༄༅།། 《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་པའི་བཀས་བཅད་ཚིག་མཛོད་》སང་ལོ་པར་བསྐྲུན་བྱ་འཆར་ཡོད།
སྤེལ་དུས།  2017-09-24  རྡེབ་ཚད།   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།   རྩོམ་པ་པོ། བྱམས་པས་བསྒྱུར།   རྩོམ་སྒྲིག་པ། lobsang

ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར།   ཟླ་9ཚེས་18ནས་19ཉིན་བར།   《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་པའི་བཀས་བཅད་ཚིག་མཛོད་》ཀྱི་མཐའ་མའི་དཔྱད་ཚོགས་དེ་ལྷ་སར་འཚོགས་པ་དང་།   པེ་ཅིང་བོད་རིག་པའི་ཞིབ་མཇུག་ལྟེ་གནས།   པེ་ཅིང་མི་རིགས་དཔེ་སྐྲུན་ཁང་།   ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་བོད་སྐད་ཚན་ཁག   ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུད།   ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ།   ཁམས་པའི་བརྙན་འཕྲིན་ལས་ཁུངས།   དེ་བཞིན་བོད་ལྗོངས་ནང་ཁུལ་གྱི་ཆེད་ལས་ལོ་ཙཱ་བ་རྒན་གྲས་མང་པོ་ཞིག་སྔོན་མའི་དཔྱད་བསྡུར་དང་མཐའ་མའི་དཔྱོད་ཚོགས་སུ་ཞུགས་པ་རེད།   LG7

《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་པའི་བཀས་བཅད་ཚིག་མཛོད་》དུ་བསྡུས་པའི་ཐ་སྙད་ནི།   བོད་རང་སྐྱོང་ལྗོངས་ཐ་སྙད་གསར་པའི་བཀས་བཅད་ལྷན་ཚོགས་ཀྱིས་ལོ་20རིང་བསྡུ་རུབ་དང་ཡིག་སྒྱུར།   ཞིབ་བཤེར་གཏན་འབེབས་བྱས་པའི་ནང་ཆབ་སྲིད་དང་དཔལ་འབྱོར།   སློབ་གསོ།   ཚན་རིག   དྲ་རྒྱའི་ཆ་འཕྲིན།   སྤྱི་ཚོགས་ཐ་སྙད་སོགས་ཕྱོགས་སོ་སོའི་ཐ་སྙད་གསར་པ་ཁྲི་གཅིག་ལྷག་ཙམ་ཟིན་ཡོད།   LG7

བོད་རང་སྐྱོང་ལྗོངས་བོད་སྐད་ཡིག་ཨུ་ལྷན་གྱི་ཏང་ཙུའུ་ཚོགས་མི།   ཀྲུའུ་རེན་གཞོན་པ།   རང་སྐྱོང་ལྗོངས་ཐ་སྙད་གསར་པའི་བཀས་བཅད་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་རྒྱལ་ཀྱིས་མཐའ་མའི་དཔྱད་ཚོགས་སྟེང་ངོ་སྤྲོད་བྱས་པ་ལྟར་ན།   ཉེ་བའི་ལོ་འགའི་རིང་རང་སྐྱོང་ལྗོངས་བོད་ཡིག་ཐ་སྙད་གསར་པའི་ཡིག་སྒྱུར་ཚད་གཞི་ལྷན་ཚོགས་ཀྱིས་ཐ་སྙད་གསར་བ་ཁྲི་གཅིག་ཉེ་བ་སྤྱི་བསྒྲགས་བྱས་པས།   བོད་སྐད་ཡིག་སྡེ་ཁག་དང་རིག་གནས་ཞིབ་འཇུག་པ།   རྒྱ་ཆེའི་ཀློག་པ་པོས་དགའ་བསུ་ཐོབ་པ་དང་།   སྤྱི་ཚོགས་ལས་རིགས་ཁག་གིས་རྒྱ་ཁྱབ་ཀྱིས་རྒྱབ་སྐྱོར་ཐོབ།   ཐེངས་འདིའི་ཚད་གཞི་དཔྱད་ཚོགས་ཀྱིས་མུ་མཐུད་དུ་ཐ་སྙད་གསར་པ་བཀས་བཅད་སྤྱི་བསྒྲགས་བྱས་པ་གཅིག་ཏུ་བསྡུས་ནས་《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་པའི་བཀས་བཅད་ཚིག་མཛོད་》པར་བསྐྲུན་བྱ་འཆར་ཡོད་པས།   ཐ་སྙད་གསར་པ་ཚད་ལྡན་ཡིག་སྒྱུར་བྱེད་པ་དང་རྒྱ་ཁྱབ་ཀྱིས་གཅིག་གྱུར་དུ་བཀོལ་སྤྱོད་བྱེད་པར་སྐུལ་འདེད་དང་ཀློག་པ་པོར་དགེ་མཚན་ཤིན་ཏུ་ཆེ།   ལྷག་པར་དུ།   རྒྱ་ཆེའི་ཞིང་འབྲོག་མི་དམངས་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་སྐབས་དོན་ཆབ་སྲིད།   ཁྲིམས་ལུགས།   ཚན་རིག་རྒྱུན་ཤེས།   ཁྲོམ་རའི་ཆ་འཕྲིན་བཅས་མྱུར་མོར་རྒྱུས་ལོན་བྱེད་པ་དང་།   བོད་སྐད་ཡིག་ཚད་ལྡན་ཅན་དང་ཚད་གཞི་ཅན།   ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱེད་པར་དངོས་ཡོད་ཀྱི་དོན་སྙིང་ཆེན་པོ་དང་ཤུགས་རྐྱེན་རྒྱུན་རིང་གཏིང་ཟབ་ཡོད།   LG7

རྒྱུས་ལོན་བྱུང་བ་ལྟར་ན།   《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་པའི་བཀས་བཅད་ཚིག་མཛོད་》སང་ལོ་པར་བསྐྲུན་བྱ་འཆར་ཡོད། LG7

1.jpgLG7

《རྒྱ་བོད་ཤན་སྦྱར་ཐ་སྙད་གསར་པའི་བཀས་བཅད་ཚིག་མཛོད་》ཀྱི་མཐའ་མའི་དཔྱད་ཚོགས་ཀྱི་ཡུལ་དངོས། LG7

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།