༄༅།། ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་ཁྱིམ་བདག་ཚོགས་འདུ་དང་ཁྱིམ་བདག་སློབ་གྲྭར་གཟིགས་ཞིབ་དུ་ཕེབས་པའི་འདུ་བྱེད་སྤེལ།
སྤེལ་དུས།  2017-12-06  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། གཙང་སྐར་རབ་བརྟན།  རྩོམ་སྒྲིག་པ། lobsang

DSC02463.JPG658

DSC02482.JPG658

DSC02486.JPG658

DSC02494.JPG658

DSC02496.JPG658

DSC02504.JPG658

DSC02507.JPG658

DSC02511.JPG658

DSC02513.JPG658

ངེད་སློབ་གྲྭས་ཁྱིམ་བདག་ཚོགས་འདུ་དང་ཁྱིམ་བདག་གིས་སློབ་གྲྭར་གཟིགས་ཞིབ་བྱེད་པའི་འདུ་བྱེད་དེ་ཟླ༡༢པའི་ཚེས༡ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་ཀྱི་སྟེང་མགོ་བརྩམས།  ཐོག་མར་སློབ་མའི་ཁྱིམ་བདག་རྣམ་པ་འཛིན་གྲྭའི་ཚོགས་འདུར་ཞུགས་ཤིང་། འཛིན་བདག་དགེ་རྒན་གྱིས་གཙོ་བྱས་པའི་བསླབ་ཚན་དགེ་རྒན་ཡོངས་ཚོགས་འདུར་ཞུགས།  དུས་ཡུན་ཆུ་ཚོད་གཅིག་གི་རིང་ལ་འཛིན་གྲྭ་སོ་སོ་ནས་ཁྱིམ་བདག་ལ་སློབ་གྲྭ་ངོ་སྤྲོད་དང་དགེ་རྒན་གྱི་དཔུང་སྡེ།  སློབ་བསྒྲུབས་ཀྱི་ཁ་ཕྱོགས།  སློབ་གྲྭའི་ཆ་རྐྱེན་དང་སློབ་མའི་ཉིན་གཅིག་གི་འཚོ་བ་དང་གཟའ་མཇུག་གི་འཚོ་བ།  སློབ་མའི་བདག་དམ། སློབ་མའི་དགའ་ཕྱོགས་གསོ་སྐྱོང་གི་གནས་ཚུལ།  བདེ་འཇགས་སྐྱེལ་སྲུང་དང་བྱ་འགུལ་སྣ་ཚོགས་སོགས་སློབ་མའི་ཕྱོགས་ཡོངས་ནས་བསྐྱེད་བསྲིང་བྱེད་པར་བྱ་བ་གང་མང་མང་ཞིག་འབད་འབད་དུང་དུང་གིས་བསྒྲུབ་བཞིན་པ་གསལ་བོར་བཤད།  དེར་མཐུད་ནས་ཁྱིམ་བདག་རྣམ་པ་སྐོར་གཉིས་སུ་བགོས་ནས་སློབ་གྲྭའི་སློབ་ཁང་དང་དགའ་ཕྱོགས་གསོ་སྐྱོང་གི་སློབ་ཁང་།  མལ་ཁང་དང་ཟ་ཁང་རེ་རེར་གཟིགས་ཞིབ་ཏུ་ཁྲིད།  ཆུ་ཚོད་བཞི་དང་སྐར་ཉི་ཤུའི་སྟེང་གཟིགས་ཞིབ་ཡོངས་སུ་མཇུག་རྫོགས་པ་དང་སློབ་ཁྲིད་ཐོག་ཁང་གི་མདུན་ནས་སློབ་གསེང་གི་བྱ་འགུལ་སྣ་ཚོགས་ལ་བལྟས་རྗེས་སློབ་གྲྭའི་ཟ་ཁང་ནས་སློབ་མའི་ཁྱིམ་བདག་ལ་དགོང་ཟས་རོལ་དུ་བཅུག658

DSC02516.JPG658

DSC02519.JPG658

DSC02524.JPG658

DSC02528.JPG658

DSC02535.JPG658

DSC02544.JPG658

DSC02547.JPG658

DSC02550.JPG658

DSC02576.JPG658

DSC02579.JPG658

DSC02591.JPG658

DSC02621.JPG658

ཐེངས་འདིའི་ཁྱིམ་བདག་ཚོགས་འདུར་ཞུགས་པའི་མི་གྲངས་མང་ལ་གཞི་རྒྱ་ཆེ།  སྒོས་སུ་ཁྱིམ་བདག་གིས་སློབ་གྲྭའི་ཕྱི་ནང་ཡོངས་ལ་གཟིགས་ཞིབ་བྱས་པར་གོ་རིམ་ལྡན་ལ་སློབ་རིམ་རེ་རེར་འཛིན་བདག་དང་སྣེ་ཁྲིད་དགེ་རྒན་གྱིས་གསལ་བཤད་ལེགས་པར་བྱས་པར་ཁྱིམ་བདག་གིས་སྔར་ལས་ལྷག་པར་ངེད་སློབ་གྲྭར་རྒྱུས་ཟབ་མོ་ལོན་པར་མ་ཟད་སློབ་གསོ་སློབ་སྒྲུབ་ཀྱི་བྱ་བར་བསྟོད་པའི་མཐེ་བོང་བསྒྲེངས་བཞིན་ཡོད་དོ། ། 658

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།