༄༅།། སི་ཁྲོན་བྲག་མགོ་རྫོང་གིས་བོད་རིགས་ས་ཁུལ་གྱི་བུ་ཕྲུག་ཚོར“ཕུགས་རེའི་ལམ”བཟོས་པ།
སྤེལ་དུས།  2017-08-31  རྡེབ་ཚད།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།   རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་བྲག་མགོ་རྫོང་མཁར་མཉའ་ཤང་རྒྱ་མདའ་གྲོང་ཚོའི་ཆ་ཚང་སློབ་ཆུང་གི་དགེ་སློབ་ཚོས་རླངས་འཁོར་ཤར་གཏོང་ཐུབ་ལ་ཉེ་བའི་ལམ་མཐོང་སྐབས་དགའ་སྤྲོ་ཚད་མེད་བྱེད་བཞིན་ཡོད། ལམ་དེ་ནི་ཁྱིམ་བདག་དང་སློབ་ཕྲུག་དབར་གྱི་སེམས་སྦྲེལ་ལམ་ཞིག་རེད་ལ། དེ་བས་བོད་རིགས་ས་ཁུལ་གྱི་སློབ་ཕྲུག700ལྷག་ཙམ་གྱི“ཕུགས་རེའི་ལམ”ཞིག་ཀྱང་རེད།tAN

བྲག་མགོ་ཆ་སྙོམས་ས་བབ་སྨི3860ཡོད་པའི་ཁྲོན་ནུབ་མཐོ་གྲང་རི་ཁུལ་དུ་ཆགས་ཡོད། ན་ནིང་སྟོན་དུས་སུ་ཁྲེང་ཏུའུ་གྲོང་ཁྱེར་ཅིན་ཅང་ཆུས་ཀྱི་བོད་སྐྱོར་ལས་བྱེད་པ་ཁག་བཞི་པའི་གྲས་ཤིག་ཡིན་པའི་ལེའོ་ཞང་ཝུན་གྱིས་རྫོང་དེའི་སྐུལ་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པའི་གནས་སྦྱར་བྱ་རྒྱུའི་རེ་ཞུ་བྱས།tAN

ལས་གནས་སུ་འབྱོར་མ་ཐག་ཉི་པ་ཤང་ནས་མཁར་གཉའ་ཤང་བར་གྱི་གཞུང་ལམ་དེར་ལེའོ་ཞང་ཝུན་སྣང་བ་ཆེན་པོ་བྱུང་། ད་བྱེད་དུས་ཤང་བགྲོད་ལམ་ནི་མཁར་གཉའ་ཤང་རྒྱ་མདའ་གྲོང་ཚོའི་ཆ་ཚང་སློབ་ཆུང་གི་དགེ་སློབ700ལྷག་ཙམ་གྱིས་བརྒྱུད་དགོས་ངེས་ཀྱི་ལམ་ཞིག་རེད་འདུག “ལམ་དེ་གནམ་དྭངས་དུས་ཐལ་རྡུལ་འཚུབ་པ་དང་ཆར་པ་འབབ་དུས་འདམ་གྱིས་ཁེངས་ཀྱི་ཡོད” ལམ་དེའི་སྔོན་ཆད་གྱི་རྣམ་པ་གླེང་སྐབས་སློབ་གྲྭའི་དགེ་སློབ་དང་ཁྱིམ་བདག་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད། གང་ཡིན་ཞེ་ན། ལམ་ཐག་རིང་ལ་ལམ་བདེ་པོ་མེད་པས་ལོ་དྲུག་བདུན་གྱི་ཕྲུ་གུ་ཚོ་སློབ་གྲྭར་ཞག་སྡོད་བྱེད་དགོས་ཀྱི་ཡོད།tAN

བྲག་མགོ་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཚད་མཐོའི་མཐོང་ཆེན་དང་རྣམ་གྲངས་སྐུལ་སྤེལ་ལྟེ་གནས་ཀྱི་བརྩོན་ལེན་ཧུར་ཐག་འོག ན་ནིང་ལོ་མཇུག་ཏུ་མ་དངུལ་སྒོར་དུང་ཕྱུར་གཅིག་ལྷག་ཙམ་བཏང་ནས་ལམ་ཐིག་ཧྲིལ་པོར་སྤྱི་ལེ49ཡོད་པའི་ཤང་བགྲོད་ལམ་སྐྲུན་འགོ་ཚུགས།tAN

སེམས་སྦྲེལ་ལམ་ཡག་པོ་སྐྲུན་ཆེད་ལེའོ་ཞང་ཝུན་གྱིས་ཁོམ་པ་ཡོད་དུས་ལས་ཡུལ་དུ་ལྟ་བར་འགྲོ་གི་ཡོད། ལམ་གཞི་དང་སྣུམ་ནག་འདིང་བ་ཡིན་ནའང་འདྲ་ཡང་ན་ལམ་ངོགས་ཀྱི་ཆུ་ཡུར་དང་ལྕགས་དྲ་གང་ཞིག་བཟོ་དགོས་རུང་། ཁོང་ངོ་མས་ཞིབ་ཚགས་ངང་འདྲི་བ་དང་ས་ཆ་དངོས་སུ་ལྟ་སྐུལ་བྱེད་ཀྱི་ཡོད། རྒྱུན་དུ་ལེའོ་ཞང་ཝུན་གྱིས“རྐང་ཐང་མར་མང་ཙམ་བསྐྱོད་ནས་མང་ཚོགས་དང་གཅིག་སེམས་གཅིག་སྒྲིལ་བྱེད་དགོས”ཞེས་ཤོད་ཀྱི་ཡོད། ཁོང་གིས་བཤད་པ་བཞིན་དེ་ལྟར་ལག་ལེན་བསྟར་དང་སྟར་མུས་རེད།tAN

མིག་སྔར་ལམ་དེའི་ལམ་གཞི་རྒྱ་མདའ་སློབ་ཆུང་གི་སྒོ་འགྲམ་དུ་བཟོས་ཟིན་པ་དང་ལམ་ངོས་སུ་སྣུམ་ནག་སྤྱི་ལེ30ཙམ་བཏིངས་ཟིན་ཡོད། སློབ་གྲྭ་ཚུགས་ལ་ཉེ་བའི་དགེ་སློབ་ཚོའི་ངོས་ནས་བརྗོད་ན་དེ་ནི་བཀྲ་ཤིས་པའི་བྱ་བ་ཞིག་ཅི་ལ་མིན། ལམ་བཟོས་རྗེས་ཁྱིམ་བདག་དང་ཕྲུ་གུ་ཚོ་ཡང་ཡུན་རིང་ཁ་གྱེས་མི་དགོས་ལ། དགེ་རྒན་གྱི་སྟོབས་ཤུགས་དང་སློབ་ཁྲིད་ཐོན་ཁུངས་དེ་བས་མང་བ་སློབ་གྲྭར་སླེབས་སྲིད། །tAN

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།