༄༅།། མཚོ་སྔོན་གྱིས་བོད་རྒྱ་སྐད་གཉིས་ཀྱི་ཀོ་ཕིག་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་སྤྲོ་སྐྱིད་ངང་འཚར་ལོངས་ཡོང་བར་བྱས་པ།
སྤེལ་དུས།  2017-09-07  རྡེབ་ཚད།   ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་3ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། གསར་འགོད་པར་ཉེ་ཆར་ཤེས་རྟོགས་བྱུང་གསལ། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཀྱི་ཀོ་ཕིག་འཕེལ་རྒྱས་ལྟེ་གནས་ཀྱིས་སྒྲིག་རྩོམ་བྱས་པའི《བློ་ལྡན་ཁྱེའུ་ཆུང་འཚོལ་བ》དང《གཙོད》 《གླིང་གེ་སར་རྒྱལ་པོ》སོགས་ཁྱད་ཆོས་མི་འདྲ་བ་དང་བོད་རིགས་ས་ཁུལ་གྱི་འཚོ་བ་མཚོན་པའི་བོད་རྒྱ་སྐད་གཉིས་ཀྱི་ཀོ་ཕིག་བརྩམས་ཆོས་དག་ཉེ་བའི་ལོ་ཤས་རིང་བཏོན་ཞིང་། ཀོ་ཕིག་ལ་བརྟེན་ནས་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་དང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ། མི་རིགས་མཐུན་སྒྲིལ་སོགས་ཀྱི་འདུ་ཤེས་དྲིལ་བསྒྲགས་བྱས་ནས་བོད་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱས་པ་རེད།v9K

མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཀྱི་ཀོ་ཕིག་འཕེལ་རྒྱས་ལྟེ་གནས་2010ལོའི་ཟླ་12པར་བཙུགས་ཤིང་། དེའི་འགན་འཁྲི་གཙོ་བོ་ནི་མཚོ་སྔོན་དང་ཉེ་འཁོར་ཞིང་ཆེན་གྱི་བོད་རིགས་ས་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་འཁྲབ་ཚན་ཉུང་བའམ་མེད་པའི་གནས་སྟངས་ལེགས་སུ་གཏོང་ཆེད་རྒྱལ་ཁབ་ཕྱི་ནང་གི་འགུལ་རིས་འཁྲབ་ཚན་ཕུལ་བྱུང་རྣམས་བོད་སྐད་སོགས་གྲངས་ཉུང་མི་རིགས་སྐད་ཀྱི་འཁྲབ་ཚན་དུ་བསྒྱུར་རྒྱུ་དེ་ཡིན། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཀྱི་ཀོ་ཕིག་འཕེལ་རྒྱས་ལྟེ་གནས་བཙུགས་ཚུན《གནམ་ནས་ཕག་མགོ་ཅན་ལྷུང་བ》དང་། 《རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད》《རྩེད་ཆས་ཀྱི་སྤྱིའི་སྐུལ་སློང》《འགྱིག་སོབ་ཕྲུ་གུ》《ཞི་མི་ཉེན་རྟོག་དཔོན》སོགས་ཀོ་ཕིག་འཁྲབ་ཚན་སྣ་ཚོགས་ལེའུ་142དང་ཆུ་ཚོད་713ཅན་སྔ་ཕྱིར་སྒྱུར་བཟོ་བྱས་པ་དང་། ཀོ་ཕིག་བརྩམས་ཆོས་ཀྱི་མ་རྩོམ་4ཞིབ་བཟོ་བྱས་ཏེ་གཞི་རིམ་དུ་མི་རིགས་སྐད་ཀྱི་ཀོ་ཕིག་པར་གཞི་དང་ཀོ་ཕིག་བརྩམས་ཆོས་25200ཁྱབ་གདལ་བཏང་ཡོད། སྒྱུར་བཟོ་བྱས་པའི་གཞོན་ནུ་ལོ་ཆུང་གི་ཀོ་ཕིག་གློག་བརྙན་བརྙན་འཕྲིན་གྱི་འཁྲབ་ཚན་དག་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་བོད་རིགས་ས་ཁུལ་དང་ཀན་སུའུ་ཡི་ཀན་ལྷོ་དང་། སི་ཁྲོན་གྱི་རྔ་པ་དང་དེ་བཞིན་བོད་ལྗོངས་ཀྱི་ཆབ་མདོ་དང་ནག་ཆུ་སོགས་ལ་ཁྱབ་ཡོད་པ་རེད།v9K

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།