༄༅།། རྩོམ་བསྡུའི་བརྡ་སྦྱོར།
སྤེལ་དུས།  2017-08-25  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། མི་གསལ།  རྩོམ་སྒྲིག་པ། lobsang
ཚེ་སྲོག་ལ་གསོན་ཤུགས་རྒྱས་ཤིང་རྣམ་དཔྱོད་ལ་གཤོག་པ་ཐོགས་པའི་ཁ་བ་གངས་རིའི་ལྔོངས་ཀྱི་དམའ་འབྲིང་དང་མཐོ་འབྲིང་གི་སློབ་གྲོགས་ལྷན་རྒྱས་ཀྱི་སྙན་ལམ་དུ་ཞུ་གསོལ།
 
དཔྱིད་ཀྱི་བུ་མོས་སྙན་དབྱངས་སྒྲོག་ཅིང་དབྱར་གྱི་ལྷ་མོས་གར་སྟབས་ངོམས་པའིར་དུས་འདིར། ཡར་ལུང་སོག་ཁ་ནས་ཚེ་སྲོག་འབུས་ཤིང་། ཡར་ཀླུང་གཙང་བོ་ལ་དར་རྒུད་འཐིམས་པའི་རིགས་མཐུན་གྱི་བསིལ་རའི་ལྗོངས་ལ།  ངེད་ཡར་ཀླུང་གཙང་བོ་རྩོམ་སྒྲིག་མཐུན་ཚོགས་ཀྱིས་བྱ་ཁུ་ལོ་སྔོན་མོ་གསུང་སྐད་ཀྱི་གདངས་དབྱངས་གཡར་ནས་༼ཡར་ཀླུང་གཙང་བོ་༽ཞེས་པའི་ལེགས་སྐྱེས་ཀྱི་ལྷ་དར་དཀར་པོ་ཞིག་མི་ཡུལ་གྱི་འཇིག་རྟེན་ལ་ཕུལ་འདོད་ལགས་ལ། ལྷག་པར་འདི་ནི་ཀྲུང་གོ་བོད་ཀྱི་སློབ་འབྲིང་སློབ་མར་ཁ་ཕྱོགས་པའི་རྩོམ་རིག་ཆེད་དེབ་ཅིག་ཡིན་ཏེ། སློབ་འབྲིང་སློབ་མར་བསྐྲུན་པའི་རྩོམ་རིག་གི་གར་སྟེགས་ཤིག་ཏུ་ལགས།  དེ་ཡང་རང་རེའི་བོད་ཀྱི་དུས་དེབ་དང་ལོ་དེབ་གང་དུའང་སློབ་འབྲིང་སློབ་མའི་རྩོམ་རིག་གི་གར་སྟེགས་དེ་ཧ་ཅང་ཉག་ཕྲ་བས་སློབ་མ་མང་པོ་ཞིག་ལ་ཕུགས་བསམ་ཡོད་ཀྱང་དེ་མངོན་གྱུར་བྱུང་སའི་གར་སྟེགས་བཟང་བོ་ཞིག་མེད་པར་བརྟེན། ཆེད་དུ་འདི་ལྟ་བུའི་ལོ་དེབ་ཅིག་བསྒྲུབ་པའི་འཆར་གཞི་བཟོས་པ་ལགས།  
 
༡ཡར་ཀླུང་གཙང་བོའི་རྩོམ་སྒྲིག་ཚན་ཆུང་གི་འཆར་གཞི།
 
 ཀ ཕྱི་ཤོག་སྔུན་མའི་ནང་ངོས་སུ་ཕུལ་བྱུང་སློབ་མའི་འོས་སྦྱོར་འགོད་རྒྱུ།
ཁ། ཕྱི་ཤོག་ཕྱི་མའི་ཕྱི་ངོས་སུ་འཛམ་གླིང་གི་གྲཊ་པར་དང་སྙན་ཚིག་འོས་སྦྱོར་འགོད་རྒྱུ།
ག བོད་ཁུལ་གྱི་ཕུལ་བྱུང་དགེ་རྒན་དང་སློབ་མར་བཅར་འདྲི་བྱས་ཏེ་དུས་དེབ་སྟེང་འགོད་རྒྱུ།
ང་། ལོ་གསུམ་རེའི་ནང་ཕུལ་བྱུང་རྩོམ་པ་བོ་རེར་འོས་སྦྱོར་གྱི་བྱ་དགའི་བདག་རྐྱེནདབུལ་རྒྱུ།
ཅ། སྐབས་བསྟུན་གྱི་རྩོམ་ཡིག་འགྲན་བསྡུར་སྤེལ་རྒྱུ།
 
༢ རྒྱ་ཆེའི་སློབ་གྲོགས་ལྷན་རྒྱས་ཀྱིས་གཤམ་གྱི་ནང་དོན་ལ་དོ་སྣང་མཛོད་རོགས།
 
ཀ རྩོམ་ལུས་ཀྱི་ཐད་ནས་རང་མོས་དང་། བཅད་མ། ལྷུག་རྩོམ། འབོལ་རྩོམ། འཕྲིན་ཡིག སྒྱུར་རྩོམ་བཅས་རྣམ་པ་དྲུག་གི་སྒོ་ནས་བསྡུ་འཆར་ཡོད་ལ།འབོལ་རྩོམ་དང་སྒྱུར་རྩོམ་གཉིས་མཐོ་འབྲིང་གི་བརྩམས་ཆོས་ཡིན་དགོས་པ་ལས་གཞན་དག་མཐོ་དམའ་འབྲིང་ལ་ཁྱད་པར་མེད།
ཁ། བརྩམས་ཆོས་ངེས་པར་ཡིག་ཟམ་བརྒྱུད་ནས་བསྐུར་ལ་ཡིག་གཟུགས་ངེས་པར་ཧི་གཟུགས་ཡིན་དགོས།ད་དུང་བརྩམས་ཆོས་དང་ཞོར་དུ་རྩོམ་པ་བོའི་པར་དང་ངོ་སྤྲོད་མདོར་བསྡུས། འབྲེལ་གཏུག་བྱ་ཡུལ་བཅས་གསལ་བོར་བྲི་དགོས།
ག ནང་དོན་གྱི་ཐད་ནས་ཚད་བཀག་མེད་ལ་ཆབ་སྲིད་དང་མ་འགལ་བ་ཡིན་དགོས།བཤུ་འབྲི་ཡིན་མི་ཆོག་ལ་ཡིག་ནོར་དང་བཏགས་ནོར་ལ་མཉམ་འཇོག་དགོས།
ང སློབ་འབྲིང་སློབ་མར་སྣ་མང་གི་གར་སྟེགས་ཤིག་བསྐྲུན་ཆེད་དུས་དེབ་ཀྱི་ཕྱི་ཤོག་ཕྱི་མའི་ནང་ངོས་སུ་ཡིག་གཟུགས་དང་། རི་མོ། པར་རིས་སོགས་ཀྱང་འགོད་རྒྱུ་ལགས་པས་གང་ལེགས་མཁོ་སྤྲོད་གནང་རོགས།
ཅ། རྩོམ་བསྡུའི་དུས་ཡུན།༢༠༡༧ལོའི་སྤྱི་ཟླ༨པའི་ཚེས་༡ནས་སྤྱི་ཟླ༡༡པའི་ཚེས་༡བར།
ཆ། འཕྲིན་ཡིག་དང་། འབོལ་རྩོམ། བཅད་མ་བཅས་གཤམ་གྱི་ཡིག་ཟམ་ལ་བསྐུར་རོགས། 3058074271@qq.com
ཇ རང་མོས་དང་། ལྷུག་རྩོམ། སྒྱུར་རྩོམ། ཡིག་གཟུགས་དང་། པར། རི་མོ་བཅས་གཤམ་གྱི་ཡིག་ཟམ་ལ་བསྐུརརོགས། 2523769110@qq.com
 
༣ འབྲེལ་གཏུག་བྱ་ཡུལ།
 
གངས་རུ་དར།                            
ཁ་པར་ཨང་གྲངས། 13150055217 
འཕྲིན་ཕྲན། 13519419099              
ཁྱེའུ་འཕྲིན། 3058074271
 
སྐྱ་མདའ།                                  
ཁ་པར་ཨང་གྲངས། 15374476123
འཕྲིན་ཕྲན། 18194169661  
ཁྱེའུ་འཕྲིན། 2523769110
 
མཚོ༒སྨྱུག་འཁྱུག
ཁ་པར་ཨང་གྲངས།15109417429
འཕྲིན་ཕྲན། 15109417429
 
གཡི་རྡོ།
ཁ་པར་ཨང་གྲངས། 18093937991
འཕྲིན་ཕྲན། 18093937991
 
སྐུ་ཉིད་ཡར་ཀླུང་གཙང་བོའི་ཁྱེའུ་འཕྲིན་ཚོགས་པ་རུ་ཞུགས་པར་དགའ་བསུ་ཞུ།
 
ཁྱེའུ་འཕྲིན་ཨང་གྲངས།
325127655
     

བཀྲ་        ཤིས་        བདེ་       ལེགས། DHs

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།