༄༅།། སློབ་ཆུང་བོད་སྐད་ཡིག་གི་ཤེས་བྱ་མུན་སེལ་སྒྲོན་མེ་འགྲེམ་སྤེལ་བྱེད་པའི་བརྡ་ཐོ།
སྤེལ་དུས།  2017-12-18  རྡེབ་ཚད།   ཡོང་ཁུངས། ཨ་མྱེས་རྨ་ཆེན་གྱི་འཕྲིན་སྟེགས།  རྩོམ་པ་པོ། བཀྲ་ཤིས་དར་རྒྱས།  རྩོམ་སྒྲིག་པ། lobsang

640.webp (1).jpgkdg

༄༅།། སྔོན་འགྲོའི་གཏམ།kdg

དེ་ཡང«སློབ་ཆུང་བོད་སྐད་ཡིག་གི་ཤེས་བྱ་མུན་སེལ་སྒྲོན་མེ»ཞེས་པ་འདི་བགྲང་བྱ་གསུམ་ལྷག་གི་རིང་ལྷག་བསམ་ཟོལ་མེད་ཀྱི་འབད་འབུངས་ལ་བརྟེན་ནས་ད་ལྟ་ཅུང་ཟད་ཆ་ཚང་སྤུས་ལེགས་ངང་ བསྐྲུན་གནང་ཐུབ་སོང་བར་ཁོ་བོས་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་བ་ཡིན།kdg

«སློབ་ཆུང་བོད་སྐད་ཡིག་གི་ཤེས་བྱ་མུན་སེལ་སྒྲོན་མེ»ཞེས་པ་འདི་གསར་དུ་སྒྲིག་རྩོམ་བགྱི་བའི་དམིགས་འབེན་གཙོ་བོ་ལོ་ངོ་མང་བོར་གཞི་རིམ་ནས་དགེ་རྒན་བྱས་མྱོང་བས་འདི་ལྟ་བུའི་དཔྱད་གཞི་ཞིག་མེད་དུ་མི་རུང་བར་མཐོང་བ་དང་། སྐད་ཡིག་གང་ཞིག་ལ་སྦྱངས་པ་བྱེད་པོ་དེར་སྐད་ཡིག་གང་དེའི་ རྨང་གཞིའི་ཤེས་བྱ་སྲ་བརྟན་ཞིག་ངེས་པར་མཁོ་བ། སློབ་གསོའི་གོ་རིམ་ཁྲོད་ནས་སློབ་མ་ཆུང་འབྲིང་ གི་སྐད་ཡིག་རྨང་གཞི་དེ་སྲོག་གི་གཟུངས་ཐག་ལྟ་བུར་ཆགས་འདུག་པ། འདི་ཡང་མེ་ཏོག་ཆུང་རུང་ ལྷ་རྫས་དང་གུར་གུམ་ཆུང་རུང་སྨན་རྫས་ཀྱི་ཚུལ་དུ་བོད་ཀྱི་རིག་གནས་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་གཏོང་བའི་ཀུན་སློང་དཀར་བོ་སྔོན་དུ་བཏང་བ་དང་། དཔྱད་གཞི་འདི་རྩོམ་སྒྲིག་བགྱིད་ པའི་སྐབས་སུ་གྲ་རྒྱས་སྤུས་དག་ཅིག་ཡོང་བའི་ཆེད་རང་ནུས་ཅི་ལྕོགས་ཀྱིས་བོད་རྒྱ་གཉིས་ཀྱི་འབྲེལ་ཡོད་དཔྱད་གཞི་མང་བོར་ཟུར་ལྟ་དང་། ཆེད་མཁས་པ་མང་བོ་གདན་འདྲེན་ཞུས་ནས་གྲོས་བསྡུར་བྱས་པ་ ཡིན། གཞན་ཡང་ལྗོངས་ཞིང་ལྔའི་ཆུང་འབྲིང་སློབ་མའི་བསླབ་ཚན་ཚད་གཞིར་དཔེ་ལྟ་བྱས་ཡོད་པས་ ན་བེད་སྤྱོད་ཀྱི་རིན་ཐང་མི་དམན་པ་ཞིག་ཡོད་པ་ཁོ་བོས་མགྲིན་པ་བཏེགས་ནས་སྨྲ་བར་སྤོབས།«སློབ་ཆུང་བོད་སྐད་ཡིག་གི་ཤེས་བྱ་མུན་སེལ་སྒྲོན་མེ»ཞེས་པ་འདི་ལ་ཐུན་མིན་གྱི་ཁྱད་ཆོས་ གཅིག་ནས་དེང་རབས་ཀྱི་སྔོན་ཐོན་རྒྱུགས་གཞི་སྒྲིག་སྟངས་ལྟར་སློབ་ཆུང་ལོ་རིམ་དང་བོ་ནས་དྲུག་པའི་བར་གྱི་ནང་དོན་བསྒྲིགས་ཡོད་པས་བསླབ་དེབ་དང་བར་ཐག་ཉེ་བ། གཉིས་ནས་ནང་དོན་གྱི་ཆ་ལ་ མཚོན་ན་གསལ་བྱེད་སུམ་ཅུའི་སྨྱུག་རིམ་འགོད་སྟངས་ནས་མགོ་བརྩམ་སྟེ་བོད་ཡིག་འབྲི་ཀློག་དང་བརྡ་སྤྲོད་རྒྱུན་ཤེས། རྩོམ་ཡིག་རྒྱུན་ཤེས། ལོ་རྒྱུས་རྒྱུན་ཤེས་ཀྱི་སྐོར། མངོན་བརྗོད་དང་གབ་ཚིག དཔེ་ཆོས་དང་གཏམ་དཔེ་སོགས། གཞན་ཡང་རྨང་གཞི་ཤེས་བྱ་ཡི་སྐོར་ནས་དོན་མཚུངས།  ལྡོག་ཟླ།  ཞེ་ཚིགགྲངས་འདྲེན་སོགས་སྒྲིག་རྩོམ་བགྱིས་ཡོད་པས་སློབ་མ་དང་བར་ཐག་ཉེ་བ། གསུམ་ནས་སྒྲིག་ སྟངས་ཀྱི་ཐད་གཙོ་ཆེར་དྲི་བ་དྲིས་ལན་གྱི་ཐབས་ལམ་བཀོལ་ཡོད་པས་ཆུང་འབྲིང་སློབ་མའི་བསམ་པའི་འཁྱེར་སོ་དང་མཐུན་ཞིང་ལྟ་ཀློག་བྱེད་པའི་རིན་ཐང་བླ་ལྷག་ལྡན་པའི་ཁྱད་ཆོས་བཅས་སོ།།kdg

མཇུག་མཐར་རྣམ་དཔྱོད་ཀྱི་འཇུག་པ་ཡངས་པའི་ཀློག་མཁན་རྣམས་ཀྱིས་དགོངས་འཆར་ལྷུག་ པོར་གནང་པའི་རེ་བ་ཆེའོ།།kdg

ཞེས་གཙོས་བོད་རིགས་སློབ་འབྲིང་གི་དགེ་མིང་འཛིན་པ་མགོན་པོ་ཚེ་བརྟན་གྱིས།kdg

 ༢༠༡༦ལོའི་ཟླ་༡བོའི་ཚེས་༢༤ཉིན་སྦྱར་བ་དགེའོ།kdg

640.webp (2).jpgkdg

640.webp (3).jpgkdg

640.webp (4).jpgkdg

640.webp (5).jpgkdg

ད་ལྟ་སློབ་ཆུང་སློབ་མར་ཉེ་བར་མཁོ་བའི་བསྐྱར་སྦྱང་དཔེ་དེབ་༼   སློབ་ཆུང་བོད་སྐད་ཡིག་གི་ཤེས་བྱ་མུན་སེལ་སྒྲོན་མེ༽  ཞེས་པ་དེ་ཡང་བསྐྱར་ཁྱེད་རྣམ་པའི་མིག་སྔར་འགྲེམ་སྤེལ་བྱ་ཐུབ་སོང་བས། ཚང་མས་གང་མཁོ་ལྟར་འབྲེལ་བ་གནང་རོགས་ཞུ། བྱ་བའི་ལས་བྲེལ་དང་རྒྱུ་རྐྱེན་གང་མང་གིས་དུས་ལྟར་དགོས་མཁོ་སྐོངས་མ་ཐུབ་པས་དགོངས་དག་ཡང་ནས་ཡང་དུ་ཞུ། འབྲེལ་གཏུག་ཁ་པར། 13893958870kdg

640.webp (6).jpgkdg

མཇུག་གི་གཏམ།kdg

《སློབ་ཆུང་བོད་སྐད་ཡིག་གི་ཤེས་བྱ་མུན་སེལ་སྒྲོན་མེ》འདི་ནི་ལོ་ངོ་དུ་མའི་འབད་འབུངས་ལས་འཁྲུངས་པའི་གསར་སྐྱེས་ཀྱི་མྱུ་གུ་རྐང་གཅིག་སྟེ།     སྤྱི་ཚོགས་ཀྱི་མཐུན་རྐྱེན་འདུས་ཤིང་དང་དྲིན་ཆེན་ཕ་མའི་བརྩེ་སེམས་ཐིམ་ཡོད།      སློབ་དཔོན་དམ་པའི་བསླབ་བྱ་སྦྲུམ་ཡོད་ལ།       དགེ་གྲོགས་རྣམ་པའི་ཐུགས་ཁུར་དང་སློབ་བུ་རིམ་པའི་རམ་འདེགས་ཀྱི་བརྩེ་བ་དྲོན་མོའང་འཁྱིལ་ཡོད་ལགས།kdg

བློ་ལྡན་གྱི་སློབ་བུ་དང་རིགས་མཐུན་གྱི་སྤུན་ཟླ་ཚོ།             དཔེ་དེབ་འདི་ནི་གངས་རིའི་ཁོངས་གསེང་ནས་བརྡོལ་བའི་གངས་ཆུ་དྭངས་མོ་ཞིག་གམ།     ནགས་རིའི་བར་གསེང་ནས་བཞུར་བའི་རྫ་ཆུ་བསིལ་མ་ཞིག      ཡང་ན་སྤང་རིའི་ཡང་སྟེང་ནས་འབབ་པའི་གཙང་ཆབ་སྔོན་མོ་ཞིག་ཏུ་མ་ངེས་རུང་བདག་ལ་མཚོན་ན་ལྷག་བསམ་གྱི་འོ་མ་དང་མཛེས་སྡུག་གི་ལང་ཚོ་ཡིན།       བརྩོན་པ་ཡི་རི་མོ་དང་དད་འདུན་གྱི་མཆོད་པ་ཡིན།   ཡིན་ཡང་།    སྐབས་འདིར་སྐད་ཆའི་སྒྱུ་རྩལ་དང་ཚིག་གི་དག་ཆ།    ས་བཅད་བགོ་སྟངས།   དཀའ་སླའི་སྡེབ་ཚུལ་སོགས་ནས་མི་འདང་ས་དང་མ་བསྟུན་པའི་ཉེས་པ་གང་ཡོད་རྒྱ་ཆེའི་ཀློག་མཁན་སྤྱན་སྔར་མཐོལ་ཞིང་བཤགས་སོ༎kdg

དཔེ་དེབ་འདི་ནི་རྫོང་སློབ་གསོ་ཅུས་དང་སློབ་གྲྭའི་མ་དངུལ་གྱི་རོགས་སྐྱོར་འོག་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་སྔར་ཡང་དང་བསྐྱར་དུ་བཀྲམ་ཐུབ་སོང་བས་སེམས་བསམ་པའི་གཏིང་དང་གློ་མཆིན་པའི་བར་ནས་བཀའ་དྲིན་ཞུ་བ་ལགས།kdg

མཇུག་ཏུ།   གོ་ལ་ཟླུམ་པོའི་ཡང་སྟེང་ནས་ཀ་ཁའི་སྐྱེད་ཚལ་རྒྱས་ཤིང་བོད་པའི་བསམ་དོན་འགྲུབ་པ།   མི་རིགས་མཐུན་སྒྲིལ་ཡོང་ཞིང་འཛམ་གླིང་ཞི་བདེའི་ལམ་དུ་བསྐྱོད་པའི་བཀྲ་ཤིས་ཁ་གཡང་དང་བཅས་དགེའོ།།  kdg

 kdg

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།