༄༅།། ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་སྨྱན་མང་ཁྲིད་ཆས་འགྲན་སྡུར་སྐབས་གསུམ་པའི་དཔྱད་འདེམ་བྱ་འགུལ་བདེ་བླག་ངང་མཇུག་བསྒྲིལ་བྱུང་།
སྤེལ་དུས།  2016-06-03  རྡེབ་ཚད།   ཡོང་ཁུངས། བོད་ཀྱི་སློབ་འབྲིང་དྲ་བ།  རྩོམ་པ་པོ། བློ་དབང་།  རྩོམ་སྒྲིག་པ། lobsang

P60528-110817.jpgwNv

IMG_20160528_112650.jpgwNv

P60528-113303.jpgwNv

མཇུག་བསྒྲིལ་ཚོགས་འདུ་ཐོག་འགོ་གཙོ་རྣམས་ཀྱིས་ཕྱོགས་བསྡུས་གསུང་བཤད་གནང་ཡོད་པའི་ཚུལ།wNv

ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གིས་གཙོ་སྒྲུབ་མཛད་ནས་སྤེལ་བའི་ལྗོངས་ཞིང་ལྔའི་བོད་རྒྱ་སྐད་གཉིས་སྨྱན་མང་ཁྲིད་ཆས་འགྲན་སྡུར་སྐབས་གསུམ་པའི་དཔྱད་འདེམ་བྱ་འགུལ་དེ་2016ལོའི་ཟླ5བའི་ཚེས29ཉིན་གྱི་སྔ་དྲོར་སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་རྔ་བ་རྫོང་བོད་ཡིག་སློབ་འབྲིང་དུ་བདེ་བླག་ངང་མཇུག་སྒྲིལ་བྱུང་། wNv
      ཉི་མ་ལྔའི་རིང་ལ་ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་གི་འགོ་གཙོ་དང་དཔྱད་འདེམ་དུ་ཞུགས་པའི་ཆེད་མཁས་དང་དགེ་རྒན་རྣམས་ཀྱིས་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ་འཆར་གཞི་བཀོད་པ་ལྟར་ཐེངས་འདིར་འབུལ་སྤྲོད་བྱས་ཡོད་པའི་སྨྱན་མང་ཁྲིད་ཆས་600ལྷག་ལ་སློབ་ཆུང་བོད་ཡིག་ཚན་ཆུང་དང་། སློབ་འབྲིང་བོད་ཡིག་ཚན་ཆུང་།  རིག་ཚན་ཚན་ཆུང་།  རྩིས་ཚན་ཚན་ཆུང་བཅས་ཁག་བཞིར་བགོས་ཏེ་ལུགས་མཐུན་དྲང་གཞག་དང་ཕྱོགས་ཞེན་མེད་ལ། གཟབ་ནན་ཞིབ་ཚགས་ཀྱི་ངང་ནས་དཔྱད་འདེམ་གནང་ཡོད་པ་ཡིན།wNv
      ཐེངས་འདིའི་བྱ་འགུལ་ཁྲོད་དཔྱད་འདེམ་གནང་ཡོད་པའི་སྨྱན་མང་ཁྲིད་ཆས་བྱ་དགའ་ཐོབ་ཚུལ་གྱི་མཇུག་འབྲས་ནི་ལྗོངས་ཞིང་ལྔའི་བོད་ཀྱི་སློབ་གསོ་མཉམ་ལས་འགོ་ཁྲིད་ཚོགས་ཆུང་གཞུང་སྒྲུབ་ཁང་དུ་གོང་ཞུ་གནང་ཡོད་ལ།  གཞུང་སྒྲུབ་ཁང་འདིས་ཆོག་མཆན་གནང་མཐར་ཀྲུང་གོའི་བོད་ཀྱི་སློབ་འབྲིང་དྲ་བར་བརྒྱུད་དེ་གསལ་བསྒྲགས་བྱེད་རྒྱུ་ཡིན།wNv

P60528-110900.jpgwNv

P60528-111032.jpgwNv

ཚོགས་རའི་ཟུར་ཞིགwNv

支持此新闻
返回首页

དཔྱད་བརྗོད་སྤེལ་བ། ད་ལྟ་བསྡོམས་པའི་དཔྱད་བརྗོད་་ཙམ་སྤེལ་ཡོད། འདི་ནས་གཟིགས།
ར་སྤྲོད་ཨང་། མིང་མེད།
པར་ལྡན་འོས་སྦྱོར།
ནང་དོན་གསར་ཤོས།
རྡེབ་ཚད་མང་ཤོས།
མཉམ་སྤྱོད་བྱེད་གནས།