༄༅།། སི་ཁྲོན་བོད་ཁུལ་གྱི“སྡེ་བ་གཅིག་ལ་བྱིས་སློབ་ཁང་གཅིག”གི་ལས་ཀ་ཁྱོན་ཡོངས་ནས་སྤེལ།
སྤེལ་དུས།  2017-08-24  རྡེབ་ཚད།   ཡོང་ཁུངས། གངས་ལྗོངས་ཉི་གཞོན།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang

1.jpgrfv

སྤྱི་ཟླ་8པའི་ཚེས་21ཉིན། གསར་འགོད་པའི་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན། ད་ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱིས་སློབ་གསོ་དམངས་འཚོའི་ལས་ཀར་སྐུལ་འདེད་གཏོང་བ་དེ་བོད་ཁུལ་གྱི་དབུལ་སེལ་འགག་སྒྲོལ་གྱི་ལས་ཀ་གལ་ཆེན་ཞིག་ཏུ་བཟུང་ནས་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ལག་བསྟར་བྱས། ལོ་སྟོད་དུ་རང་ཞིང་བོད་ཁུལ་གྱི་སློབ་གསོ་དམངས་འཚོའི་ལས་ཀ་ཁག་བདེ་བླག་ངང་ལག་བསྟར་བྱས་ཤིང་། རྫོང་(གྲོང་ཁྱེར)32ཀྱི་དཔྱིད་ཀའི་དུས་ཚིགས་ཀྱི་སློབ་སྔོན་སློབ་གསོའི་དཔེ་རིན་དང་སློབ་འབྲིང་དཀྱིས་མའི་སློབ་ཡོན། དཔེ་རིན་བཅས་མི་དགོས་པར་བྱས་ཏེ་ལོ་བཅོ་ལྔའི་རིན་མེད་སློབ་གསོའི་སྲིད་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱས། དུས་མཚུངས་སུ། རང་ཞིང་གི་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་ཁྱོན་ཡོངས་ནས་སློབ་མ་རྣམས་ཀྱི་རོགས་སྒྲུབ་སྲིད་ཇུས་ལག་བསྟར་བྱས་པར་མ་ཟད། ལམ་ལུགས་ཀྱི་ངོས་ནས་བོད་ཁུལ་གྱི་སློབ་མ་གཅིག་ཀྱང་ཁྱིམ་ཚང་དཔལ་འབྱོར་གྱི་དབང་གིས་སློབ་བྱོལ་མི་བྱེད་པ་ཁག་ཐེག་བྱས་པ་རེད།།  rfv

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།