༄༅།། དཔའ་རིས་མི་རིགས་སློབ་འབྲིང་དུ་2017ལོའི་སློབ་མའི་ཁྱིམ་བདག་ཚོགས་འདུ་བསྡུས།
སྤེལ་དུས།  2017-11-13  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། བློ་དབང་།  རྩོམ་སྒྲིག་པ། lobsang

DSC_0840.JPGcbr

DSC_0830.JPGcbr

སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་སོགས་ཕྱོགས་གང་ཅིའི་ཐད་སྔར་ལས་ལྷག་པའི་ཡར་རྒྱས་གོང་འཕེལ་ཡོང་བའི་ཆེད་དུ།2017ལོའི་ཟླ་11བའི་ཚེས་12ཉིན་གྱི་ཕྱི་དྲོར་དཔའ་རིས་མི་རིགས་སློབ་འབྲིང་དུ་2017ལོའི་སློབ་མའི་ཁྱིམ་བདག་གི་ཚོགས་འདུ་དེ་དུས་ལྟར་འགོ་བརྩམས།སློབ་གྲྭས་ཐེངས་འདིའི་ཁྱིམ་བདག་ཚོགས་འདུ་བྱ་བའི་ནང་དོན་དང་བརྒྱུད་རིམ་ཐད་དུ་བཀོད་སྒྲིག་གྱ་ནོམ་པ་བྱས་པ་དང་། ཉིན་གཅིག་གི་ཁྱིམ་བདག་ཚོགས་འདུའི་བྱ་བ་གོ་རིམ་ལྡན་པར་སྤེལ།cbr

DSC_0820.JPGcbr

DSC_0861.JPGcbr

ཚོགས་འདུའི་སྟེང་སློབ་གཙོ་གཞོན་པ་གསུམ་གྱིས་སློབ་གྲྭའི་ལོ་ངོ་ཉེ་བའི་རིང་གི་སློབ་གསོ་བྱ་བའི་བརྒྱུད་རིམ་དང་བླངས་པའི་འབྲས་བུ། གནས་པའི་གནད་དོན་དང་ཆད་སྐྱོན་བཅས་པ་རགས་པར་བརྗོད་པ་དང་། སློབ་གྲྭའི་ནམ་ཡང་གཙིགས་འཛིན་བྱེད་པའི་སློབ་གསོའི་འདུན་མ་ངོ་སྤྲོད་བྱས་པ་དང་། སློབ་མའི་དུས་རྒྱུན་གྱི་བསམ་བློ་དང་ཀུན་སྤྱོད་ཀྱི་ཆ་ལ་དམིགས་ཏེ། ཁྱིམ་བདག་གིས་སློབ་གྲྭའི་སློབ་གསོ་བསྒྲུབ་པར་རྒྱབ་སྐྱོར་བྱེད་དགོས་ཚུལ་དང་ལྷག་ཏུ་ཁྱིམ་ཚང་གི་སློབ་གསོ་ལ་དོ་སྣང་བྱས་ཏེ་སློབ་མ་སློབ་གྲྭར་བསྐྱལ་བ་ནི་བསླབ་དེབ་སྟེང་གི་ཤེས་བྱ་གཅིག་པུ་རང་རྒྱུད་ལ་ལེན་པ་ཁོ་ན་ཙམ་མིན་པར་མི་གཤིས་ཡག་པོ་ཞིག་རང་རྒྱུད་ལ་ལེན་ཐུབ་པར་བྱས་ཏེ་དུས་རྒྱུན་གྱི་འཚོ་བའི་ཁྲོད་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་བཟང་བོ་འདི་དར་སྤེལ་དང་རྒྱུན་འཁྱོངས་བྱ་དགོས་པའི་རེ་བ་བཏོན་པ་རེད།cbr

DSC_0899.JPGcbr

DSC_0902.JPGcbr

DSC_0905.JPGcbr

DSC_0907.JPGcbr

DSC_0910.JPGcbr

DSC_0911.JPGcbr

DSC_0911.JPGcbr

DSC_0913.JPGcbr

DSC_0920.JPGcbr

DSC_0922.JPGcbr

DSC_0926.JPGcbr

DSC_0928.JPGcbr

DSC_0930.JPGcbr

DSC_0936.JPGcbr

DSC_0939.JPGcbr

DSC_0946.JPGcbr

DSC_0951.JPGcbr

DSC_0953.JPGcbr

DSC_0956.JPGcbr

DSC_0959.JPGcbr

DSC_0961.JPGcbr

DSC_0964.JPGcbr

ཁྱིམ་བདག་སོ་སོ་འཛིན་གྲྭར་བསྡུས་ཤིང་། འཛིན་བདག་དང་ཁྲིད་སྟོན་དགེ་རྒན་དག་གིས་སློབ་བུའི་སྦྱངས་འབྲས་དང་དུས་རྒྱུན་གྱི་གོམས་སྲོལ་བཅས་ལ་གཞིར་བཟུང་སྟེ་ཕྱོགས་ཡོངས་ནས་མཚམས་སྦྱོར་བྱས་ཤིང་། སློབ་མའི་སློབ་སྦྱོང་དང་ཀུན་སྤྱོད་ཐད་ལ་སྐུལ་འདེད་དང་ངར་ཤུགས་གཏོང་ཡོད་པ་མ་ཟད། ་སློབ་མར་རེ་བ་གསར་བ་བཏོན་པ་དང་བགྲོ་གླེང་ཟབ་མོ་བྱས་ཡོད་པ་རེད།cbr

DSC_0847.JPGcbr

DSC_0866.JPGcbr

ཚོགས་རའི་ཟུར་ཞིགcbr

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།