༄༅།། ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་དགེ་བཟོ་བའི་སྨྱན་ཆས་སྒྲིག་བཟོའི་འགྲན་སྡུར་སྤེལ།
སྤེལ་དུས།  2017-12-15  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། གཙང་སྐར་རབ་བརྟན།   རྩོམ་སྒྲིག་པ། lobsang

DSC02838.JPGLjF

DSC02803.JPGLjF

DSC02804.JPGLjF

DSC02807.JPGLjF

སློབ་གསོ་ནི་མིའི་རིགས་ཀྱི་ཡོན་ཚད་དང་།ཚན་རྩལ།གསར་གཏོད་ནུས་པ་མཐོ་རུ་འདེགས་པའི་ལམ་སྟོན་རྩ་བ་ཡིན་ལ་ཕྱོགས་ཡོངས་འཕེལ་རྒྱས་དང་ཡར་ཐོན་བརྩོན་ལེན་བགྱིས་པའི་གསོན་ཤུགས་ཤིག་ཀྱང་ཡིན།དེང་གི་དུས་འདིར་འཛམ་གླིང་སློབ་གསོར་དེང་རབས་བརྡ་འཕྲིན་ལག་རྩལ་ཡོངས་སུ་བཀོལ་པའི་རླབས་རྒྱུན་ཡར་ངོའི་ཟླ་ལྟར་འཕེལ་བཞིན་ཡོད་པས། རང་ཅག་དགེ་རྒན་དག་ལ་བརྡ་འཕྲིན་ལག་རྩལ་བེད་སྤྱོད་ཐུབ་པར་སྐུལ་སྤེལ་བཏང་སྟེ། དེང་རབས་སློབ་གསོའི་ལག་རྩལ་སློབ་ཁྲིད་ལས་བཀོལ་སྤྱོད་གང་བདེ་གང་ལེགས་དང་། རྨང་གཞིའི་སློབ་གསོའི་བསླབ་ཚན་གསར་བ་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་བ་དང་། དགེ་རྒན་ཚོའི་སྨྱན་མང་ཁྲིད་ཆས་བཟོ་སྒྲིག་བཀོལ་སྤྱོད་བྱེད་རྒྱུའི་ནུས་པ་ཇེ་མཐོར་དང་ སློབ་ཁྲིད་རྒྱུན་ལྡན་ལས་ཆ་འཕྲིན་ལག་རྩལ་ཕུན་ཚོགས་སུ་གཏོང་པ་དང་།དགེ་རྒན་ཚོས་སློབ་ཁྲིད་ཀྱི་སྨྱན་ཆས་སྒྲིག་བཟོའི་ཆུ་ཚད་དང་གློག་ཀླད་བཀོལ་པའི་ནུས་པ་མཐོ་རུགཏོང་ཆེད།  ༢༠༡༧ལོའི་ཟླ་༡༢བའི་ཚེས་༡༢ཉིན་ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་དགེ་བཟོ་བའི་སྨྱན་ཆས་སྒྲིག་བཟོའི་འགྲན་བསྡུར་སྤེལ་བ་ཡིན།LjF

DSC02808.JPGLjF

DSC02809.JPGLjF

DSC02811.JPGLjF

ཐེངས་འདིར་སྐད་ཡིག་དང་རྒྱ་ཡིག་གྲངས་རིག་དབྱིན་ཡིག་བཅས་བསླབ་ཚན་བཞི་ཡི་དགེ་རྒན་སྡོམ་པས་དགེ་རྒན་བཞི་བཅུ་ཞེ་ལྔ་ལྷག་འགྲན་སྡུར་དུ་ཞུགསཤིང་།ནང་དོན་ལ་སློབ་སྐབས་འདིའི་འཁྲིད་བྱ་ལས་ཆུ་ཚོད་གཉིས་ཀྱི་རིང་ལ་ཡུལ་དངོས་ནས་སློབ་ཐུན་གཅིག་གི་ནང་དོན་ཇུས་འགོད་དང་སྒྲིག་བཟོ་དང་སློབ་ཁྲིད་ཀྱི་ནང་དོན་ལ་དགོས་པའི་རྒྱུ་ཆ་དག་དྲ་སྟེང་ནས་འཚོལ་སྡུད་བྱ་ཆོག་པར་བྱས་ཡོད།  འགྲན་སྡུར་དེ་ཚ་ཚ་འུར་འུར་གྱི་ངང་འགོ་བརྩམས་བྱུང་ལ་འགྲན་ཞུགས་དགེ་རྒན་དག་གིས་བྱང་ཆུབ་པའི་ངང་ནས་ཡག་ཞིང་སྤུས་ལེགས་པའི་སྨྱན་ཆས་ཀྱི་རྒྱབ་གཟུགས་སྒྲིག་བཟོ་དང་དྲ་སྟེང་ནས་འོས་མཐུན་གྱི་ངང་ནས་ཐུན་ལ་དགོས་པའི་རྒྱུ་ཆ་དག་གང་མྱུར་ངང་བཙལ་ནས་སྨྱན་ཆས་སྒྲིག་བཟོ་བྱས་བྱུང་ལ།  སྒྲིག་བཟོ་བྱས་པའི་ནང་དོན་སློབ་ཐུན་གྱི་དགོས་མཁོ་དང་མཐུན་ཞིང་ཡི་གེ་དང་རི་མོ་ཟུང་སྦྲེལ་བྱས་ཏེ་ཐད་མཐོང་རང་བཞིན་ཆེར་ལྡན་པའི་སྨྱན་ཆས་བཟོས་འདུག་པས།  དེ་ལས་རང་རེའི་དགེ་རྒན་དག་གི་སྨྱན་ཆས་སྒྲིག་བཟོའི་ནུས་རྩལ་གོང་འཕེལ་དུ་སོང་བ་ཡང་གསལ་བོར་མཐོང་ཐུབ།     ཐེངས་འདིའི་འདུ་བྱེད་དེ་སློབ་སྟོན་ཁང་གིས་གཙོ་སྒྲུབ་བྱས་ཤིང་སློབ་གྲྭའི་འགོ་ཁྲིད་དང་སློབ་དཔྱོད་འགན་འཁྲི་བ་བཅས་ཀྱིས་དཔྱད་བསྡུར་ཚོ་ཆུང་གྲུབ་སྟེ་ཡུལ་དངོས་ནས་སྐར་མ་བརྒྱབ་ནས་དཔྱད་སྡུར་བྱས་མཐར་ཤུལ་མགོན་པོ་འཚོ་དང་དཔལ་མོ་འཚོ། ཆོས་སྐྱོང་སྐྱབས།  སྒྲོལ་མ་སྐྱིད་བཅས་ལ་ཨང་དང་བོ་བཞི་དང་། ཨང་གཉིས་པ་གསུམ།  ཨང་གསུམ་པ་གསུམ་བཅས་འདེམས་ཐོན་བྱུང་།LjF

DSC02815.JPGLjF

DSC02819.JPGLjF

DSC02831.JPGLjF

DSC02836.JPGLjF

སྨྱན་མང་ཁྲིད་ཆས་སྒྲིག་བཟོ་རུ་དགེ་རང་རང་གི་ཁྱད་ཆོས་ཐོན་དགོས་པ་མ་ཟད་ལག་ལེན་གྱི་རིན་ཐང་དང་། མཛེས་བཟོའི་ལག་རྩལ།  ཆ་འཕྲིན་བསྡུ་གསོག་གི་བྱེད་ནུས་སོགས་གཙོར་བཟུང་ནས་ཇུས་འགོད་བྱེད་དགོས་ལ། ཐེངས་འདིའི་སྨྱན་མང་ཁྲིད་ཆས་སྒྲིག་བཟོའི་འགྲན་སྡུར་དུ་དགེ་རྒན་རྣམ་པའི་རྩིས་འཁོར་བཀོལ་སྤྱོད་ཀྱི་བྱེད་ནུས་དང་སྒྲིག་བཟོའི་ཇུས་འགོད་ཀྱི་རིག་ལམ་སོགས་ལ་སྔོན་བཤེར་ཐེངས་གཅིག་བྱས་ཏེ་སྨྱན་མང་ཁྲིད་ཆས་སྒྲིག་བཟོའི་ལག་རྩལ་ཇེ་མཐོར་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་ལ།  ཐེངས་འདིའི་བྱ་འགུལ་བརྒྱུད་དེ་མུ་མཐུད་དུ་མཐོང་ཆེན་དང་ཤུགས་རྒྱག་དགོས་པའི་གནད་འགའ་ཡང་ལྷང་ལ་བུད་འདུག  ཁྲིད་ཆས་དཔྱད་འདེམས་བྱས་པ་བརྒྱུད་སྒྲ་དང་བརྙན་གཟུགས་ཀྱི་བཀོལ་སྤྱོད་ལ་བྱང་ཆ་མི་ལྡན་པར་ཆེས་སྤྱིར་བཏང་གི་སྒྲིག་སྦྱོར་ཙམ་གྱི་ཚད་ཙམ་འདུག  སྨྱན་མང་གཟུགས་བསླབ་ཆས་ཀྱི་འཆར་ངོས་དང་ཆགས་ཚུལ།ཚོན་མདོག་སྡེབ་སྟངས་སོགས་ངེས་པར་དུ་ཡང་དང་ཡང་དུ་ཇུས་འགོད་བྱས་ཏེ་ཡག་སྣང་གི་རེ་འདུན་དང་མཐུན་པར་བྱ་དགོས་པར་མ་ཟད་སྨྱན་མང་ཁྲིད་ཆས་ཇུས་འགོད་དང་བེད་སྤྱོད་སྐབས་སྨྱན་མང་གཟུགས་བསླབ་ཆས་ཀྱི་སྤྱོད་སྒོ་རང་བཞིན་ལ་དོ་སྣང་བྱེད་དགོས་པ་དང་།སྨྱན་མང་གཟུགས་ཁྲིད་ཆས་ནི་སློབ་ཁྲིད་ཀྱི་ནང་དོན་དེ་དགེ་སློབ་ཕན་ཚུན་བར་བརྡ་སྤྲོད་བྱེད་ཅིག་ཡིན་པའི་ཆ་ནས་དེའི་རིན་ཐང་གཙོ་བོའང་སློབ་ཁྲིད་ལ་ཞབས་འདེགས་ཞུ་བའི་གནད་དེའི་སྟེང་དུ་འབབ་དགོས་པར་འདུགLjF

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།