་ཤར་རྒྱལ་མོ་ཚ་བ་རོང་གི་རིག་གནས་སྐོར་ནས་དཔྱད་གཞིའི་ཡིག་ཆ་དཔར་དུ་བཏབ་པ་དང་ཉམས་ཞིབ་བགྱིས་པ་ཤིན་ཏུ་ཉུང་བ་དང་།མཁས་རློམ་ཅན་མང་པོས་ལོ་རྒྱུས་འཁྱོག་བཤད་དང་གང་བྱུང་བབ་ཅོལ་དུ་སྨྲ་བའི་བྱེད་སྟངས་ལ་དམིགས་ནས། རིག་གནས་འཛུགས་སྐྲུན་དང་འཕེལ་རྒྱས་གཏོང་བའི་ལས་གཞི་རླབས་ཆེན་འདི་ཉིད་༢༠༠༦ལོ་ནས་འགོ་བརྩམས་པ་ཡིན་ལ། སྔ་ཕྱིར་བགྲང་བྱ་བཅུ་གཉིས་ལྷག་གི་རིང་མ་ཕྱི་འཚོལ་སྡུད་དང་དག་སྒྲིག ལོ་ཙཱ་བཅས་ཀྱི་ལས་ཀ་ལེགས་པར་གྲུབ་སྟེ། ད་ལམ་པོད་བཅུ་ཡི་བདག་ཉིད་ཅན་གྱི་དཔེ་ཚོགས་འདི་ཉིད་བློ་ལྡན་དོན་གཉེར་ཅན་དག་གི་བསོད་ནམས་ཀྱི་བགོ་སྐལ་དུ་འབུལ་ཐུབ་པ་བྱུང་བས་ཀུན་ལ་ཕན་པར་གྱུར་ཅིག་གུ།ynA

 640.webp (24).jpgynA

ཚོགས་ཞུགས་པ་ཡོངས་ཀྱི་མཉམ་པར།ynA

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།