༄༅།། བོད་ལྗོངས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས་ཡིག་སྒྱུར་སྐོར་གྱི་སློབ་དེབ་དང་དྲ་ཐོག་སློབ་ཚན་ཁྱབ་སྤེལ་གཏོང་རྒྱུ་ཡིན་པ།
སྤེལ་དུས།  2017-09-02  རྡེབ་ཚད།   ཡོང་ཁུངས། མི་དམངས་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1.jpgMkf

མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་30ཉིན། "རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་སྐད་རིགས་གཉིས་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་རྟེན་གཞི་(ནུབ་བྱང་མི་རིགས་སློབ་ཆེན་)བོད་ལྗོངས་གསོ་སྦྱོང་རྟེན་གཞི"དང"ནུབ་བྱང་མི་རིགས་སློབ་ཆེན་སློབ་ཁྲིད་དངོས་སྦྱོང་རྟེན་གཞི"ཞེས་པའི་སྒོ་བྱང་བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུས་)དུ་བཀལ་བ་དང་། བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུས་)གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་(ཅུས་ཀྲང་)ནོར་བུས་བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུས་)གིས་ནུབ་བྱང་མི་རིགས་སློབ་ཆེན་དང་མཉམ་ལས་བྱས་ཏེ་བོད་རྒྱ་སྐད་གཉིས་ཀྱི་ཡིག་སྒྱུར་གསོ་སྦྱོང་སློབ་དེབ་དང་དྲ་ཐོག་སློབ་གསོའི་སློབ་ཚན་རྩོམ་སྒྲིག་གཉེར་སྐྱོང་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།Mkf

2.jpgMkf

ནོར་བུས་ངོ་སྤྲོད་བྱས་པར་ལྟར་ན། ལོ་རེའི་གསོ་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་པ་དང་། བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(རྩོམ་སྒྱུར་ཅུས་)གིས་2013ལོ་ནས་འགོ་བཙུགས་ཏེ་བོད་རྒྱ་སྐད་གཉིས་ཀྱི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཇེ་ཆེར་གཏོང་གི་ཡོད་ལ། གཞི་རིམ་ལས་བྱེད་པ་གལ་ཆེར་བཟུང་ནས་གསོ་སྦྱོང་བྱེད་ཀྱི་ཡོད། ད་ལྟའི་བར་དུ་སྔ་ཕྱི་སྡེབ་རྩིས་བྱས་ན་མི་སྣ་སྟོང་གསུམ་ལ་ཉེ་བ་གསོ་སྦྱོང་བྱས་ཡོད་ཅིང་། གསོ་སྦྱོང་གི་ཁྱབ་ཁོངས་ནི་བོད་རང་སྐྱོང་ལྗོངས་ཡོངས་སུ་ཁྱབ་ཡོད་པ་དང་། ད་ལོར་ནག་ཆུ་ས་ཁུལ་དང་ཆབ་མདོ་གྲོང་ཁྱེར་གཙོ་གནད་དུ་བཟུང་སྟེ་གསོ་སྦྱོང་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།Mkf

3.jpgMkf

བོད་རང་སྐྱོང་ལྗོངས་སུ་ཧ་ལམ་མི་འབོར་ཁྲི་312ཡོད་པ་དང་། དེའི་ཁྲོད་དུ་91.5%ཡན་ནི་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་ཡིན་ཞིང་། རྒྱ་སྐད་དང་བོད་སྐད་ནི་མི་རིགས་ཁག་བར་སྤེལ་རེས་དང་འགྲོ་འོང་། འབྲེལ་འདྲིས་བཅས་བྱེད་པའི་ལག་ཆ་གལ་ཆེན་ཞིག་རེད།Mkf

ནོར་བུས་ཕྱིན་ཆད“ཕྱིར་གཏོང་བ་དང་གདན་འདྲེན་ཞུ་བའི”བྱ་ཐབས་ལ་བརྟེན་ནས་བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་ཡིན་པ་དང་། ལོ་རེར་མི་སྣ་ཁག་གཉིས་སྒྲིག་འཛུགས་བྱས་ནས་ནུབ་བྱང་མི་རིགས་སློབ་ཆེན་དུ་ཟབ་སྦྱོང་བྱེད་པར་གཏོང་རྒྱུ་ཡིན་པ་དང་། དུས་མཚུངས་སུ་ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་སློབ་གདན་འདྲེན་ཞུས་ནས་ས་ཁུལ་དང་གྲོང་ཁྱེར་ཁག་ཏུ་སློབ་ཁྲིད་སྤེལ་རེས་བྱ་རྒྱུ་ཡིན་ཞིང་། ལྗོངས་ནང་ཁོངས་སུ་ཐེངས་གཉིས་དང་ལྗོངས་ཕྱི་རོལ་ཏུ་ཐེངས་གཉིས་སྤེལ་བར་འབད་བརྩོན་རྒྱུ་ཡིན་ཞེས་བཤད་པ་རེད།Mkf

ནུབ་བྱང་མི་རིགས་སློབ་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་སློབ་གཙོ་གཞོན་པ་ཡུས་སུའུ་ཕུ་ཅང་གིས་ངོ་སྤྲོད་བྱས་པ་ལྟར་ན། 2015ལོ་དང་2016ལོ་ལོ་གཉིས་བསྟུད་མར་གསོ་སྦྱོང་འཛིན་གྲྭ་འཛུགས་གཉེར་བྱས་ནས་བོད་ལྗོངས་ལ་བོད་རྒྱ་སྐད་གཉིས་ཀྱི་ལོ་ཙཱ་ཤེས་ལྡན་མི་སྣ་120ལྷག་གསོ་སྐྱོང་བྱས་ཡོད་ཅེས་བཤད་པ་དང་། ཁོང་གིས་བོད་ལྗོངས་གསོ་སྦྱོང་ལྟེ་གནས་དེ་ཉིད་བོད་ལྗོངས་ཡོངས་དང་འབྲེལ་གཏུག་བྱེད་པའི་འབྲེལ་ཐག་ཏུ་གྱུར་ནས་ས་ཁུལ་བར་སྤེལ་རེས་དང་འབྲེལ་བ་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བར་བྱས་རྗེས་སྔར་ལས་ཆེ་བ་འཇོག་པའི་རེ་བ་ཡོད་པ་བཏོན།Mkf

ཚོགས་འདུའི་ཐོག་ནུབ་བྱང་མི་རིགས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་(སྒྲིག་སྒྱུར་ཅུས་)གིས་《ནུབ་བྱང་མི་རིགས་སློབ་ཆེན་དང་བོད་རང་སྐྱོང་ལྗོངས་བོད་ཀྱི་སྐད་ཡིག་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་(སྒྲིག་སྒྱུར་ཅུས་)བར་གྱི"ལོ་ལྔ་ཚན་བཅུ་གསུམ་པའི"རིང་(2017ལོ་ནས་2020ལོའི་བར་)བོད་ལྗོངས་ཀྱི་བོད་རྒྱ་སྐད་གཉིས་ལོ་ཙཱ་ཤེས་ལྔན་མི་སྣ་གསོ་སྐྱོང་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་》བཞག་པ་རེད།Mkf

4.jpgMkf

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།