༄༅།། བོད་ལྗོངས་ཀྱིས་བཞི་ལྡན་དགེ་རྒན་བཟང་པོ་དང་བོད་སྐྱོར་དགེ་རྒན་མཛེས་ཤོས་ལ་གཟེངས་བསྟོད་བྱས་པ།
སྤེལ་དུས།  2017-09-13  རྡེབ་ཚད།   ཡོང་ཁུངས། བོད་ལྗོངས་འཕྲིན་དྲ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ9པའི་ཚེས10ཉིན།  བོད་རང་སྐྱོང་ལྗོངས་སློབ་གསོ་ལས་དོན་ཨུ་ཡོན་ལྷན་ཁང་དང་སློབ་གསོ་ཐིང་གིས་སྤྱི་ལོ2017ལོའི་དགེ་རྒན་དུས་ཆེན་གྱི་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ།  བོད་ལྗོངས་ཀྱི་བཞི་ལྡན་དགེ་རྒན་བཟང་པོ55དང་བོད་སྐྱོར་དགེ་རྒན་མཛེས་ཤོས21ལ་གཟེངས་བསྟོད་བྱས་པ་མ་ཟད།  རྒན་ཡོལ་ཞུ་མཁན་དགེ་རྒན་གྱི་གཟི་བརྗིད་ངང་རྒན་ཡོལ་ཞུ་བའི་མཛད་སྒོ་འཚོགས་པ་རེད། WGd

ཐེངས་འདིའི་ཚོགས་འདུའི་ཐོག་དགེ་རྒན་གྱིས་དམ་བཅའ་འཇོག་པའི་མཛད་སྒོའི་ལྷུ་ཚིགས་བཀོད་སྒྲིག་བྱས་པ་དང་།  རྒན་དར་གཞོན་གསུམ་གྱི་དགེ་རྒན་ཚོས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་ཚོའི་ཚབ་ཞུས་ནས་རྒྱལ་དར་ལ་ཁ་གཏད་དེ་བརྗིད་ཉམས་ཆེན་པོའི་ངང་དམ་བཅའ་བཞག་པ་རེད། WGd

ཤེས་རྟོགས་བྱུང་བར་གཞིགས་ན།  དམ་བཅའ་འཇོག་པའི་མཛད་སྒོའི་དམིགས་ཡུལ་ནི་རྒྱ་ཆེའི་དགེ་རྒན་ཚོས་རྒྱལ་གཅེས་དང་ཏང་གཅེས།  ལས་གཅེས།  སློབ་གཅེས་བཅས་ཀྱི་སྤྱི་ཚོགས་འགན་འཁྲི་འཁུར་སེམས་དང་ལས་དོན་སྒྲུབ་སེམས་ཆེན་པོ་སྔར་བས་སྐོང་འཐེན་བྱས་ནས།  བཞི་ལྡན་གྱི་དགེ་རྒན་བཟང་པོ་དང་ལམ་སྣེ་བ་བཞི་བརྩོན་ལེན་བྱས་ཏེ་མི་སྣ་གསོ་སྐྱོང་གི་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད་རེད།།WGd

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།