༄༅།། བྲག་དཀར་རྫོང་བཅའ་སྡོད་སློབ་ཆུང་གཉིས་པས་སློབ་ཁྲིད་དཔྱད་སྡུར་བྱ་འགུལ་སྤེལ།
སྤེལ་དུས།  2018-01-03  རྡེབ་ཚད།   ཡོང་ཁུངས། བྲག་དཀར་རྫོང་ཉི་ཟེར་སྲིད་དོན་གཞུང་ལས་ཁང་།   རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

640.webp.jpg4kR

སྤྱི་ཟླ12པའི་ཚེས18ནས27ཉིན་བར་ལ་བྲག་དཀར་རྫོང་མི་རིགས་བཅའ་སྡོད་སློབ་ཆུང་གཉིས་པའི་འགོ་ཁྲིད་རྣམ་པའི་རོགས་རམ་དང་རྒྱབ་སྐྱོར་འོག བོད་ཡིག་ཁྲིད་དཔྱོད་ཁང་གིས་གཙོ་སྒྲུབ་བྱས་ཏེ་བོད་ཡིག་དགེ་རྒན་རྣམས་ལ་ལོ་རིམ་བཞི་པའི《བྱིས་པ་གཞུང་དྲང་ཞིག》ཅེས་པའི་སློབ་ཚན་དེ་སྨྱན་མང་གཟུགས་སྤྱད་ནས་ཁྲིད་གཅིག་དཔྱད་སྡུར་གྱི་སློབ་ཁྲིད་ལ་ཉན་པའི་བྱ་འགུལ་སྤེལ། ཚེས18ཉིན་གྱི་ཕྱི་དྲོར་བོད་ཡིག་དགེ་རྒན་ཡོངས་སྒྲ་སྡུད་སློབ་ཁང་དུ་འཛོམས་ཏེ་ཚན་ཁག་བཞི་རུ་བཀར་ནས་སོ་སོས་ཐུན་མོང་སློབ་ཁྲིད་གྲ་སྒྲིག་གི་ཟིན་བྲིས་བཏབ་རྗེས། ཚེས19ཉིན་གྱི་ཕྱི་དྲོར་སློབ་ཁྲིད་དགེ་རྒན་དག་གིས་རང་རང་གི་ཁྲིད་བྱ་བཤད་པ་དང་།  དགེ་རྒན་ཡོངས་ནས་དེར་དཔྱད་འཇོག་དང་ཉམས་མྱོང་བཟང་བོ་བརྗེ་སྤེལ་བྱས་ནས་སློབ་ཁྲིད་རྒྱུ་སྤུས་དོ་དམ་དང་སྤུས་ཚད་མཐོར་འདེགས་སུ་གཏོང་བའི་ཐད་ནས་གཡུར་དུ་ཟ་བའི་འབྲས་བུ་ལོན་པར་སྐུལ་འདེད་བཏང་བ་དང་། སྙིགས་དོར་བཅུད་ལེན་གྱིས་རང་གི་ལས་རིགས་ཀྱི་ཆུ་ཚད་ཇེ་མཐོར་དང་། སློབ་ཁྲིད་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བའི་ཐབས་ལམ་གྱི་ཐད་ནས་གྲུབ་འབྲས་མི་དམན་པ་བླངས། 4kR

640.webp (1).jpg4kR

བོད་ཡིག་དགེ་རྒན་ཡོངས་ནས་ཟིན་བྲིས་དང་ཁྲིད་ཆས་གཉིས་སྤྱད་དེ《བྱིས་པ་གཞུང་དྲང་ཞིག》ཅེས་པའི་སློབ་ཚན་གྱི་གཅིག་གྱུར་གྱི་ཟིན་བྲིས་དང་སྨྱན་མང་གཟུགས་ཁྲིད་ཆས་གྲ་སྒྲིག་བྱས་མཐར།  ཚེས26དང་ཚེས27སྟེ་ཉིན་གཉིས་ཀྱི་རིང་ལ་སློབ་ཁྲིད་དགེ་རྒན་དག་གིས་རང་རང་གི་ཁྲིད་ཐབས་དང་བྱེད་ཐབས་སྣ་ཚོགས་བཀོལ་ནས་སློབ་མའི་རྒྱུད་ལ་བུམ་པ་གང་བྱོའི་ཚུལ་དུ་ཤེས་བྱ་འཇོག་པར་འབད་པ་གང་ལེགས་བྱས། 4kR

 640.webp (2).jpg4kR

ཐེངས་འདིའི་སློབ་ཁྲིད་བྱ་འགུལ་སྤེལ་བར་བརྟེན་དགེ་རྒན་ཚོས་ཉམས་མྱོང་སྡུད་ལེན་བྱས་ནས་རང་རང་གི་སློབ་ཁྲིད་ཀྱི་ཁ་ཕྱོགས་ལེགས་བཅོས་དང་།  སློབ་ཁྲིད་གསར་བའི་དགོངས་དོན་རྟོགས་པར་བྱས་ཏེ་ཕྱོགས་ཡོངས་ནས་སློབ་ཁྲིད་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་འགྲོ་བར་དོན་སྙིང་ཆེས་ཆར་ལྡན།4kR

4kR

4kR

4kR

4kR

4kR

4kR

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།