༄༅།། སློབ་ཆེན་སློབ་མས་ཀན་ལྷོར་སློབ་གསོའི་རོགས་སྐྱོར་བྱེད་པ།
སྤེལ་དུས།  2017-11-28  རྡེབ་ཚད།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1.jpgTDg

2017ལོའི་ཟླ་11ཚེས་17ཉིན། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་སྟག་ཚང་ལྷ་མོ་གྲོང་རྡལ་དུ་ཝུའུ་ཐུང་ཡུས་དང་སློབ་མ་རྩེད་མོ་རྩེ་བའི་གནས་ཚུལ་ཡིན་པ།TDg

སློབ་ཐོན་སློབ་མ་མང་ཆེ་བའི་ངོས་ནས་བརྗོད་ན། ཟླ་བཅུ་གཅིག་པར་རང་ཉིད་ཀྱི་བློ་ཡིད་ཚིམ་པའི་ལས་ཀ་ཞིག་འཚོལ་བར་བྲེལ་བཞིན་ཡོད་མོད། འོན་ཀྱང་ཀན་སུའུ་ཞིང་ཆེན་ལན་ཀྲོའུ་གྲོང་ཁྱེར་སློབ་གླིང་གི་སློབ་ཐོན་སློབ་མ་ཝུའུ་ཐུང་ཡུས་ཀྱིས་ས་མཐོར་སློབ་སྐྱོར་དུ་སྐྱོད་ནས་ཀན་སུའུ་བོད་རིགས་ས་ཁུལ་གྱི་སློབ་ཆུང་ཞིག་ཏུ་དགེ་རྒན་བྱས།TDg

ཝུའུ་ཐུང་ཡུས་ཀྱིས་སློབ་སྐྱོར་བྱེད་སའི་འཕགས་དབུས་སློབ་ཆུང་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཀླུ་ཆུ་རྫོང་སྟག་ཚང་ལྷ་མོ་གྲོང་རྡལ་དུ་ཡོད། དེ་གར་ས་བབ་མཐོ་ཚད་སྨི་3500ཡོད་པས། ས་བབ་མཐོ་སར་གོམས་པ་བྱ་རྒྱུ་ཁོ་མོས་ཁྱད་བསད་བྱེད་དགོས་པའི་དཀའ་གནད་ཨང་དང་པོ་དེར་གྱུར་ཡོད། “ང་དང་ཐོག་འདིར་སླེབས་མ་ཐག་གོམ་པ་ཁ་ཤས་སྤོས་རུང་དབུགས་ཧལ་བ་དང་སྙིང་གཡུག་གི་འདུག ད་ཆ་གོམས་ནས་ཕྲུ་གུ་ཚོ་དང་མཉམ་དུ་རྒྱུག་ཤར་གློད་པ་དང་རོལ་རྩེད་ཀྱང་རྩེ་ཐུབ་ཀྱི་འདུག”ཅེས་ཝུའུ་ཐུང་ཡུས་ཀྱིས་བཤད།TDg

འཕགས་དབུས་སློབ་ཆུང་ལ་དགེ་རྒན་ལས་བཟོ་12ཡོད། ཉེ་བའི་ལོ་ཤས་རིང་སློབ་གྲྭའི་སྒྲིག་ཆས་ལེགས་བཅོས་ཆེན་པོ་བྱུང་ནས་སློབ་མའི་ཉལ་ཁང་གསར་པ་བརྒྱབ་པ་དང་གློག་རྡུལ་གྱི་དཀར་པང་བསྒར་ཡོད་མོད། འོན་ཀྱང་སློབ་གྲྭར་སྔར་བཞིན་དགེ་རྒན་འདང་གི་མེད། འཕགས་དབུས་སློབ་ཆུང་གི་སློབ་སྤྱི་གནམ་ཕྱུག་རྒྱལ་གྱིས་སློབ་སྐྱོར་དགེ་རྒན་སླེབས་པ་དེས་གླུ་གཞས་དང་། ལུས་རྩལ། རི་མོ་བཅས་ཀྱི་དགེ་རྒན་མི་འདང་བ་གསབ་ཐུབ་སོང་ཞེས་བཤད།TDg

ཝུའུ་ཐུང་ཡུས་ཀྱིས་འཕགས་དབུས་སློབ་ཆུང་དུ་གླུ་གཞས་དགེ་རྒན་བྱེད་ཀྱི་ཡོད་པ་རེད། སློབ་གྲྭའི་བོད་རིགས་སློབ་མ་75ལས་ཉུང་ཤས་ཤིག་གིས་རྒྱ་སྐད་ཚིག་ཁ་ཤས་མ་གཏོགས་ཤོད་ཤེས་ཀྱི་མེད། དེར་བརྟེན་དང་ཐོག་སློབ་ཚན་འཚོག་སྐབས་ཝུའུ་ཐུང་ཡུས་དང་སློབ་མ་ཚོ་སྤེལ་རེས་བྱེད་སྐབས་གཞན་གྱིས་སྐད་སྒྱུར་བྱེད་དགོས་ཀྱི་ཡོད།TDg

“འདི་འདྲ་བྱས་ན་རྩ་བ་ནས་ཡོང་ཐབས་མེད་པས ”ཝུའུ་ཐུང་ཡུས་ཀྱིས་ཐབས་ཤེས་སྣ་ཚོགས་ལ་བརྟེན་ནས་སློབ་ཚན་འཁྲིད་ཀྱི་ཡོད་པ་དང་སྐབས་རེ་དབྱངས་འགྲོས་བཞིན་ལག་བརྡར་བརྟེན་ནས་ཕྲུ་གུ་ཚོར་རྙོག་འཛིང་ཆེ་བའི་བྱིས་གླུ་སློབ་པ་མ་ཟད། ད་དུང་ངང་རྒྱུད་རིང་པོའི་སྒོ་ནས་གླུ་ཚིག་རེ་རེར་ཕིང་དབྱིན་སྒྲ་སྦྱོར་བྱེད་ཀྱི་ཡོད་པ་རེད། ཝུའུ་ཐུང་ཡུས་ཀྱི་ཐབས་ཤེས་དེ་དག་གོ་ཆོད་ནས་སློབ་མས་གླུ་གཞས་དེ་བས་མང་བ་གཏོང་ཤེས་པ་མ་ཟད། ཝུའུ་ཐུང་ཡུས་དང་སློབ་མའི་དབར་གྱི་འབྲེལ་བའང་ཉིན་རེ་བཞིན་ཇེ་ལེགས་སུ་སོང་ཡོད།TDg

སློབ་མ་ཚོས་ཝུའུ་ཐུང་ཡུས་ཀྱི་ས་ནས་སློབ་སྦྱོང་བྱེད་རིང་། ཝུའུ་ཐུང་ཡུས་ཀྱིས་སློབ་མ་ཚོའི་ས་ནས་ཕུགས་བསམ་དོན་གཉེར་དང་སྡུག་རུས་བྱེད་པའི་སྟོབས་ཤུགས་མཐོང་ཐུབ་ཡོད། “ཕྲུ་གུ་དེ་དག་སློབ་ལ་ཧ་ཅང་བརྩོན་ཞིང་ཉིན་ལྟར་ཞོགས་སྔ་པོ་ནས་སློབ་ཚན་གྱི་ནང་དོན་བློ་ལ་འཛིན་པ་མ་ཟད། ཁོ་ཚོ་ཚང་མས་སློབ་སྦྱོང་ཡག་པོ་བྱས་ཏེ་གནས་དེ་ནས་ཐོན་ཏེ་པེ་ཅིང་དུ་གནམ་བདེ་སྒོ་མོར་ལྟ་བར་སྐྱོད་ཀྱི་ཡིན་ཞེས་ཤོད་ཀྱི་འདུག་ལ་ཁོ་ཚོའི་སྦྱངས་འབྲས་ཀྱང་རྫོང་གྲོང་གི་སློབ་མ་ལས་ཞན་པ་མི་འདུག སྡུག་རུས་དེ་ལྟར་བྱེད་པ་མཐོང་བས། ང་ལ་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། ང་རང་ཡང་གྲོང་གསེབ་ནས་སླེབས་པའི་ཕྲུ་གུ་ཞིག་ཡིན་པས་མྱོང་ཚོར་ཟབ་མོ་ཡོང་གི་འདུག”ཅེས་ཝུའུ་ཐུང་ཡུས་ཀྱིས་བཤད།TDg

ཝུའུ་ཐུང་ཡུས་ཀྱིས་བསུན་སྣང་མེད་པར་ཕྲུ་གུ་ཚོར་གཞས་སློབ་པ་དང་ཉིན་ལྟར་ཕྲུ་གུ་ཚོར་བཤད་པའི་སྐད་ཆ་མང་ཤོས་ནི“ངས་རང་གི་གདོང་པ་གཙང་མ་ཕྱི་རོགས་བྱེད་ཆོག”ཅེས་པ་དེ་རེད། བརྩེ་སེམས་འཆང་བ་དང་ངང་རྒྱུད་རིང་པོ་ནི་ངས་ད་རེས་སློབ་སྐྱོར་བྱེད་པར་ཡོང་བའི་གྲུབ་འབྲས་ཆེ་ཤོས་དེ་ཡིན། ཁོ་ཚོར་དགའ་སྤྲོ་ཆེན་པོ་འདི་ལྟ་བུ་བྱུང་བ་མཐོང་སྐབས་ང་སློབ་གྲྭ་ཐོན་རྗེས་དགེ་རྒན་ངོ་མ་ཞིག་ཏུ་འགྱུར་ཐུབ་པ་བྱ་རྒྱུའི་ཆོད་སེམས་ཡོད་ཅེས་ཝུའུ་ཐུང་ཡུས་ཀྱིས་བཤད།TDg

ཀན་སུའུ་རུ་ཝུའུ་ཐུང་ཡུས་དང་འདྲ་བའི་སློབ་སྐྱོར་དགེ་རྒན་མང་པོ་ཡོད་པ་དང་ཁོ་ཚོས་ས་ཁུལ་དབུལ་པོ་དང་མི་རིགས་ས་ཁུལ་གྱི་དགེ་རྒན་མི་འདང་བའི་གནད་དོན་སེལ་རོགས་བྱས་པ་རེད། ཀན་སུའུ་ཞིང་ཆེན་སློབ་གསོ་ཐིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། 2015ལོ་ནས་བཟུང་ཀན་སུའུ་ཞིང་ཆེན་དུ་ལོ་ལྟར་ནུབ་བྱང་དགེ་འོས་སློབ་གྲྭ་དང་། ནུབ་བྱང་མི་རིགས་སློབ་ཆེན་སོགས་སློབ་གླིང་7ནས་སློབ་མ་400དབུལ་ཕོངས་ས་ཁུལ་དང་མི་རིགས་ས་ཁུལ་དུ་སློབ་སྐྱོར་བྱེད་པར་གཏོང་གི་ཡོད། མིག་སྔར་སློབ་མ་1200ཡི་སློབ་སྐྱོར་ལས་འགན་ལེགས་གྲུབ་ཟིན་པ་རེད།TDg

ཡུད་ཙམ་ཞིག་ལ་ཝུའུ་ཐུང་ཡུས་འཕགས་དབུས་སློབ་ཆུང་དུ་སླེབས་ནས་ཟླ་2ལྷག་ཙམ་སོང་ཞིང་། སློབ་གྲྭ་ཐོན་ལ་ཉེ་བའི་སྐབས་སུ་སློབ་སྐྱོར་དུ་སྐྱོད་པའི་གདམ་ག་བྱས་པ་དེ་ལས་ལས་ཀ་འཚོལ་བའི་གོ་སྐབས་མང་པོ་ཞིག་ཤོར་བ་མཚོན་ཡོད་མོད། འོན་ཀྱང་ཝུའུ་ཐུང་ཡུས་ཀྱིས་དེར་སྣང་བ་མ་བཏང་བར་ཁོང་གིས“སློབ་སྐྱོར་ནི་རྩ་ཆེའི་ཉམས་མྱོང་ཞིག་རེད”ཅེས་བཤད།TDg

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།