༄༅།། ཚྭ་ཁའི་ཚྭ་མཚེའུ་ལ་གདོད་མའི་མི་རིགས་རིག་གནས་ཀྱི་ཉིང་བཅུད་སྒྲོན་ཡོད།
སྤེལ་དུས།  2017-08-30  རྡེབ་ཚད།   ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།   རྩོམ་པ་པོ། ལོ་ཙཱ་བ། ཁོན་ཐར་འཚོ།   རྩོམ་སྒྲིག་པ། lobsang

10048714_999542.pngR2w

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ༨པའི་ཚེས༢༥ཉིན་ལ་དྭངས་གཙང་ཆུ་མོ་ཤར་དུ་འབབ་པ་སྟེ་༢༠༡༧ལོའི་རྒྱལ་ཡོངས་སྨྱན་བྱད་ཆེ་གྲས་རྣམས་ཀྱིས་མཚོ་སྔོན་ལ་ལྟ་བ་ཞེས་པའི་བཅར་འདྲི་ཚོགས་པས་ཀྲུང་གོའི་ཆེས་ཡིད་དུ་འོང་བའི་མཚོ་མོ་མཚོ་སྔོན་པོའི་མཛེས་པ་ཉམས་སུ་མྱངས་རྗེས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དབུས་ལམ་ཚྭ་ཁ་གྲོང་རྡལ་དུ་འབྱོར་ནས་ལྷའི་མེ་ལོང་དུ་འབོད་པའི་ཚྭ་མཚེའུ་ལྟ་བས་མི་ངོམ་པའི་མཛེས་སྡུག་ལ་ཉམས་སུ་མྱོང་འགོ་བརྩམས།R2w

10048715_514592.pngR2w

10048716_443471.pngR2w

ཉིན་དེའི་དགོང་དྲོར། ལྷའི་མེ་ལོང་རིག་རྩལ་འཁྲབ་སྟོན་ལྟེ་གནས་སུ་སྡོད་པའི་ལའེ་ཀའོ་ཆིན་རིག་གནས་ཁྱབ་སྤེལ་ཀུང་སིས་དེར་ཕེབས་ཀྱི་སྨྱན་བྱད་གསར་འགོད་པ་རྣམས་ལ་གདོད་མའི་མི་རིགས་ཀྱི་གླུ་གར་འཁྲབ་སྟོན་བྱས། རིག་གནས་ནི་ཡུལ་སྐོར་གྱི་སྲོག་སྙིང་ལྟ་བུ་ཡིན་པས། ཀུང་སི་དེས་ལྷའི་མེ་ལོང་རིག་རྩལ་འཁྲབ་སྟོན་ཚོགས་པ་འཛུགས་དུས་མི་རིགས་གདོད་མའི་གླུ་གར་གྱི་ཉིང་བཅུད་བསྡུ་བ་ལ་ཧུར་བརྩོན་ཆེན་པོ་བྱས་ནས་ཐུན་མོང་མ་ཡིན་པའི་མི་རིགས་གླུ་གར་དང་ཕུལ་དུ་བྱུང་བའི་རིག་རྩལ་བརྩམས་ཆོས་མང་པོ་ཞིག་བརྩམས་ཡོད་ཅིང་། དེ་དག་གིས་མཚོ་བོད་མཐོ་སྒང་གི་གཏིང་མཐའ་བྲལ་བའི་རིག་གནས་ངོམ་སྟོན་དང་ངོ་མཚར་བའི་མཚོ་ནུབ་དྲིལ་སྒྲོག་བྱས་ནས་ཚྭ་འདམ་གཞུང་རྟགས་ཅན་གྱི་ཡུལ་སྐོར་གྲུ་གཟེངས་འདི་ལ་རམ་འདེགས་བྱས་ཡོད་པས་ཚྭ་ཁ་ཚྭ་མཚེའུ་ལ་རིག་གནས་ཀྱི་ཉིང་ཁུ་བཅོས་མིན་ཞིག་སྒྲོན་འདུག །R2w

10048717_993809.pngR2w

10048718_630443.pngR2w

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།