༄༅།། སློབ་ཆུང་སློབ་མའི་སྐད་ཡིག་རྨང་གཞིའི་དག་ཆའི་སྐོར་གྱི་འགྲན་སྡུར་གྱི་འདུ་བྱེད།
སྤེལ་དུས།  2017-12-05  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། གཙང་སྐར་རབ་བརྟན།  རྩོམ་སྒྲིག་པ། lobsang

DSC02410.JPGma2

DSC02411.JPGma2

༢༠༡༧ལོའི་ཟླ༡༡ཚེས་༢༧ཉིན་གྱི་ཕྱི་དྲོའི་དུས་ཚོད་གཉིས་དང་ཕྱེད་ཀའི་སྟེང་ནས་ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གི་སྐད་ཡིག་སློབ་དཔྱོད་ཁང་གིས་སློབ་ཁྲིད་ཐོག་ཁང་གི་མདུན་ནས་སློབ་ཆུང་སློབ་མའི་སྐད་ཡིག་རྨང་གཞིའི་དག་ཆའི་སྐོར་གྱི་འགྲན་སྡུར་གྱི་འདུ་བྱེད་སྤེལ། རང་རེའི་བླ་སྲོག་ཏུ་འབོད་པའི་སྐད་ཡིག་འདིའི་བདག་པོ་རྒྱག་མཁན་གྱི་ང་ཚོས་ཕོ་བ་ན་ན་སྒེར་ནད་རེད། ཡི་གེ་ནོར་བ་སྤྱི་ཡི་ནད། སྒེར་ནད་འཆོས་མིན་སྒེར་གྱི་དོན། སྤྱི་ནད་བཅོས་པ་སྤྱི་ཡི་འགན་ཞེས་པའི་སྐད་ཆར་དོ་ཁུར་བྱེད་དགོས་ལ། དགེ་བའི་བཤེས་གཉེན་ཆེན་མོ་དོར་ཞི་རིན་པོ་ཆེས་གསུངས་པ་ནང་བཞིན་དེང་སང་གི་བོད་ཡིག་གི་རྩོམ་དུ་ཚིག་དོན་སོགས་གང་གི་ཆ་ནས་ནོར་སྐྱོན་མང་པོ་བྱུང་དང་འབྱུང་བཞིན་པའི་ཚུལ་ནི་ཧ་ལས་དགོས་པའི་གནས་སུ་གྱུར་འདུག་པ་དང་།  ཡང་ཁོང་གིས་བདག་གིས་ཀྱང་བོད་ཡིག་གི་དུས་དེབ་དང་གསར་འགྱུར། རྩོམ་དེབ་སོགས་མིག་སྔར་གང་མཐོང་ལ་མཉམ་འཇོག་ཅུང་ཟད་བྱས་པར། སློབ་གྲྭ་ཆེན་མོའི་སློབ་གྲྭ་བ་དང་། སློབ་གྲྭ་མཐོ་འབྲིང་ནས་མཐར་ཕྱིན་པའི་ན་གཞོན་རྣམས་ཀྱིས་བྲིས་པའི་གསུང་རྩོམ་ནང་དུ་ཡིག་སྐྱོན། ཚིག་སྐྱོན། དོན་སྐྱོན་ཉུང་ཉུང་ཙམ་མ་ཡིན་པར་གང་ཡིན་སར་མཐོང་ཞིང་ཧ་ལས་དགོས་པའི་ཚོད་དུ་སྣང་ཞེས་གསུངས་པ་ལྟར། འདི་ནས་ཚིག་དོན་སོགས་གང་གི་ཐད་ནས་ནོར་སྐྱོན་བྱུང་བའི་གནད་དོན་རྣམས་ཕྱོགས་སྡོམ་བྱས་ན་ཡིག་སྐྱོན་དང་ཚིག་སྐྱོན་སོགས་ལས་མ་འདས་པ་ཞེས་གསུངས་པ་བཞིན།དེང་གི་དུས་འདིར་ཡིག་སྐྱོན་དང་ཚིག་སྐྱོན་མང་པ་ཧ་ལས་དགོས་པའི་ཚོད་དུ་འདུག་ན།  དེའི་རྨང་སློབ་ཆུང་ནས་འདིང་དགོད་པས་ཆེད་དུ་ཡིག་སྐྱོན་དང་ཚིག་སྐྱོན་ལ་དམིགས་ནས་འདུ་བྱེད་འདི་སྤེལ།ma2

DSC02414.JPGma2

DSC02415.JPGma2

DSC02418.JPG ma2

ཐོག་མར་སྐད་ཡིག་སློབ་དཔྱོད་ཁང་གི་འགན་འཛིན་པ་སྐལ་ཕྲུག་གིས་འདུ་བྱེད་སྤེལ་བའི་དམིགས་ཡུལ་དང་དགོས་པ།  བརྒྱུད་རིམ།  སྐར་མ་ཐོབ་ཚུལ།  བྱ་དགའ་སྟེར་ཚུལ་སོགས་ཞིབ་པར་བཤད།  དེ་ནས་འགྲན་སྡུར་གྱི་མགོ་དངོས་སུ་བརྩམས།  སློབ་མ་ཡོངས་ལ་ཁ་ཕྱོགས་ནས་འཛིན་གྲྭ་རེ་ནས་བློ་རབ་འབྲིང་ཐ་གསུམ་གྱི་སློབ་མ་བཅོ་ལྔ་འགྲན་སྡུར་ལ་ཞུགས། སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་ཉེར་གཅིག་གི་སློབ་མ་བསྡོམས་པས་ 315ལྷག་དུས་གཅིག་ཏུ་འགྲན་སྡུར་དུ་ཞུགས་པས་གཞི་རྒྱ་ཆེ།  དུས་ཚོད་གཉིས་ཀྱི་ཡུན་ལ་འགྲན་སྡུར་གྱི་མཇུག་རྫོགས། འཛིན་གྲྭ་རེའི་འགྲན་ཞུགས་སློབ་མའི་སྐར་གྲངས་ཐོབ་པའི་མཐོ་དམའ་ལྟར། ལོ་རིམ་དང་པོའི་སྐོར་གྱི་ཨང་དང་པོ་གཅིག་གཉིས་འཛིན་གྲྭ་དང་ལོ་རིམ་གཉིས་པའི་སྐོར་གྱི་ཨང་དང་པོ་གཉིས་གཅིག་འཛིན་གྲྭ།ལོ་རིམ་གསུམ་པའི་སྐོར་གྱི་ཨང་དང་པོ་གསུམ་གཉིས་འཛིན་གྲྭ། ལོ་རིམ་བཞི་བའི་སྐོར་གྱི་ཨང་དང་པོ་བཞི་གཅིག་འཛིན་གྲྭ། ལོ་རིམ་ལྔ་བའི་སྐོར་གྱི་ཨང་དང་པོ་ལྔ་ལྔ་འཛིན་གྲྭ་དང་ཨང་གཉིས་བ་ལྔ་བཞི་འཛིན་གྲྭ། ལོ་རིམ་དྲུག་པའི་སྐོར་གྱི་ཨང་དང་པོ་དྲུག་བཞི་འཛིན་གྲྭ་བཅས་འཛིན་གྲྭ་བདུན་ལ་ཐེངས་འདིའི་འདུ་བྱེད་ཁྲོད་ཐུན་མོང་གི་བྱ་དགའ་ཐོབ། མཇུག་མཐར་སློབ་གཙོ་ཐུབ་བསྟན་གྱིས་འདུ་བྱེད་འདི་དང་འབྲེལ་བའི་གསུང་གལ་ཆེན་གནང་། ma2

DSC02419.JPGma2

DSC02425.JPGma2

DSC02433.JPGma2

DSC02434.JPGma2

DSC02435.JPGma2

DSC02436.JPGma2

DSC02442.JPGma2

DSC02443.JPGma2

DSC02445.JPGma2

DSC02446.JPGma2

ཐེངས་འདིའི་འདུ་བྱེད་ཀྱིས་སློབ་མའི་སྐད་ཡིག་གི་དགོས་གལ་རང་བཞིན་དང་དགོས་སུ་ཡིག་སྐྱོན་དང་ཚིག་སྐྱོན་གྱི་ཚབ་ཆེན་རང་བཞིན་ཤེས་སོང་ལ།  སློབ་མའི་རྗེས་ཕྱོགས་ཀྱི་སློབ་སྦྱོང་ལ་ཁ་ཕྱོགས་གསར་བ་ཞིག་བསྟན་ལ་ནུས་པ་ཆེ་ཆེར་ཐོན་ཡོད་དོ ། ། ma2

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།