༄༅།། ཁམས་པའི་བརྙན་འཕྲིན་གྱིས2017ལོའི་རྒྱ་བོད་སྐད་གཉིས་ཚོགས་ཆེན་ལེགས་འགྲུབ་བྱུང་།
སྤེལ་དུས།  2017-09-20  རྡེབ་ཚད།   ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།  རྩོམ་པ་པོ། ཚེ་རིང་གིས་བསྒྱུར།   རྩོམ་སྒྲིག་པ། lobsang

ཀྲུང་གོའི་བོད་ལྗོངས་དྲ་བའི་གསར་འགྱུར། ཟླ9པའི་ཚེས་17ཉིན་གྱི་དགོང་མོར་ཁམས་པའི་བརྙན་འཕྲིན་གྱིས “སྐད་གཉིས་ངོ་མཚར།། མཉམ་ངོམ་མཉམ་སྤྲོ།།”ཅེས་པའི་2017ལོའི་རྒྱ་བོད་སྐད་གཉིས་ཚོགས་ཆེན་བརྙན་འཕྲིན་གྱི་སྤྱིའི་རྟིང་རྩོད་བྱ་འགུལ་སི་ཁྲོན་རྒྱང་བསྒྲགས་བརྙན་འཕྲིན་ལས་ཁུངས་བདམས་ནས་བདེ་བླག་ངང་སྒྲ་སྡུད་ལེགས་གྲུབ་བྱུང་།drV

1.jpgdrV

ཏང་དང་རྒྱལ་ཁབ་ཀྱིས་སྐད་ཡིག་སྲིད་ཇུས་ཁྱབ་སྤེལ་ལག་བསྟར་དོན་འཁྱོལ་བྱས་ཏེ། བོད་ཁུལ་དུ་སྤྱོད་པའི་རྒྱལ་ཁབ་ཀྱི་སྐད་ཡིག་དང་བོད་ཀྱི་སྐད་དང་ཡི་གེ་སློབ་སྦྱོང་བེད་སྤྱོད་ཁྱབ་བརྡལ་དུ་བཏང་བ་དང་།   ཁམས་པའི་བརྙན་འཕྲིན་གྱིས་བདེ་བླག་ངང་སྐབས་དྲུག་པའི་རྒྱ་བོད་སྐད་གཉིས་འགྲན་བསྡུར་བྱེད་པའི་རྨང་གཞིའི་ཐོག “2017ལོའི་རྒྱ་བོད་སྐད་གཉིས་ཚོགས་ཆེན་”གྱི་རྣམ་པ་གསར་བའི་བགྲོད་ལམ་གྱི་སྒོ་གླེགས་ཡངས་པོར་ཕྱེས། drV

ཚོགས་ཆེན་དུ་གཏམ་བཤད་དང་འབྲི་རྩོམ། འཁྲབ་སྟོན་དང་མཉམ་འགུལ་གྱི་དྲིས་ལན་ཁ་བྱང་སོགས་ལ་བརྟེན་ནས་རྒྱ་སྐད་ཀྱི་གཏམ་དཔེ་དང་བོད་སྐད་ཀྱི་གཏམ་དཔེ་ལེགས་བཤད་འགྲན་བསྡུར་ལ་ཞུགས་མཁན་བདམས་ཐོན་བྱུང་པ་དང་།  ལྟད་མོ་བ་རྣམས་ལ་སྐད་གཉིས་ཀྱི་མྱོང་ཚོར་ཟབ་མོ་སྦྱིན་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་རིན་ཐང་གཏིང་ཟབ་མོ་དང་མི་རིགས་རིག་གནས་ཀྱི་ཐུན་མིན་ཁྱད་ཆོས་ཀྱི་ལྟད་མོ་རྣམ་པའི་ཡིད་དབང་མངོན་སུམ་དུ་འཕྲོགdrV

ཐེངས་འདིའི་སྐད་གཉིས་ཚོགས་ཆེན་ནི་བོད་ཁུལ་གྱི་ས་ཆ་སོ་སོའི་རྒྱ་བོད་སྐད་གཉིས་སློབ་གསོའི་གྲུབ་འབྲས་ལེགས་པོ་འགྲེམས་སྟོན་བྱས་པ་དང་།  གངས་ལྗོངས་ས་མཐོའི་འཇོན་མི་མང་བའི་རང་ཉིད་ཀྱི་ལང་ཚོའི་ཉམས་འགྱུར་ངོམས་སའི་གར་སྟེགས་སུ་གྱུར་ལ།  འབད་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་བཅུ་དགུ་བ་བསུ་བའི་གྲ་སྒྲིག་བྱས།drV

2.jpgdrV

ཚོགས་ཆེན་ནི་2017ལོའི་ཟླ6པར་ཕྱོགས་ཡོངས་ནས་འགོ་བརྩམས་པ་དང་།  བྱ་འགུལ་དུས་ཡུན་ཟླ་4ཡིན།  ཁམས་པའི་བརྙན་འཕྲིན་གྱིས་སྣེ་ཁྲིད་པ་དང་། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་ཁུལ་གྱི་ས་ཆ་སོ་སོ་དང་། འབྲེལ་ཡོད་མི་རིགས་སློབ་ཆེན་དང་མཉམ་འབྲེལ་བྱས་ཏེ་གཉེར་བ་མ་ཟད།  དྲ་རྒྱ་དང་གསར་དར་སྨྱན་སྦྱོར་དུ་དངོས་སུ་ལན་བཏབ།  ཚོགས་ཞུགས་དང་དྲ་ལམ་སོགས་བརྒྱུད་དེ་མི་ཁྲི་40ལྷག་ཙམ་བཀུགས་ནས་དྲ་ལམ་དུ་དོ་སྣང་ཆེན་པོ་བྱས། མི་ཁྲི11ལྷག་ཙམ་དེར་ཞུགས་ནས་དངོས་སུ་ལན་བཏབ། ཚོགས་ཆེན་གྱི་སྤྱི་ཚོགས་ལས་རིགས་ཁག་ཚ་ཚ་འུར་འུར་ངང་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་གྱི་རིག་གནས་ལ་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་དུ་བཅུག་པར་མ་ཟད།  བོད་ཁུལ་གྱི་སློབ་ཆེན་དང་དྲ་རྒྱ་ཚོགས་ར་ཡང་འུར་ཟིང་ཅན་དུ་ཆགས་པ་དང་། མཇུག་མཐར་བོད་ཁུལ་གྱི་གདམ་གསེས་དང་མཐོ་སློབ་གདམ་གསེས།  དྲ་རྒྱ་ཚོགས་ར་གདམ་གསེས་བརྒྱུད་དེ་། འགྲན་ཞུགས་པ་20ལྷག་ཛ་དྲག་ཆེ་བའི་འགྲན་རྩོད་ཁྲོད་བདམས་ཐོན་བྱུང་པ་དང་།  བདེ་བླག་ངང་སྐབས་འདིའི་“རྨད་བྱུང་གི་སྐད་གཉིས།  དགའ་སྤྲོ་ཡི་མཉམ་བསྐྱོད།” ཅེས་པའི་ཁམས་པའི་བརྙན་འཕྲིན་གྱི་2017ལོའི་རྒྱ་བོད་སྐད་གཉིས་ཚོགས་ཆེན་གྱི་སྤྱིའི་རྟིང་རྩོད་ཀྱི་རྒྱལ་ཁའི་ཨང་རིམ་བརྩད།drV

3.jpgdrV

ཐེངས་འདིའི་སྐད་གཉིས་ཚོགས་ཆེན་བརྙན་འཕྲིན་གྱི་སྤྱིའི་རྟིང་རྩོད་དུ་ཞུགས་པ་དག་གིས་གཏམ་དཔེ་དང་བོད་སྐད་ཀྱི་གཏམ་དཔེ།  ལེགས་བཤད་ཀྱི་ཤེས་བྱ་ལ་ཡུལ་དངོས་ནས་ལན་བཏབ་པ་དང་།  བྱ་དགའ་ཨང་དང་པོ་གཅིག་དང་བྱ་དགའ་གཉིས་པ་གཉིས།  བྱ་དགའ་ཨང་གསུམ་པ་བཞི།  བྱ་དགའ་ཨང་བཞི་བ་བཅུ་གསུམ།  དེའི་ཁྲོད་མི20ལྷག་འགྲན་བསྡུར་ལ་ཞུགས་པ་དང་།  དེའི་ཁྲོད་ནས་མི་4བདམས་ཐོན་བྱུང་བ་དང་།  མཇུག་མཐར་མི་7བདམས་ཐོན་བྱུང་བ་བཅས་ཀྱི་འགྲན་རྩོད་དང་པོ་དང་གཉིས་པ། བྱ་དགའ་ཨང་གསུམ་པ་ཐོབ་པར་གྲ་སྒྲིག་བྱེད་མགོ་བརྩམས།drV

4.jpgdrV

སྤྱིའི་འགྲན་བསྡུར་གྱི་ཡུལ་དངོས་སུ།  བདམས་ཐོན་པ་རྣམས་ཀྱིས་སྟོབས་ཤུགས་ཀྱིས་ཁེངས་པའི་སྒོ་ནས་བབ་བརླིང་ངང་ལན་འདེབས་པ་དང་། ཡིད་ཆེས་ཀྱིས་ཁེངས་པའི་འཛུམ་མདངས་ཀྱིས་ལྟད་མོ་བ་ཚང་མར་བག་ཆགས་ཟབ་མོ་བཞག  འགྲན་བསྡུར་ཛ་དྲག་ཆེ་ལ་ཡིད་དབང་འཕྲོག་པ་ཞིག་རེད།  གདན་ཞུ་བྱེད་པའི་དཔྱད་འདེམས་དག་དག་གི་དཔྱད་གླེང་གི་ཚིག་ཉུང་ལ་དོན་སྙིང་ལྡན། ལྟད་མོ་བའི་དགའ་བསུའི་ཐལ་མོའི་བར་མི་ཆོད། ཚོགས་ཆེན་གྱི་སྣེ་ཁྲིད་ནས་ཚང་མས་བསྐྱར་དུ་ཀྲུང་ཧྭའི་གཏམ་དཔེ་དང་བོད་སྐད་ཀྱི་གཏམ་དཔེ་ལེགས་བཤད་དང་ལྷན་དུ་ལེགས་འགྲུབ་བྱུང་བ་དང་།  ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག།drV

རྒྱུས་ལོན་བྱས་པ་ལྟར་ན།  ཟླ་10ཚེས་1ཉིན་ནས་ཚེས3་ཉིན་ནི་ཁམས་པའི་བརྙན་འཕྲིན་བརྒྱུད་དེ་རྒྱ་ཆེའི་ལྟད་མོ་རྣམས་ལ་སྐད་གཉིས་ཀྱི་གསོལ་སྟོན་ཆེན་མོ་ཞིག་གཟབ་རྒྱས་ངང་བཤམས་རྒྱུ་རེད།   drV

 drV

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།