༄༅།། ཨ་མའི་རེ་བ་ཐེབས་རྩ་ཚོགས་པས་རོང་བོ་བཅའ་སློབ་གྲྭར་རོཊ་སྐྱོར་བྱས་པ།
སྤེལ་དུས།  2017-12-29  རྡེབ་ཚད།   ཡོང་ཁུངས། ཐུ་བྷོད།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

2017ལོའི་རེབ་གོང་ཨ་མའི་རེ་བ་དགེ་རྩ་ཚོགས་པས་རོང་བོ་བཅའ་སྡོད་སློབ་གྲྭའི་སློབ་མ་ཡོངས་ལ་དགུན་ལྭ་གནང་སྦྱིན་བྱས་པ།sN7

640.webp.jpgsN7

གཞན་ཕན་གྱི་ལྷག་བསམ་བླ་ན་མཐོ་བའི་སྦྱིན་བདག་ཆེན་མོ་པདྨ་རིག་འཛིན་ལགས་གཙོ་བྱས་པའི་རེབ་གོང་ཨ་མའི་རེ་བ་དགེ་རྩ་ཚོགས་པའི་ཚོགས་མི་རྒན་རྒྱ་མཚོ་དང་བོའུ་ཞའོ་ཅེན་སོགས་ཀྱིས་དམངས་སྒོར85314བཏང་ནས་རོང་བོ་བཅའ་སྡོད་སློབ་གྲྭའི་སློབ་མ་ཡོངས་ལ་དགུན་ལྭ་བར་ཚངས་ཅན723བཟོས་པ་དང་། sN7

640.webp (1).jpgsN7

སྤྱི་ལོ2017ལོའི་ཟླ་12པའི་ཚེས18ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་སློབ་མའི་དགུན་ལྭ་སྦྱིན་པའི་མཛད་སྒོ་རོང་བོ་བཅའ་སྡོད་སློབ་གྲྭ་ནས་སྤེལ།sN7

640.webp (2).jpgsN7

མཛད་སྒོའི་སྟེང་རེབ་གོང་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀླུ་འབུམ་རྒྱ་མཚོ་དང་རྫོང་སློབ་དཔྱོད་ཁང་གི་ཀྲུའུ་རིན་ཤ་བོ་ཚེ་རིང་། རེབ་གོང་ཨ་མའི་རེ་བ་དགེ་རྩ་ཚོགས་པའི་ཚོགས་མི་ལྷན་རྒྱས་བཅས་ཞུགས།sN7

640.webp (3).jpgsN7

རེབ་གོང་རྫོང་སློབ་གསོ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀླུ་འབུམ་རྒྱ་མཚོ་ལགས་ཀྱིས་མཛད་སྒོའི་སྟེང་གཏམ་བཤད་སྤེལ་བཞིན་པ།sN7

640.webp (4).jpgsN7

རེབ་གོང་ཨ་མའི་རེ་བ་དགེ་རྩ་ཚོགས་པའི་ཚོགས་མི་པདྨ་རིག་འཛིན་ལགས་ཀྱིས་གཏམ་བཤད་སྤེལ་བཞིན་པ།sN7

ཁོས་བཤད་རྒྱུར། ངས་འདི་ལྟར་ལོ་རེ་རེར་བཞིན་རེབ་གོང་ས་ཁུལ་གྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ལ་རོགས་སྐྱོར་བྱེད་དོན་ནི།  ཁྱོད་ཚོ་ནི་མེས་རྒྱལ་དང་མི་རིགས་ཀྱི་མ་འོངས་པའི་བདག་པོ་ཡིན་པས། ཁྱོད་ཚོས་དུས་ནམ་ཡང་ཕ་མ་དང་དགེ་རྒན། སྤྱི་ཚོགས་ཀྱི་ཁྲོད་ནས་རྒྱབ་སྐྱོར་ཐོབ་པའི་མི་སྣ་མང་པོ་ཞིག་གི་རེ་བ་སྟོང་ཟད་དུ་མི་གཏོང་བར་སློབ་སྦྱོང་ལ་འབད་པ་བྱས་ཏེ། རྗེས་ཕྱོགས་མི་རིགས་དང་ཁྱིམ་ཚང་ལ་ཕན་ཐོགས་པའི་མི་བུ་བཟང་བོ་ཞིག་འཁྱོངས་དགོས་ཞེས་ནན་གྱིས་བཤད། sN7

640.webp (5).jpgsN7

རོང་བོ་བཅའ་སྡོད་སློབ་གྲྭའི་སློབ་གཙོ་དཔའ་མཁར་ཚེ་རིང་ལགས་ཀྱིས་གཏམ་བཤད་སྤེལ་བཞིན་པ།sN7

640.webp (6).jpgsN7

རོང་བོ་བཅའ་སྡོད་སློབ་གྲྭའི་དགེ་སློབ་རྣམས་ཀྱིས་ཁོང་རྣམ་པ་ཀུན་གྱི་བླ་མེད་ཀྱི་མཛད་འཕྲིན་དང་གཞན་ཕན་གྱི་བསམ་སྤྱོད་ལ་རྗེས་སུ་ཡི་རང་དང་བཅས་དྲི་མེད་ཀྱི་ལྷ་རྫས་ཁ་བཏགས་དཀར་པོ་དགུང་ལ་བཏེགས་ཏེ་བཀའ་དྲིན་སྙིང་ནས་ཞུས་པ་རེད།sN7

640.webp (7).jpgsN7

ཁོང་རྣམ་པ་ཀུན་གྱི་ཐེངས་འདིའི་རྣམ་དཀར་དགེ་ལེགས་ཀྱི་ལས་བཟང་བོ་འདིས་ང་ཚོ་རེབ་གོང་ས་ཁུལ་གྱི་ཁྱིམ་ཚང་མང་པོ་ཞིག་གི་འཚོ་བའི་དཀའ་ཁག་ལ་རྒྱབ་རོགས་བྱས་ཡོད་པ་མ་ཟད། རོང་བོ་བཅའ་སྡོད་སློབ་གྲྭའི་ཁོར་ཡུག་ལ་དྭངས་གཙང་སྙོམས་འགྲིག་གི་རྣམ་པ་ཡག་པོ་ཞིག་བསྐྲུན།    sN7

640.webp (8).jpgsN7

འདིས་རོང་བོ་བཅའ་སྡོད་སློབ་གྲྭའི་དགེ་རྒན་དང་སློབ་མ་ཡོངས་ལ་སྔ་ན་མེད་པའི་གཞན་ཕན་གྱི་སེམས་བསྐྱེད་དང་སློབ་སྦྱོང་གི་བློ་སྤོབས་གསར་བ་ཞིག་བསྐྱེད་བྱུང་བ་རེད། གཞན་ཡང་སློབ་གྲྭ་འདིའི་སློབ་གྲྭའི་སློབ་གཙོ་དཔའ་མཁར་ཚེ་རིང་ལགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་སློབ་གསོའི་བདག་གཉེར་དང་དོ་དམ་ལ་རེ་བ་ནན་མོ་དང་ཐུགས་ཁུར་ཟབ་བཞེས་གནང་ནས་ཕྱི་ཕྱོགས་ལ་འབྲེལ་ལམ་མང་པོ་བརྒྱུད་དེ་སློབ་གྲྭའི་སློབ་སྒྲུབ་ཀྱི་ཐད་ལ་མཐུན་རྐྱེན་མི་དམན་པ་ཞིག་གནང་བ་དེས་རོང་བོ་བཅའ་སྡོད་སློབ་གྲྭའི་མ་འོངས་པའི་འཕེལ་རྒྱས་ལ་བགྲོད་ལམ་གསར་བ་ཞིག་བསྐྲུན་དང་སྐྲུན་བཞིན་ཡོད་འདུགsN7

640.webp (9).jpgsN7

རྗེས་མ་ནས་ཀྱང་སྦྱིན་བདག་པདྨ་རིག་འཛིན་ལགས་གཙོ་བྱས་རེབ་གོང་ཨ་མའི་རེ་བ་དགེ་རྩ་ཚོགས་པའི་ཚོགས་མི་ཡོངས་ཀྱི་སྐུ་ཚེ་རི་རྒྱལ་བཞིན་བརྟན་ཅིང་བྱ་གཞག་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།།sN7

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།