༄༅།། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་སྐབས་བཅོ་ལྔ་བའི་ཕྱོགས་གླང་རིགས་པའི་བརྒལ་བརྟག་གི་བྱ་འགུལ་སྤེལ།
སྤེལ་དུས།  2017-11-09  རྡེབ་ཚད།   ཡོང་ཁུངས། འཇིགས་མེད་རྒྱལ་མཚན་སློབ་གསོ།  རྩོམ་པ་པོ། དཀར་མོ་ཡེ་ཤེས་ཀྱིས།  རྩོམ་སྒྲིག་པ། lobsang

640.webp.jpgvM3

640.webp (1).jpgvM3

640.webp (2).jpgvM3

640.webp (3).jpgvM3

༢༠༡༧ལོའི་སྤྱི་ཟླ་༡༡ཚེས་༡ ཉིན་གྱི་ཕྱི་དྲོར་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭས་སྐབས་བཅོ་ལྔ་བའི་ཕྱོགས་གླང་རིགས་པའི་བརྒལ་བརྟག་གི་བྱ་འགུལ་སྤེལ། ཚད་མ་རིག་པ་ནི་འགྲོ་བ་མིའི་མ་རིག་པའི་མུན་པ་སེལ་བའི་སྒྲོན་མེ། ལྟ་ངན་གྱི་དྲི་མ་འཁྲུད་པའི་ཆུ་རྒྱུན། ཕ་རོལ་བོའི་རྒོལ་ངན་འཇོམས་པའི་གོ་མཚོན། མཁས་པའི་གོ་འཕང་དོན་གཉེར་གྱི་སྐྱེ་བོའི་གཙུག་གི་མཛེས་རྒྱན་ལྟ་བུ། དུས་དང་གནས་སྐབས་གང་ན་ཡང་།  ལས་དང་བྱ་བ་ཅི་བརྩམས་ན་ཡང་།  གནས་སྐབས་དང་མཐར་ཐུག་གི་ཁེ་ཕན་ལ་བསམ་བློ་གཏོང་བ་དང་།  དེ་ཡང་བྱ་བ་གནད་ལ་འཁེལ་བ་དང་དོན་ལ་བབ་པ་ཞིག་ཡོང་བའི་ཆེད་དུ་བརྟག་དཔྱད་ཀྱིས་མནོ་བསམ་གཏོང་གི་ཡོད། ལོ་རྒྱུས་ཀྱི་ཐོག་མཛངས་དང་འཕྲུལ་གྱི་བདག་པོ་ཞེས་པའང་བྱ་བ་གང་ལ་ཡང་དཔྱད་པ་གནད་དུ་འཁེལ་བའི་བློ་གྲོས་ལ་ཟེར་གྱིན་ཡོད།  དེ་འདྲའི་གནད་ལ་འཁེལ་བའི་བསམ་བློ་དེ་ལ་ཚད་མའི་ཤེས་རབ་ཟེར་ལ།  ཚད་མའི་བློ་ཞེས་བཏགས་ཡོད།  ཚད་མ་རིག་པ་ནི་བསླུ་བ་མེད་པའི་རིག་པ་ཞིག་ཡིན་པས་ང་ཚོས་ཕྱོགས་གླང་རིགས་པའི་བརྒལ་བརྟག་བྱེད། མདོར་ན་ཚད་མ་རིག་པ་ནི་དོན་གྱི་འཁྲུལ་བ་ཚར་གཅོད་པར་བྱེད་པའི་རིག་གཞུང་རྨད་དུ་བྱུང་བ་ཞིག་ཡིན། དེ་བས་ང་ཚོས་ཕྱོགས་གླང་རིགས་པའི་བརྒལ་བརྟག་བྱེད། བརྒལ་བརྟག་སྟེང་དགེ་སློབ་ལྔ་བརྒྱ་ལྷག་འཛོམས་ཤིང་། སློབ་གཙོ་གཞོན་པ་སོག་རུས་འབྲུག་འབུམ་རྒྱལ་དང་། སློབ་གཙོ་གཞོན་པ་དཔའ་རིས་པ་འཇམ་དཔལ་རྣམ་འཇོམས། སློབ་དོན་པ་སུ་རིག་སྒྲོལ་མ་སྐྱབས། བོད་ཡིག་སྡེ་ཁག་གི་འགོ་བ་དམེ་ཚང་ཨ་ལགས། དགེ་རྒན་པད་དཀར་འབངས། དགེ་རྒན་ཆོས་འབྱོར། དགེ་རྒན་དཀར་མོ་ཡེ་ཤེས་སོགས་ཀྱིས་དཔྱད་འདེམ་བྱས། ཐེངས་འདིའི་བརྒལ་བརྟག་སྟེང་སློབ་མ་ཚོས་སྤྱི་བྱེ་བྲག་དང་གཅིག་ཐ་དད། ལྡོག་པ་ངོས་འཛིན། ཡོད་རྟོགས་མེད་རྟོགས། རྟགས་འཇུག་གི་ཡི་གེ་སྤྱིའི་རྟགས་ཀྱི་དབྱེ་བའི་ཐད་སོགས་ནས་རྟགས་གསལ་བཏང་། མ་ཟད་དམའ་གསུམ་དང་བོའི་གཡང་དཀར་དང་། དམའ་གསུམ་གཉིས་པའི་ཞེས་མཚོ་གཉིས་ཀྱིས་ཕྱོགས་གླང་རིགས་པའི་བརྒལ་བརྟག་དང་འབྲེལ་བའི་གཏམ་བཤད་བྱས། བྱ་འགུལ་ཁྲོད་ཨང་དང་བོ་དམའ་གཉིས་འཛིན་གྲྭའི་གཡང་དཀར། ཨང་གཉིས་པ་དྲུག་གཉིས་འཛིན་གྲྭའི་སྐལ་བཟང་སྐྱིད། ཨང་གསུམ་པ་དྲུག་གཅིག་འཛིན་གྲྭའི་ཤེས་རབ་དུང་མཚོ། ཕུལ་བྱུང་དམ་བཅའ་བ་དམའ་གཅིག་འཛིན་གྲྭའི་ཟླ་བཟང་གཡང་སྒྲོན། ཕུལ་བྱུང་འཛིན་གྲྭ་རྟོག་གེའི་སེང་ཁྱིམ་འཛིན་གྲྭ་བཅས་ཡིན། དགེ་རྒན་པད་དཀར་འབངས་ལགས་ཀྱིས་ཚད་མ་རིག་པའི་བྱུང་འཕེལ་དང་། སྔོན་བྱུང་གི་སྐྱེས་ཆེན་དག་གི་མཛད་རྗེས་དང་སྐུ་དྲིན་གླེང་ཞིང་རིན་ཐང་ལྡན་པའི་གཏམ་བཤད་དང་བཅས་ཏེ་མཇུག་བསྡུས།vM3

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།