༄༅།། ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་སྨྱན་མང་ཁྲིད་ཆས་འགྲན་སྡུར་སྐབས་གསུམ་པའི་དཔྱད་འདེམ་བྱ་འགུལ་ཁྲོད་ཕུལ་བྱུང་ཁྲིད་ཆས་ཐོབ་ཚུལ་གྱི་ཁྱབ་བསྒྲགས།
སྤེལ་དུས།  2016-07-01  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། བློ་དབང་།  རྩོམ་སྒྲིག་པ། lobsang

捕获.JPG1.JPGNW5

捕获.JPG2.JPGNW5

ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་མཛད་ནས་སྤེལ་བའི་ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་སྨྱན་མང་ཁྲིད་ཆས་འགྲན་སྡུར་སྐབས་གསུམ་པའི་དཔྱད་འདེམ་བྱ་འགུལ་དེ་2016ལོའི་ཟླ5བའི་ཚེས29ཉིན་གྱི་སྔ་དྲོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་བོད་ཡིག་སློབ་འབྲིང་དུ་བདེ་བླག་ངང་མཇུག་སྒྲིལ་རྗེས། ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གིས་ཆོག་མཆན་དང་བཀོད་སྒྲིག་གནང་བ་ལྟར་ང་ཚོས་དེ་རིང་ནས་བཟུང་གཟའ་འཁོར་གཅིག་གི་རིང་ལ་རེབ་འདིའི་བྱ་དགའ་ཐོབ་ཡོད་པའི་ཕུལ་བྱུང་ཁྲིད་ཆས་ལ་ཀྲུང་གོ་བོད་གྱི་སློབ་འབྲིང་དྲ་བར་བརྒྱུད་དེ་ཁྱབ་བསྒྲགས་བྱ་རྒྱུ་ཡིན།    ཁྱབ་བསྒྲགས་བྱེད་པའི་དུས་ཡུན་ནི2016ལོའི་ཟླ7པའི་ཚེས1ཉིན་ནས་2016ལོའི་ཟླ7པའི་ཚེས8ཉིན་བར་ཡིན།   NW5

བྱ་དགའ་ཐོབ་ཚུལ་རེའུ་མིག་གི་ཕབ་ལེན་བྱེད་ས།NW5

བྱ་དགའ་ཐོབ་ཚུལ་རེའུ་མིག་གི་ཕབ་ལེན་བྱེད་ས།.xls
文件类型: .xls c095b6d5e3a67eb97b3edac7849848f4.xls (549.00 KB)

རེབ་འདིའི་ཕུལ་བྱུང་ཁྲིད་ཆས་བྱ་དགའ་ཐོབ་པའི་བརྒྱ་ཆའི་བསྡུར་ཚད་ནི་ཐེངས་འདིར་འབུལ་སྤྲོད་བྱས་ཡོད་པའི་སྨྱན་མང་ཁྲིད་ཆས་1304ཡི་14.3ཡིན་ལ།  གལ་ཏེ་བྱ་དགའ་ཐོབ་ཡོད་པའི་ཁྲིད་ཆས་ལས་བཤུ་བྲིས་རྫུན་མ་དང་ནོར་སྐྱོན་སོགས་ཡོད་ན་རྒྱ་ཆེ་བའི་དགེ་རྒན་རྣམས་ཀྱིས་ཁྱབ་བསྒྲགས་མཚམས་གཅོད་ཀྱི་དུས་ཡུན་སྔོན་དུ་ཀྲུང་གོ་བོད་གྱི་སློབ་འབྲིང་དྲ་བའི་ཆེད་བཀོལ་ཡིག་ཟམ་tibetanms@163.comབརྒྱུད་དེ་ཡིག་ཐོག་ནས་དག་བཅོས་སམ་བསམ་འཆར་བཏོན་པའི་ཡིག་ཆ་སྐུར་བར་འཚལ།  གལ་ཏེ་བཤུ་བྲིས་རྫུན་མ་དང་ནོར་སྐྱོན་སོགས་བསམ་འཆར་མི་མཐུན་པ་མེད་ན་སྔར་ཡོད་ཀྱི་འཆར་གཞི་ལྟར་བྱ་དགའ་གནང་རྒྱུར་མཁྱེན་མཁྱེན།NW5

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།