༄༅།། སྲོལ་རྒྱུན་རྣམ་ཐར་《འགྲོ་བ་བཟང་མོ་》ཝུ་ཧན་གྲོང་ཁྱེར་གྱི་སློབ་ཆེན་དུ་འཁྲབ་སྟོན་བྱས་པ།
སྤེལ་དུས།  2017-09-23  རྡེབ་ཚད།   ཡོང་ཁུངས། མི་དམངས་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1.jpg3Dm

2.jpg3Dm

3.jpg3Dm

4.jpg3Dm

མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན་གྱི་དགོང་མོར། བོད་ལྗོངས་ཞོལ་དམངས་ཁྲོད་ལྷ་མོ་ཚོགས་པས་འཁྲབ་སྟོན་བྱས་པའི་སྲོལ་རྒྱུན་གྱི་རྣམ་ཐར་《འགྲོ་བ་བཟང་མོ་》ཞེས་པ་ཀྲུང་ནན་མི་རིགས་སློབ་ཆེན་གྱི་ཟློས་གར་ཁང་དུ་འཁྲབ་སྟོན་བྱས་པ་རེད། ཤེས་རྟོགས་བྱུང་གསལ་དུ། ཉེ་སྔོན་ཝུ་ཧན་གྲོང་ཁྱེར་དུ་2017ལོའི་རྒྱལ་ཡོངས་ས་གནས་ཀྱི་ཟློས་གར་འདུ་ཚོགས་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་། ཁྱོན་བསྡོམས་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་དྲུག་གི་ཟློས་གར་ཚོགས་པ་བཅུ་བདུན་ཞུགས་ཡོད་ལ། འཁྲབ་སྟོན་དུ་ཞུགས་པའི་ཟློས་གར་ཚང་མ་ས་ཁུལ་བཅོ་ལྔའི་ཟློས་གར་སྒྱུ་རྩལ་པ་ཡིན་པ་དང་། ཟློས་གར་བ་2000ལྷག་ཙམ་ཝུ་ཧན་གྲོང་ཁྱེར་དུ་འཛོམས་ཏེ་ཕན་ཚུན་སྤེལ་རེས་བྱས་ནས་མཉམ་དུ་ས་གནས་ཀྱི་ཟློས་གར་འཕེལ་རྒྱས་རྫོགས་ལྡན་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།3Dm

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།